འུ་ཐུག་པའི་འཛམ་གླིང་།

 

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐོང་གི་ཕྱོགས་བསྡོམས་སྙན་ཞུ་དེ་ ༢༠༠༩ ལོའི་སྤྱི་ཟླ་ ༢ པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཚོགས་སྐབས་འབྱོར་རྒྱུ་རེད་ལ།  དེ་དུས་གཞི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ ཐོབ་ཐང་གི་གནད་དོན་སྐོར་ལ་རྟོག་ཞིབ་ཚོགས་ཆུང་བཙུགས་ནས་ཉམས་ཞིབ་བྱ་གི་རེད་བསམ་གྱིན་ཡོད།

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེདའགྲན་དེ་ངོ་རྒོལ་དང་ཁྲིམས་འགལ་གྱི་བར་ནས་ཚོགས་སོང་ལ། རྒྱ་ནག་གི་གདོང་འབག་མཐུག་པོ་དེས་འཛམ་གླིང་མི་དམངས་འུ་ཐུག་ཐབས་ཟད་དུ་བཏང༌། སྐབས་འདི་འདྲ་ཞིག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ལ་རྒོལ་བའི་ཚོགས་ཆུང་གིས། ད་ལོའི་གསུམ་བཅུའི་དུས་དྲན་རྗེས་སུ་འཛིན་བཟུང་བྱས་པའི་བོད་མི་ཚོར་རྒྱ་ནག་གིས་གསང་བའི་ཐག་གཅོད་གང་འདྲ་བྱས་ཡོད་མེད་དང༌། ཁྲིམས་འགལ་གྱི་བྱས་ཉེས་ཅི་ཡིན། ཁྲིམས་རྩོད་པ་སུ་ཡིན་དང་བོད་མི་ཚོ་རང་གི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་བཅུག་ཡོད་མེད། གྱོད་དོན་དེ་དག་གི་ཐད་ལ་བསྐྱར་ཞིབ་དང༌། རྟོག་ཞིབ་ཚོགས་ཆུང་བཙུགས་ཡོད་མེད་སོགས་ཀྱི་སྐོར་ལ་འདྲི་རྩད་བྱས་ཡོད་འདུག  འདིའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཔེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་སུ་འདི་གའི་གསར་འགོད་པས་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐོང་གི་ཕྱོགས་བསྡོམས་སྙན་ཞུ་དེ་ ༢༠༠༩ ལོའི་སྤྱི་ཟླ་ ༢ པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཚོགས་སྐབས་འབྱོར་རྒྱུ་རེད་ལ།  དེ་དུས་གཞི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་རྟོག་ཞིབ་ཚོགས་ཆུང་བཙུགས་ནས་ཉམས་ཞིབ་བྱ་གི་རེད་བསམ་གྱིན་ཡོད།  ང་ཚོའི་ངོས་ནས་འགན་དང་ཉམས་ཞིབ་ཡོད་པའི་ཐོག་ནས་བོད་དུ་འབྱུང་བཞིན་པའི་གནད་དོན་ཁག་ལ་རྟོག་ཞིབ་བྱས་ཏེ་ཁུངས་ལྡན་གནས་ཚུལ་མཁོ་འདོན་བྱ་རྒྱུ་དང༌། འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང༌། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཆེ་ཆུང་ཚང་མར་སྙན་ཞུ་དང་ཞུ་གཏུགས་ཡི་གེ་ཕུལ་ཏེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དུ་འཇུག་རྒྱུ་དང༌། ལྷག་པར་དུ་མཇུག་སྒྲིལ་སླ་བ་དེ་འདྲ་མ་ཡིན་པའི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་སོགས་ཡིན། རྒྱལ་སྤྱིའི་གནོན་ཤུགས་ཀྱིས་ཏག་ཏག་ཕན་ཐོག་གི་རེད་བསམ་གི་ཡོད། ཅེས་གསུངས་བྱུང༌།

ཡང་འདི་གའི་གསར་འགོད་པས། ད་ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཉེན་ཚབས་ཆེ་ཤོས་དེ་གང་མཐོང་གི་ཡོད་མེད་དྲིས་ོར་ཁོང་གིས། དགོན་སྡེ་ཁག་གི་ནང་དུ་རྩ་ཁྲིམས་གཏན་འབེབས་བྱས་ཏེ། ཆོས་པ་ཚོར་སེམས་ཀྱི་དཀའ་ངལ་དང༌། གནོན་ཤུགས་ཐེབས་པ་འདི་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་ནས་བཤད་ན།  ནོར་འཁྲུལ་ལམ་ཡང་ན་ཁྲིམས་འགལ་གྱི་ཉེས་པ་ཚབས་ཆེན་ཞིག་ཡིན། ལྷག་པར་དུ་ད་ལོར་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དྲག་པོའི་སྒོ་ནས་རྡོག་རོལ་བཏང་བའི་ས་ཁུལ་མང་དུ་སོང་བ། རྡོག་རོལ་ཐེབས་པའི་མི་འབོར་གྱི་གཞི་རྒྱ་ཆེ་རུ་སོང་བ་བཅས་རེད། ཅེས་གསུངས་བྱུང༌།

འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མཉམ་དུ་རིག་གཞུང་ལ་གནོད་སྐྱོན་ཐེབས་པའི་ཕྱོགས་དྲིས་སྐབས། ཁོང་གིས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་སྟེ། བོད་ཀྱི་བུད་མེད་ཚོའི་སྐྱེས་སྒོ་འགོག་པ་འདིས་བོད་མི་རིགས་ཀྱི་མི་འབོར་འཕེལ་ཚད་ལ་གནོད་ཀྱི་ཡོད་པ་དང༌། མི་དམངས་ཀྱི་འདོད་པར་མ་ལྟོས་པར། ཞིང་འབྲོག་གི་འཚོ་བར་བསྒྱུར་བཅོས་གཏོང་བཞིན་པ་འདིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་ང་ཚོའི་འཚོ་སྡོད་རིག་གནས་ལ་གཏོར་སྐྱོན་བཏང་བ་སོགས། དཔེ་གཅིག་གི་ངོས་ནས་ང་ཚོས་རིག་གཞུང་ཉམས་རྒུད་དུ་འགྲོ་བའི་གནད་དོན་ཛ་དྲག་ཅན་ཞིག་མཐོང་བ་ནི། རྒྱ་ནག་གིས་དཔལ་འབྱོར་གྱི་གྱོང་གུད་ལ་མ་ལྟོས་པར་བོད་དུ་ལྕགས་ལམ་བཟོས་ཏེ་ཆབ་སྲིད་ཀྱི་ངོ་བོ་ཆེན་པོ་ཅིག་བསྐྲུན་ཡོད། རྒྱ་མི་རིགས་བོད་དུ་སྐྱེལ་འདྲེན་བྱས་ཏེ་གཞིས་ཆགས་སའི་ཆ་རྐྱེན་བསྐྲུན་གྱིན་ཡོད་པ་རེད། མི་འབོར་གྱི་གྲངས་ཀས་བོད་རིགས་ཚོ་གྲངས་ཉུང་ལ་གྱུར་ཏེ་རང་མི་རིགས་ཀྱི་སྐད་ཡིག་དང༌། རིག་གཞུང་གི་ངོ་བོ་བརླག་འགྲོ་གིན་ཡོད། འདི་ཡང་རང་གི་ཡུལ་ནས་རང་ཉིད་ལ་ཐོབ་ཐང་ཆ་ཚང་མ་སྤྲད་པས་རེད། ཅེས་གསུངས་བྱུང༌།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply