མཛད་འཆར་ཕྱིར་འཐེན།

༧གོང་ས་མཆོག་ཡུལ་ལུང་གང་སར་ཆིབས་བསྒྱུར་གནང་སྟེ་འགྲོ་དོན་གྱི་ཆེད་དུ་སྐུ་ངལ་གསོ་ཁོམ་མ་བྱུང་བས། ཉིན་གཉིས་ཀྱི་ནང་སྐུ་ཁམས་ཅུང་ཟད་བདེ་མིན་ཙམ་བྱུང་བ་དང༌། ཚེས་ ༢༨ ཉིན་མཱམ་བྷེ་ལ་སྐུ་ཁམས་བརྟག་དཔྱད་མཛད་པར་ཕེབས་ཡོད།

ཚེས་ ༢༧ ཉིན་སྐུ་སྒེར་ཡིག་ཚང་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྦེལ་བའི་ནང༌། ༧གོང་ས་མཆོག་སྔ་གཞུག་ཏུ་འཛམ་གླིང་གི་ཡུལ་ལུང་གང་སར། ཆོས་ཞུ་བ་སོགས་གཙོ་བྱས་པའི་མི་སྣ་གང་མང་ལ་མཇལ་འཕྲད་གནང་བ་དང༌། འགྲོ་དོན་གྱི་ཆེད་དུ་སྐུ་ངལ་གསོ་ཁོམ་མེད་པར་ཆོས་གསུངས་པ་དང༌། བདེན་དོན་བསྒྲགས་ཏེ་བོད་མིའི་སྐྱིད་སྡུག་གླེང་བ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པར་བསྟེན། ད་ལམ་ཉིན་གཉིས་ཀྱི་རིང་༧གོང་ས་མཆོག་གི་སྐུ་གཟུགས་བདེ་མིན་ཅུང་ཙམ་བྱུང་བ་དང༌། སྐུ་བཅར་སྨན་པ་ཚོས་བརྟག་དཔྱད་བྱས་འབྲས་ལ། སྐུ་ངལ་ཆེ་དྲགས་པའི་མངོན་ཚུལ་ཡོད་པས་སྐུ་ལྷོད་གཞུགས་གནང་གལ་ཆེ་བའི་གསོལ་འདེབས་ཞུས་ཡོད་པ་རེད།  དེ་བས་སྤྱི་ཟླ་ ༩ བར་མེ་ཁུ་སི་ཁོ་དང༌། ཌོ་མེ་ནེ་ཁན་སྤྱི་མཐུན་རྒྱལ་ཁབ་སོགས་གཙོ་བྱས་པའི་བདུན་ཕྲག་གསུམ་རིང་གི་མཛད་འཆར་ཕྱིར་འཐེན་གནང་ཡོད་པ་རེད་ལ། དགུང་ལོ་ ༧༣ ལ་ཕེབས་ཡོད་པའི་༧གོང་ས་མཆོག་ཚེས་ ༢༨ ཉིན་མུམ་བྷེ་ལ་སྐུ་ཁམས་བརྟག་དཔྱད་མཛད་པར་ཕེབས་ཡོད་པ་རེད། 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply