མི་རིགས་དང་སྤྱི་ཚོགས་ཀྱི་ཁེ་ཕན་དང་པོ་ཡིན།

བོད་མིའི་དམངས་གཙོའི་ཆབ་སྲིད་ཀྱི་གནས་བབ་དང༌། དེའི་ཞན་ཆ། བོད་མི་སྤྱི་དང༌། ཁྱད་པར་བཙན་བྱོལ་བོད་མིའི་ངེས་པར་དུ་བསྒྲུབ་དགོས་པའི་ལས་འགན་སོགས་ལ་གཞུང་འབྲེལ་ཡིན་མིན་གྱི་ཚོགས་པ་དང༌། སྤྱི་སྒེར་སུ་ཡིན་རུང་སྒེར་དང་ཚོགས་པ་ཡི་ཁེ་ཕན་ལས་མི་རིགས་སྤྱི་དང༌། སྤྱི་ཚོགས་ཀྱི་ཁེ་ཕན་གལ་ཆེ་བར་བརྩི་དགོས་པ་སོགས། འགལ་ཟླའི་སྟོབས་ཤུགས་ལ་གདོང་ལེན་ཆེད་བོད་མིའི་ནུས་ཤུགས་ཆིག་བསྒྲིལ་དགོས་པ་ནན་བརྗོད་བྱས་ཡོད།

    ཚེས་ ༢ ཉིན་གྱི་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་ཐོག་དམངས་གཙོའི་དུས་དྲན་ཐེངས་ ༤༨ སྲུང་གཙི་བྱས་ཡོད་པ་དང༌། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་དོན། བོད་མིའི་དམངས་གཙོའི་ཆབ་སྲིད་ཀྱི་གནས་བབ་དང༌། དེའི་ཞན་ཆ། བོད་མི་སྤྱི་དང༌། ཁྱད་པར་བཙན་བྱོལ་བོད་མིས་ངེས་པར་དུ་བསྒྲུབ་དགོས་པའི་ལས་འགན་སོགས་ལ་གཞུང་འབྲེལ་ཡིན་མིན་གྱི་ཚོགས་པ་དང༌། སྤྱི་སྒེར་སུ་ཡིན་རུང་སྒེར་དང་ཚོགས་པ་ཡི་ཁེ་ཕན་ལས་མི་རིགས་སྤྱི་དང༌། སྤྱི་ཚོགས་ཀྱི་ཁེ་ཕན་གལ་ཆེ་བར་བརྩི་དགོས་པ་སོགས། འགལ་ཟླའི་སྟོབས་ཤུགས་ལ་གདོང་ལེན་ཆེད་བོད་མིའི་ནུས་ཤུགས་ཆིག་བསྒྲིལ་དགོས་པ་ནན་བརྗོད་བྱས་ཡོད་པ་དང༌། དམངས་གཙོའི་སྤྱི་ཚོགས་ཚད་ལྡན་ཡོང་བར་ཕོ་མོ་འདྲ་མཉམ་གྱི་གནས་བབ་སྤྱི་དང༌། ཁྱད་པར་འཛིན་སྐྱོང་དང་ཆབ་སྲིད་ཀྱི་ལས་དོན་ཐོག་བུད་མེད་ཀྱིས་མཉམ་ཞུགས་འདྲ་མཉམ་དགོས་པ་ཤིན་ཏུ་གལ་ཆེ། ཆབ་སྲིད་དང༌། འཛིན་སྐྱོང་ནང་དངོས་སུ་ཞུགས་མཁན་གྲས་སུ་ཕོ་མོ་གྲངས་འབོར་མི་མཚུངས་པའི་གནས་ཚུལ་ཡོད་སྟབས། འབྱུང་འགྱུར་གྲངས་འབོར་མཚུངས་པ་ཡོང་ཐབས་བྱ་གལ་ཆེ་བས། བཀའ་ཤག་གིས་དེའི་ཆེད་རིང་མིན་བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས་ཀྱི་སྲིད་བྱུས་གཏན་འབེབས་བྱ་རྒྱུ་ཡིན་པས་ཚང་མས་མཐུན་འགྱུར་གནང་རྒྱུའི་རེ་བ་ཞུས་ཡོད་ལ། མི་ལོ་ ༦༠ ཉེ་བར་བོད་ནང་གི་བོད་མི་ཚོ་བཙན་གནོན་འོག་འཚོ་བ་སྐྱེལ་བ་དང༌། རང་གི་མི་རིགས་དང་རིག་གཞུང་གི་ཆེད་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཚོར་གུས་འདུད་ཀྱང་ཞུས་ཡོད།  སྤྱི་འཐུས་ཀྱི་གསུང་བཤད་དུ།     བཙན་བྱོལ་བོད་མི་ཚོས་དམངས་གཙོའི་ཐོབ་ཐང་བེད་སྤྱོད་བྱེད་པ་དང་མཉམ་དུ་ལས་འགན་འཁྱེར་དགོས་པ་གལ་ཆེན་ཡིན་པ་དང༌། བོད་ནང་གི་བོད་མི་ཚོར་རང་དབང་དང་དམངས་གཙོའི་ཐོབ་ཐང་ལག་ལེན་བྱེད་ཐབས་མེད་པར་ད་དུང་ཡང་རྒྱ་ནག་གི་དྲག་གནོན་ལ་གདོང་ལེན་བྱེད་ཀྱིན་པ་དང༌། བཙན་བྱོལ་བོད་མིས་ལས་འགན་མི་འཁུར་བ་དང༌། རྡོག་རྩ་གཅིག་སྒྲིལ་མི་བྱེད་པ། ཕྱི་རྒྱལ་སོགས་སུ་འགྲོ་རྒྱུའི་གོ་སྐབས་བཙལ་ནས་བསྡད་ན་གཞིས་ལུས་མི་མང་གིས་རང་སྲོག་དོར་ནས་མི་རིགས་བསམ་བཞིན་པར་བློ་ཕམ་འབྱུང་རྒྱུ་ལས་མེད་པས་ཚང་མས་དེ་དོན་ཐུགས་སྣང་དགོས་པ་དང་། ལོ་རྗེས་མར་བོད་མི་བཙན་བྱོལ་དུ་གྱར་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུ་དང༌། ༢༠༡༠ ལོར་བོད་གཞུང་མང་ཡོངས་ཀྱི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་བཟང་ལ་གྱུར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་གཟབ་རྒྱས་ཞུ་རྒྱུ་ཡིན་པ་བཅས་སོགས་གསུངས་སོང་།

    དུས་དྲན་ཐོག་ཏུ་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ་ནས་བཟུང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཀྱི་ཡིག་རྒྱུགས་ནང༌། སློབ་ཚན་སྡེ་ཁག་གསུམ་ནས་ཤེས་ཡོན་རྩེ་ཕུད་སོན་པ་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་པ་གནང་སྲོལ་ཡོད་པ་བཞིན། བཀའ་བློན་ཁྲི་ཚབ་མཆོག་ནས་ཚོང་རིགས་སྡེ་ཁག་གི་མ་སུ་རི་སློབ་གྲའི་སློབ་མ་ངག་དབང་དབྱངས་འཛོམས་དང༌། བྷེལ་ཀོབ་ཀྱི་སློབ་མ་ཐུབ་བསྟན་རིག་འཛིན། སྒྱུ་རྩལ་སྡེ་ཁག་གི་གོ་པ་པིལ་སློབ་མ་བསོད་ནམས་སྒྲོལ་དཀར་བཅས་ལ་གཟེངས་རྟགས་གནང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply