བླ་བྲང་གི་ཆུ་ལོག

ལོ་རྒྱུས་ཐོག་བླ་བྲང་ལ་ཆུ་ལོག་ཐེངས་གཉིས་མ་གཏོགས་བྱུང་མྱོང་མེད་ཅེས་རྒན་རྒོན་འགའ་རེས་གླེང་གི་འདུག གཅིག་ནི་སྔོན་ཆད་ཅིག་ལ་བྱུང་ཞིང་། ཅིག་ཤོས་དེ་ཁ་སང་གི་ཆུ་ལོག་རེད། ཆུ་ལོག་གིས་ཁྱིམ་ཚང་སྐོར་ཞིག་གི་ཁང་བ་བཤིགས་ཤིང་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བྱུང་། གོ་ཐོས་ལྟར་ན་ཐེངས་འདིའི་ཆུ་ལོག་གི་ཁྲོད་མི་གསུམ་ཤི་སོང་བ་དང་། མི་གཅིག་གར་སོང་ཆ་མེད་དུ་གྱུར་འདུག་ཟེར། གང་ལྟར་རྡི་ཚ་ཚང་ཟེར་བའི་མཐའ་བ་གོང་མའི་ཁྱིམ་ཚང་ཞིག་གི་རྒན་མོ་དང་བྱིས་པ་སློབ་གྲྭར་འགྲོ་བཞིན་པ་ཞིག་ཡོད་པ་གཉིས་ཆུས་ཁུར་ཞིང་། བྱིས་པའི་བེམ་པོ་ད་དུང་རྙེད་མི་འདུག་ཟེར། ད་དུང་སྲང་ལམ་དུ་བྱེ་མ་དང་འདམ་གྱིས་བཀང་འདུག་པས་གླ་གཏོང་རླངས་འཁོར་ཆུང་བ་སོགས་རྒྱུགས་གི་མི་འདུག གཞན་རྒན་གྱ་སོགས་ནས་ཁྱིམ་ཚང་སྐོར་ཞིག་གི་ར་བ་བཤིག་འདུག་ཟེར་བ་ལས་ཤི་སྐྱོན་ཐེབས་མེད་ཚུལ་འདུག

གནས་ཚུལ་མཁོ་སྤྲོད་པ། ཀླུ་འབ྄ུམ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply