མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།

༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་། ༢༠༢༥།༠༧། ༠༢ དུས་བབ་ཀྱི་པར།

 ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་དང་བསྟུན་ནས། ཁ་སང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ་སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  འདི་གའི་གསར་འགོད་པས་སིམ་ལ་སྤྱི་ཁྱབ་ལྷག་པ་ཚེ་རིང་ལགས་སུ་ཐེངས་འདིའི་གཟེངས་རྟགས་སྐོར་དྲིས་པར་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་དང་སྟབས་བསྟུན་ནས། མདོ་སྨད་ཆོལ་ཁས་གོ་སྟོན་སྲུང་གཙི་བྱེད་བཞིན་པའི་ཉིན་གསུམ་པར་གཟེངས་རྟགས་ཕུལ་བའི་གོ་སྐབས་གནང་བ་རེད། དེ་ནི་སྐལ་བ་བཟང་བོ་དང་བཀའ་དྲིན་ཆེན་པོ་རེད། ང་ཚོ་སིམ་ལ་བོད་མི་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག་བཀའ་དྲིན་རྗེས་དྲན་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༠༤ ལོར་གོ་བསྡུར་བྱས་ཏེ་ཐག་གཅོད་བྱུང་བ་ལྟར། ༧སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་སླད། ༧རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་དང་། རྗེ་བཙུན་སྒྲོལ་མའི་སྐུ་ཡིད་བཞིན་སྒྲོལ་མའི་མཆོད་སྐོང་རེ་བཅས་ཕུལ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་གཟེངས་རྟགས་ཕུལ་དགོས་དོན་སྐོར་ལ་ཁོང་གིས། སྐུ་ངོ་གསང་བ་ཆེན་མོ་རྒྱལ་ལོ་དོན་འགྲུབ་མཆོག་ནི་བོད་ནང་བཞུགས་སྐབས་ནས་བཟུང་རྒྱ་ནག་དང་། རྒྱ་གར། ཕྱིའི་རྒྱལ་ཁབ་ཁག་ཏུ་འབྲེལ་ལམ་བཙུགས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་གཡས་པ་བཞིན་སྐུ་ཚེ་གང་བོར་ཞབས་འདེགས་བསྒྲུབ་ཡོད། ཐ་ན་ཉེ་ལམ་ཀ་ལུམ་པོང་དུ་སྐུ་གཤེགས་པར་ང་ཚོའི་རྒྱལ་ཁབ་ཆེད་དུ་༧གོང་ས་མཆོག་གི་བཀའ་བཞིན་ཕྱག་ལས་བསྒྲུབ་ཡོད་པ་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་སོགས་ཕྱག་ལས་མང་པོ་གནང་བར་སིམ་ལ་མི་མང་ཡོངས་ཀྱིས་མ་སྐུལ་སེམས་པ་གཅིག་སྒྲིལ་གྱི་ཐོག་ནས་གཟེངས་རྟགས་འབུལ་གཏན་ཁེལ་བ་ཞིག་རེད། དེ་བཞིན་༧སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་གིས་ཀྱང་བཙན་བྱོལ་བོད་མིའི་ཤེས་རིག་ཐོག་སྔོན་འགྲོ་ནས་མཐོ་རིམ་སློབ་གྲྭ་བར་བོད་པའི་སྐད་ཡིག་ཐོག་སློབ་སྦྱོང་བྱ་རྒྱུ་ཡོད་པའི་མཛད་པ་རླབས་ཆེན་བསྒྲུབ་ཡོད། དམིགས་བསལ་བོད་ནས་ཡོད་བའི་ཕྲུ་གུ་རྣམས་དང་རྒྱ་གར་ནང་གི་དཔལ་འབྱོར་ཐོག་དཀའ་ངལ་ཕྲུ་གུ་རྣམས་གསོ་སྐྱོང་བྱས་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་བཞིན་ད་ལྟ་བར་བཀའ་བློན་དང་བོད་ཕྲུག་ཁྱིམ་སྡེ་སོགས་ཐོག་ལས་འགན་བསྒྲུབ་ཡོད་པས། ང་ཚོ་སིམ་ལ་མི་མང་གིས་སེམས་པ་གཅིག་སྒྲིལ་གྱི་ཐོག་ནས་དེ་རིང་འབུལ་གཏན་ཁེལ་བ་རེད། སྤྱིར་ང་ཚོ་གཟེངས་རྟགས་འདི་ཕྱི་ལོ་ ༢༠༢༤ ནས་བཟུང་གྲ་སྒྲིག་བྱས་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་རྒྱལ་ལོ་དོན་འགྲུབ་མཆོག་སྐུ་ཚེ་འཕན་པ་རྫོགས་པ་དང་། ཨ་མ་རྗེ་བཙུན་པདྨ་མཆོག་ལ་དུས་ཚོད་ཀྱི་ཁོམ་པ་མ་བྱུང་པས་ལྷག་པ་རེད། ང་ཚོས་ཡིག་ངག་གཉིས་ཐོག་འབྲེལ་བ་ཞུས་ཏེ། མདོ་སྨད་ཀྱི་གོ་སྟོན་སྐབས་སུ་ཕུལ་ཐུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཨ་མ་རྗེ་བཙུན་པདྨ་མཆོག་གིས་གསར་འགོད་པར། ལོ་གཉིས་ཀྱི་སྔོན་དུ་སིམ་ལ་མི་མང་ཡོངས་ཀྱིས་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་ངེད་གཉིས་ལ་གཟེངས་རྟགས་ཤིག་དབུལ་རྒྱུ་ཡིན་པའི་ཐག་གཅོད་བྱུང་འདུག ང་རང་ད་ལྟ་ལོ་ཆེན་པོ་ཆགས་ཡོད་པས་སིམ་ལ་འགྲོ་བསམ་ཡང་འགྲོ་ཐུབ་ཡོད་མ་རེད། དེ་རིང་གོ་སྐབས་འདི་བརྒྱུད་ནས་སྤྲད་པ་རེད། གཟེངས་རྟགས་སྤྲད་དོན་གཙོ་བོ་བོད་ཕྲུག་ཁྱིམ་སྡེའི་ལས་ཀའི་ཐོག་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་བཀའ་དགོངས་བཞིན་ངས་བོད་ཕྲུག་ཁྱིམ་སྡེའི་ལས་འགན་འཁུར་བ་རེད། ཡིན་ནའང་ལས་བྱེད་མང་པོ་ཞིག་གིས་ད་ལྟ་བར་དུ་དཀའ་ངལ་བརྒྱབ་སྟེ་ཕྲུ་གུ་གྲངས་ ༥༤༠༠༠ ལྷག་ལ་སློབ་སྦྱོང་སྤྲད་ཐུབ་ཡོད་པ་དེར། མི་མང་གིས་དེའི་ཐོག་དཀའ་ལས་བརྒྱབ་པའི་ངོས་འཛིན་གྱི་ཐོག་ད་ལན་གཟེངས་རྟགས་སྤྲད་པ་ཞིག་རེད། ཅེས་གསུངས་སོང་།

 གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese