ལོ་ཚོད་ལ་ཞིབ་བཤེར།

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་གསེར་གྱི་རྟགས་མ་ཐོབ་མཁན་རྒྱ་ནག་གི་བུད་མེད་མཉེན་སྟོབས་ Gymnasts རུ་ཁག་ནི་ཨོ་ལིམ་པིག་རྩེད་འགྲན་ནང་ཞུགས་རྒྱུའི་ལོ་ཚོད་ཟིན་ཡོད་མེད་ཞིབ་འཇུག་བྱེད་གི་ཡིན་ལ། གནས་ཚུལ་མང་བོ་ཞིག་ཇེ་གསལ་དུ་ཡོང་གི་རེད་ཟེར།

གལ་སྲིད་དོགས་པ་ཡོད་པ་དང་ང་ཚོར་སེམས་ཁྲལ་ཡོད་པ་ཞིག་ཡིན་ན། ང་ཚོས་ལུས་རྩལ་གྱི་འཛིན་སྐྱོང་ཚོགས་པར་བཤད་དེ་རྟོག་ཞིབ་བྱེད་རོགས་ཞུ་གི་ཡོད། ཅེས་ཕྱི་ཚེས་ ༢༢ ཉིན་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་མགྲིན་ཚབ་མ་ རྗེ་སེལ་ལེ་ ཌེ་ཝི་སུ་ཡིས་བཤད་ཡོད་པ་རེད།

ཉུང་མཐར་ཡང་རྒྱ་ནག་གི་བུ་མོ་གསུམ་གྱི་ལོ་ཚོད་ལ་ཟླ་ཤས་རིང་ནས་གླེང་ཕྱོགས་ཡོང་ཡོད་པ་དང་། དྲ་ཐོག་གི་ཚིག་ཐོ་དང་གསར་ཤོག་ལས་བསམ་ཚུལ་བཏོན་པ་ལྟར་ན། རྒྱ་ནག་གི་བུ་མོ་གསུམ་སྟེ། ཧུ་ཁུ་ཞིན། ཅང་ཡུ་ཡོན། ཅང་ཡེ་ལིན་བཅས་ནི་ལོ་ ༡༤ ལའང་ཟིན་མེད་མཁན་གྲས་ཡིན་པ་དང་། ཡིན་ནའང་། རྒྱ་ནག་གི་ཐོངས་ཆེན་ལག་འཁྱེར་གྱི་སྟེང་ནས་ཁོང་ཚོའི་ལོ་ཚོད་ཨོ་ལིམ་པིག་རྩེད་འགྲན་ལ་ཞུགས་ཆོག་པ་ཞིག་བྲིས་ཡོད་འདུག སྒྲིག་གཞི་ལྟར་ན། མཉེན་སྟོབས་ལུས་རྩལ་ནང་ཞུགས་མཁན་ཞིག་ཡིན་ན་མ་མཐར་ཡང་ལོ་ ༡༦ ལ་ཟིན་དགོས་ཀྱི་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ལོ་ཚོད་ལ་ཞིབ་བཤེར།

  1. རྭ་རྒྱ་བློ་དབང་།

    མ་གཞི་ནས་རྒྱ་མི་རིགས་ནི་མཉེན་རྩལ་ལ་བྱང་ཆ་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། ལུས་རྩལ་བ་ལོ་ཆུང་མིན་ན་ཡང་མཉེན་རྩལ་རྩེ་ཕུད་རེ་ཡོད་པ་ནི་སྨོས་ཅི་དགོས། ལུས་རྩལ་བའི་ལོ་ཚད་ཙམ་ནི་གླེང་རྙོག་ཆེན་པོ་ཞིག་ཡིན་མི་སྲིད་ལ། བོད་མི་ཞིག་ལ་མཚོན་ན་གནས་ཚུལ་འདི་ནི་འབྲེལ་མེད་དོན་གཞན་ཞིག་དང་། རེ་དོགས་བྱ་དགོས་ས་ཞིག་གཏན་ནས་མ་རེད།