དབུ་མ་རྒྱུན་སྐྱོང་དང་འབྲེལ་མོལ་མཚམས་འཇོག

ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་ནས་ད་བར་གྱི་བོད་རྒྱའི་འབྲེལ་མོལ་དེ་མཚམས་འཇོག་རྒྱུའི་བསམ་ཚུལ་བཏོན་ཡོད་པ་དང་། ཡིན་ནའང་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་ནི་དབུ་མའི་ལམ་གྱི་ལངས་ཕྱོགས་ཡིན་སྟབས་སྲིད་བྱུས་འདི་མུ་མཐུད་རྒྱུན་འཛིན་བྱེད་རྒྱུའི་གྲོས་འཆམ་བྱུང་ཡོད་ཅིང་། གྲོས་འཆམ་འདི་དག་ནི་འབྱུང་འགྱུར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་རྒྱབ་གཉེར་སྙན་ཐོ་ལྟ་བུར་བཏོན་ཡོད་པ་རེད།

གཞན་ཡང་ཐེངས་འདིའི་ཚོགས་ཆེན་སྟེང་དོན་ཚན་གལ་ཆེན་ཁག་ཅིག་ཡོད་པ་ནི། དང་པོ། ཚོགས་ཆེན་འདི་བརྒྱུད་དེ་ང་ཚོས་སྤྱི་མོས་ཐོག་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གནང་བའི་སྙིང་སྟོབས་ལ་ཡི་རང་གུས་བཀུར་དང་། ལྷག་པར་དུ་ཚེ་སྲོག་བློས་བཏང་མཁན་དང་བཙོན་དུ་བཅུག་མཁན། མནར་སྤྱོད་མྱངས་མཁན། ད་དུང་གར་སོང་ཆ་མེད་དུ་གྱུར་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེལ་བྱེད་ཀྱིན་ཡོད། གཉིས་པ། ཚོགས་ཆེན་འདི་བརྒྱུད་དེ་ང་ཚོས་སྤྱི་མོས་ཐོག་༧གོང་ས་མཆོག་ལ་ཁོང་གིས་རྒན་ཡོལ་གྱི་བཀའ་མོལ་མི་གནང་རྒྱུ་དང་། ཁོང་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྙོན་དུ་མེད་པ་དེ་ཡིན་སྟབས་མུ་མཐུད་དེ་བོད་ཀྱི་གནད་དོན་འདི་ཐབས་ལམ་གང་འདྲ་ཞིག་ནས་སེལ་ཐུབ་པར་གཟིགས་ན་ང་ཚོ་ཕྱོགས་དེར་ལམ་སྟོན་གནང་རྒྱུའི་ཞུ་སྐུལ་བྱེད་ཀྱིན་ཡོད། ང་ཚོས་ཁོང་གི་ཐུགས་རེ་དང་ལམ་སྟོན་གང་གནང་བ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། གསུམ། འདི་དག་ལ་བརྟེན་དབུ་མའི་ལམ་གྱི་ཐབས་ལམ་དེ་མུ་མཐུད་མཇིག་སྐྱོང་རྒྱུའི་ཐད་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཡིན་ནའང་དབུ་མའི་ལམ་ལ་ད་དུང་གྲུབ་འབྲས་མ་ཐོན་ཏེ་བོད་རང་བཙན་དང་རང་ཐག་རང་གཅོད་ཀྱི་གདམ་ག་དེ་སྒོ་ཕྱེ་ཡོད། བཞི་པ། ཚོགས་ཆེན་འདི་བརྒྱུད་དེ་ང་ཚོས་བོད་དོན་ེརྒྱབ་སྐྱོར་བ་རྣམས་དང་། སྲིད་གཞུང་ཁག མི་སྒེར་བ་ཁག ལྷག་པར་དུ་རྒྱ་གར་གཞུང་དམངས་གཉིས་ཀྱིས་ད་བར་དུ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་པ་འདི་དག་ཡིན་འདུག

 

