ཨ་རི་སྒྱུར་བཅོས་ཆེན་མོ།

ཛ་དྲག་གི་ཨ་རིའི་སྲིད་འཛིན་འོས་འདེམས་ཆེན་མོའི་འགྲན་རྩོད་ཁྲོད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ར་ཨོ་བྷ་མ་ལ་རྒྱལ་ཁ་ཐོབ་མ་ཐག ཁོང་གིས་བརྗོད་རྒྱུར། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོས་བསྡུ་ཡི་གྲུབ་འབྲས་འདི་བརྒྱུད་དེ། ཨ་རིའི་ནང་སྒྱུར་བཅོས་ཆེན་པོ་ཞིག་གཏོང་མགོ་བཙུགས་ཡོད་ཟེར།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་ཨ་རིའི་ཐེངས་ ༤༤ བའི་སྲིད་འཛིན་འོས་བསྡུ་ཡི་ཛ་དྲག་གི་འགྲན་རྩོད་ཁྲོད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ར་ཨོ་བྷ་མ་ལ་འོས་གྲངས་བརྒྱ་ཆ་ ༥༢ དང༌། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རྗིང་མེ་ཁིན་ལ་འོས་གྲངས་བརྒྱ་ཆ་ ༤༦ བྱུང་སྟེ། མཐའ་མའི་རྒྱལ་ཁ་དེ་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ར་ཨོ་བྷ་མ་ལ་ཐོབ་སྟེ། ཨ་རིའི་ལོ་རྒྱུས་ནང་ཤ་མདོག་ནག་པོའི་མི་རིགས་ཤིག་ལ། སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད། བྷ་ར་ཨོ་བྷ་མ་ནི་དགུང་ལོ་ ༤༧ ཡིན་ཞིང་ཨ་རིའི་སྲིད་འཛིན་རིམ་པ་ ༤༤ དེ་ཆགས་ཡོད་ལ། ལོ་རྗེས་མའི་སྤྱི་ཟླ་ ༡ ཚེས་ ༢༠ ནས་དངོས་སུ་སྲིད་འཛིན་གྱི་ལས་འགན་བཞེས་རྒྱུ་ཡིན་འདུག ཁ་སང་ཨོ་བྷ་མ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་མ་ཐག ཁོང་གིས་དེར་ཡོད་ཨ་རིའི་མི་དམངས་ཉིས་འབུམ་བཞི་ཁྲི་ ༢༤༠༠༠༠ ལྷག་ལ་གསུང་བཤད་གནང་དོན། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོས་བསྡུ་ཡི་གྲུབ་འབྲས་འདི་བརྒྱུད་དེ། ཨ་རིའི་ནང་སྒྱུར་བཅོས་ཆེན་པོ་ཞིག་གཏོང་མགོ་བཙུགས་ཡོད། ད་ལྟའི་ཆར་ང་ཚོར་ལས་འགན་ཆེན་པོ་དང༌། དཀའ་ངལ་མང་པོ་ཞིག་ཡོད་ནའང་དེ་དག་ལ་གདོང་ལེན་དང་སྒྱུར་བཅོས་ཀྱི་སེམས་ཤུགས་ཀྱང༌། བདག་ལ་དེ་རིང་ལས་ཆེ་བ་ཞིག་ནམ་ཡང་སླེབས་མྱོང་མེད། ང་ཚོ་ཚང་མས་ཁུར་མཉམ་ལེན་གྱིས་དེ་དག་བདེ་བླག་ངང་འགྲུབ་ཐུབ་པར་ཡིད་ཆེས་ཡོད། ཅེས་བརྗོད་ཡོད་ལ། སྐབས་དེར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རྗིང་མེ་ཁིན་གྱིས་ཀྱང༌། ཐེངས་འདིར་བདག་ལ་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་པ་དེ་ང་ཚོས་ཤོག་ཁག་དང་རྒྱབ་སྐྱོར་བ་ཚོས་ཧུར་ཐག་གིས་མ་འདང་བ་མིན་པར། མིན་པར་ང་རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་གིས་མ་འདང་བ་རེད། ཨ་རིའི་མི་དམངས་ཀྱིས་སེམས་ཐག་གཅོད་པོས་སྐུ་ཞབས་ཨོ་བྷ་མ་ལ་རྒྱབ་སྐྱོར་བྱས་ཡོད་སྟབས། ཉི་མ་དེ་རིང་ནས་བཟུང་ང་ཚོ་ཨ་རིའི་མི་དམངས་ཀྱི་སྲིད་འཛིན་བྷ་ར་ཨོ་བྷ་མ་ཡིན། ང་རང་གི་སྲིད་འཛིན་བྷ་ར་ཨོ་བྷ་མ་ཡིན། ཞེས་བརྗོད་ཡོད།