༼གོང་གསལ་པར་གཉིས་ནི་ནེའུ་ཡོག་དུས་བབ་དྲ་རྒྱ་ནས་ཕབ་ལེན་བྱས་པ་ཡིན།༽

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “དབུ་མ་རྒྱུན་སྐྱོང་དང་འབྲེལ་མོལ་མཚམས་འཇོག

  1. ཨ་མདོ་མགོ་ལོག

    ?-:m#-+#{-1*}$k +0v-1-Wv,-[}$-+$-8K{;-1}=-131=-8′}#-#m-%{$-;-={+-:$-#m-0=1-8&:-8`o,-.-1*v$-=}$-k +{-,m-‘m-8H8m-[w#-K}-0-;k =}+-;-< {=-9},-+$-[#-0=1-1{+-.-+{-#=;-0}-1$},-8`o# 0}+-m=-=}+-;-#,}+-[-#m-1-:{+-={1=-.-[}-1m-+#}=k
    +-*{$-+1m#=-0=;-3~#=-&{,-8+m:-$-3~-;-#}-Wv->-%$-8`o# =}+-m-:m#-#,=-;-1*}$-&{,-+$-U}0-^}$-A-Wv-#;-&{k

  2. ངས་འདི་འདྲའི་ཐབས་སྡུག་ཅིག་བྱུང་རྒྱུ་ཡིན་པ་ཡིད་ལའང་མ་འཁོར། ངོ་ནས་དྲང་གནས་བླུན་པོ་ཁྱུ་ཞིག་རེད།
    ༡ རྒྱ་གཞུང་གིས་དོན་ལ་འབྲེལ་མོལ་མཚམས་འཇོག་དང་ཁ་ནས་མཚམས་འཇོག་བྱས་ཡོད་པ་མ་རེད། ད་ཡིན་ན། ཚུར་རྡུང་བྱེད་ཀྱི་དབྱུག་པ་ཕར་སྤྲད་ཚར་བ་རེད།
    ༢ ཏཱ་ལའི་བླ་མའི་མཚན་གནས་མ་གཏོགས་སྐུ་རང་ཉིད་རྟག་བརྟན་མ་རེད་ལ། འདི་འདྲའི་ཨུ་ཚུགས་ཀྱི་མཐའ་འབྲས་ནི་རྒྱ་གཞུང་གིས་སྐུ་ཕྲེང་བཅོ་ལྔ་ཐག་གཅོད་དང་བེད་སྤྱོད་ལ་རྒྱབ་དཔུང་ཤུགས་ཆེན་དུ་གྱུར་ཡོད་པ་ལས་བོད་རང་ཉིད་གཡུགས་ས་དེར་གཡུགས་ཚར་བ་རེད།

    ད་ཡིན་ན། རང་བཙན་ཤོར། རང་སྐྱོང་ཤོར། རྐུབ་ལུགས། སོ་སོའི་ས་ནས་སོ་སོའི་ཁ་རྒྱབ་གསོ་ཐབས་ལ་འབད་འབུངས་བྱེད་རྒྱུ་ལས་ཅི་ཡང་ལྷག་མ་སོང་།

  3. ཨ་རིག་དགེ་མཐོང་།

    ང་ཚོས་སྤྱི་མོས་ཐོག་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གནང་བའི་སྙིང་སྟོབས་ལ་ཡི་རང་གུས་བཀུར་དང་། ལྷག་པར་དུ་ཚེ་སྲོག་བློས་བཏང་མཁན་དང་བཙོན་དུ་བཅུག་མཁན། མནར་སྤྱོད་མྱངས་མཁན། ད་དུང་གར་སོང་ཆ་མེད་དུ་གྱུར་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེལ་བྱེད་ཀྱིན་ཡོད། དམིགས་བསལ་ཚོགས་ཆེན་འདིར་ཡང་སྐད་ཆ་གསར་བ་ཅིག་གོ་རྒྱུ་མི་འདུག ཚོགས་ཆེན་འདིའི་འདྲ་དཔར་མཐོང་དུས་སེམས་སྐྱོ་བྱུང་།རྒྱུ་མཚན་་ས་དགེ་རྙིང་་གསུམ་གཙོའི་བླ་རྒན་རྣམས་ཀྱིས་དམར་ཉོག་སེ་བཏང་འདུག རྒྱལ་ཁབ་ཅིག་ལ་མཚོན་ན་གྲྭ་བ་ཚོའི་གང་སོང་ན་དེ་ནི་སྟོང་ཆ་ཞིག་རེད །

  4. དེ་ནི་ཁ་ཕྱོགས་གསར་བ་འདྲ་རེད་དམ། བོད་རྒྱའི་འབྲེལ་མོལ་དེ་མཚམས་འཇོག་རྒྱུའི་བསམ་ཚུལ་བཏོན་ཡོད་པ་དེ་རང་རེད། དབུ་མའི་ལམ་གྱི་ཁ་ཕྱོགས་རྒྱུན་འཛིན་བྱེད་རྒྱུ་ཟེར་བ་དེ་འགྲིག་ཙམ་འདུག་ཡིན་ཡང་དེར་ལོ་གཅིག་ནས་གཉིས་བར་རམ་ཚོད་འཛིན་ཞིག་ངེས་བར་དུབྱེད་དགོས་པ་འདྲ།
    འོན་ཀྱང་འདིར་{གཉིས་པ། ཚོགས་ཆེན་འདི་བརྒྱུད་དེ་ང་ཚོས་སྤྱི་མོས་ཐོག་༧གོང་ས་མཆོག་ལ་ཁོང་གིས་རྒན་ཡོལ་གྱི་བཀའ་མོལ་མི་གནང་རྒྱུ་དང་། ཁོང་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྙོན་དུ་མེད་པ་དེ་ཡིན་སྟབས་མུ་མཐུད་དེ་བོད་ཀྱི་གནད་དོན་འདི་ཐབས་ལམ་གང་འདྲ་ཞིག་ནས་སེལ་ཐུབ་པར་གཟིགས་ན་ང་ཚོ་ཕྱོགས་དེར་ལམ་སྟོན་གནང་རྒྱུའི་ཞུ་སྐུལ་བྱེད་ཀྱིན་ཡོད། }ལོ་རྒས་ནས་རྒན་ཡོལ་གྱི་དུས་ཚོད་ལ་སླེབས་ན་ང་ཚོས་ཁོང་གི་ཐོབ་ཐང་དེ་འཕྲོག་རྒྱུ་ཟེར་གྱིན་ཡོད་དམ་མ་ཟད་༧གོང་ས་མཆོག་དགུངས་གྲང་བརྒྱ་ལྷག་ཞིག་ལ་ཕེབས་ན་ད་དུང་ཡང་ཨུ་ཚུགས་མཐའ་སྐྱེལ་བྱེད་རྒྱུ་ཡིན་ནམ། ༧་གོང་ས་མཆོག་གིས་འདས་མ་འོངས་ད་ལྟ་གང་དུའང་ང་ཚོ་བོད་པ་ཚོ་ཐུགས་ནས་འདོར་མི་སྲིད་པ་ཞིག་རེད། ང་ཚོ་བོད་པ་ཚོ་ད་དུང་ཡང་བྱིས་པའི་བསམ་བློ་དེ་ནར་སོན་པའི་དུས་ཤིག་མེད་པ་རེད་དམ། ༧གོང་ས་མཆོག་གིས་རྒན་ཡོལ་ཞེས་གསུང་དོན་ཡང་ང་ཚོ་ལ་བྱིས་པའི་བསམ་བློ་ལས་ནར་སོན་དགོས་པའི་སྔོན་བརྡ་གཏོང་གིན་ཡོད་པ་མི་ཤེས་སམ། ད་ནི་ནམ་ཞིག་ལ་ང་ཚོ་རང་གི་རྐང་པའི་སྒང་ནས་ལངས་རྒྱུ་ཡིན་ནམ། རྒྱ་གཞུང་གིས་ནམ་རྒྱུན་བོད་དོན་ནི་ཏྰ་ལའི་བླ་མ་གཅིག་བུ་རེད་ཟེར་པ་དེའང་བསམ་བློ་འདི་འདྲ་ཞིག་གི་སྟེང་ནས་ཐོན་གྱིན་ཡོད་པ་རེད།