ཐེངས་འདིར་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཨོ་བྷ་མ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་མ་ཐག་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འཚམ་འདྲིའི་གློག་འཕྲིན་བཏང་ཡོད་པ་དང༌། ཕྱི་ཚེས་ ༥ ཉིན་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་ཀྱང༌། བཙན་བྱོལ་བོད་གཞུང་གི་ཚབ་བྱས་ཏེ། ཨ་རིའི་སྲིད་འཛིན་གསར་བ་ཨོ་བྷ་མ་ལའཚམ་འཕྲིན་ཞིག་སྐུར་ཡོད་པ་དང༌། འཚམ་འཕྲིན་དེའི་ནང༌། ཨོ་བྷ་མཱ་ཡི་སྙིང་སྟོབས་དང་ཤེས་རབ་ཀྱིས་ཨ་རིའི་རྒྱལ་ཁབ་འདི་ལེགས་བཅོས་དང་ཞི་བདེ། རླབས་ཆེན་གྱི་འཕོ་འགྱུར་གསར་བ་ཞིག་འབྱུང་བར་སྨོན་འདུན་ཞུས་ཡོད། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝོན་ཅ་པའོ་གཉིས་ཀྱིས་ཀྱང་གློག་འཕྲིན་བཏང་ཡོད་ལ། ཧུའུ་ཅིན་ཐའོ་ཡི་གློག་འཕྲིན་ནང༌། རྒྱ་ནག་གཞུང་དང་ང་རང་ཉིད་ཀྱིས་ནམ་ཡང་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་ཆ་མཐོང་ཆེན་པོ་བྱེད་ཀྱིན་ཡོད་ལ། ལོ་རྒྱུས་ཀྱི་དཀྱོག་མཚམས་གསར་བའི་ཁྲོད་ངེད་གཉིས་མཉམ་འབྲེལ་ཡོང་བར་རེ་སྒུག་བྱས་ཡོད། ཅེས་བཀོད་འདུག

བྷ་ར་ཨོ་བྷ་མ་ཡི་ཕ་ལགས་ནི་མི་རིགས་ཤ་མདོག་ནག་པོ་དང་མ་ལགས་ནི་མི་རིགས་ཤ་མདོག་དཀར་པོ་གཉིས་ཀྱི་བུ་རུ་ ༡༩༤༡ ལོར་ཨ་རིའི་ཧ་ཝ་ཡེ་ཞེས་པའི་མངའ་སྡེ་ནང་འཁྲུངས། དེ་ནས་ཧ་ཝ་ཡེ་དང་ཧིན་རྡི་ཉེ་ཤི་ཡ་སོགས་ནས་ཚར་ལོངས་བྱུང་ཞིང༌། ཨ་རིའི་ཀོ་ལོན་བྷེ་ཡ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱས་ཡོད་པ་དང༌། རྗེས་སུ་ཨ་རིའི་ཧ་ཝ་ཊི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་ལ་སློབ་སྦྱོང་བྱས་ཤིང༌། ༢༠༠༤ ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་འོས་འདེམས་བྱུང་ཡོད།

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

11 thoughts on “ཨ་རི་སྒྱུར་བཅོས་ཆེན་མོ།

  1. དགོངས་དགས་གྲོགས་པོ་འཁྱམས་པོ་ལགས། ངས་ཁྱེད་རང་གིས་ང་ལ་ཟུར་ཟ་བྱེད་གིས་ལར་ནས་ཞུ་གིས་མེད།

  2. དྲ་གྲོགས་བསོད་ལགས། ངས་ཤོད་རྒྱུ་དེ་ཡང་། འཛུབ་མོ་ལྔ་བོ་དེ་ཆིག་སྒྲིལ་དགོས་པ་ལས་དེ་ལས་འཛུབ་མོ་གཅིག་ལ་རྨས་སྐྱོན་ཡོད་མེད་ཤོད་ཀྱིན་མེད། ད་དུང་ཁྱེད་ཀྱིས་་སྔོན་ཤྱཀ་ཐུབ་པས་ཡང་ཕ་དང་མ་ནི་བསད་བྱ་ཡིན་གསོངས་པ་་་ཞེས་པ་དེས་བསྟན་དོན་དེའང་བརྗོད་བྱ་འདི་འདྲ་ཞིག་ལ་བསྟན་པ་ཨེ་ཡིན་ནམ་སྙམ།
    གང་ལྟར་ངས་ཁྱེད་ལ་ཕོག་ཐུགས་རེ་བཟོས་ཡོད་ན་དགོངས་དྭགས་ཞུ། ང་ནི་འཁྱམས་པོ་ཞིག་གིས་ཟོལ་སྟོད་དང་ངོ་སོའི་རྒྱན་ཚིག་དེ་འདྲ་བཤད་ཤེས་ཀྱིན་མེད་ལ་ཤོད་རྒྱུར་ཡང་མི་འཐད་སེམས་ལ་བསམ་པ་དེ་ཁ་ནས་ཤོད་པའི་དྲང་བདེན་པ་དག་ལ་དགའ་ལ་རང་ཡང་དེས་ཁུངས་སུ་རྟོགས། ད་དུང་གོང་འཁོད་ཀྱི་དམིགས་དོན་གཙོ་བོ་དེའང་ཁྱེད་ལ་བརྗོད་བྱ་དེ་ཁ་ཇེ་གསལ་དུ་ཅུང་ཙམ་གཏོང་འདོད་པ་ལས་ཟུར་ཟ་དང་ཕོག་ཐུགས་ཤིག་གཏོང་འདོད་པ་རྩ་བ་ནས་མིན། མ་ཟད་ང་དྲ་ཐོག་འདིར་ཡོང་དོན་ཡང་དྲ་གྲོགས་ཡོངས་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱིས་དྲ་ངོས་འདིའི་དྲ་གྲོགས་ཚོ་དང་མཉམ་དུ་བོད་སྤུན་ཟླ་འཆམ་མཐུན་ཆིག་སྒྲིལ་གྱི་བྱ་པ་ཞིག་ལ་བརྩོན་འདོད་པ་ལས་གཅིག་གིས་གཅིག་ལ་ཕྲག་དོགས་དང་གོ་མིང་། སྤུན་ཟླ་ནང་ཁུལ་ལ་གཏོར་བཤིག་དང་ཟུར་ཟ་ཞིག་གི་ཆེད་དུ་ང་འདིར་འཁྱམས་ཡོང་པ་མིན།