ཡུ་རོབ་དང་རྒྱ་ནག་གི་བོད་ཀྱི་འགལ་བ།

བོད་དོན་ཐོག་ལྟ་ཚུལ་མ་མཐུན་པར་རྐྱེན་བྱས་ཏེ་རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ ཚོགས་མཉམ་སྐོང་རྒྱུའི་ཚོགས་ཆེན་ཐེངས་ ༡༡ པའི་སྟེང་ཞུགས་རྒྱུ་ཕྱིར་འཐེན་བྱས་པ་རེད་ཅེས་ཡུ་རོབ་མཐུན་ཚོགས་ཀྱི་ལས་སྣེ་ བ་དག་གིས་བརྗོད་ཡོད།

རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཐེངས་འདིའི་འགལ་བ་ནི་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་དང་ཡུ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་གཞན་རྣམས་ཀྱིས་འཆར་ཟླའི་ནང་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུའི་འཆར་གཞི་འདི་ལ་ཐུག་ཡོད་འདུག་ལ། ཡུ་རོབ་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཡུ་རོབ་མཐུན་ཚོགས་ཀྱིས་ཡུ་རོབ་དང་རྒྱ་ནག་གི་ལྷན་ཚོགས་ཐེངས་ ༡༡ པའི་སྟེང་དུ་ཕུགས་བསམ་དང་ལྡན་པའི་གྲོས་གཞི་གྲ་སྒྲིག་བྱས་ཡོད་ཀྱང་། ཐེངས་འདིར་རྒྱ་ནག་གིས་བྱེད་ཕྱོགས་དེར་དོ་སྣང་དང་བློ་འགྱོད་བྱེད་གི་ཡོད་ཅེས་དང་། ཡུ་རོབ་མཐུན་ཚོགས་ཀྱིས་མུ་མཐུད་ནས་རྒྱ་ནག་མཉམ་དུ་འཐབ་བྱུས་ཡོད་པའི་གྲོགས་འབྲེལ་གོང་སྤེལ་ལ་འབད་བརྩོན་བྱེད་གི་ཡིན་ལ། ལྷག་པར་དུ་ད་ལྟའི་གོ་ལ་རང་བཞིན་གྱི་དཔལ་འབྱོར་དང་ནོར་སྲིད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་ནང་དུ་ཡུ་རོབ་དང་རྒྱ་ནག་གི་བར་དུ་མཉམ་འབྲེལ་དམ་པོ་ཡོང་རྒྱུར་འབོད་སྐུལ་ཞུ་གི་ཡིན་ཅེས་བཤད་ཡོད་པ་རེད།

ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་ཞིན་ཧྭ་གསར་ཁང་གིས་སྤེལ་དོན། རྒྱ་ནག་གཞུང་གིས་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་འཆར་ཟླའི་ནང་ཏཱ་ལའི་བླ་མར་ཐུག་འཕྲད་བྱེད་འཆར་ཡོད་པར་བརྟེན། རྒྱ་ནག་དང་ཡུ་རོབ་ཀྱི་ཚོགས་ཆེན་ཐེངས་ ༡༡ པའི་སྟེང་རྒྱ་ནག་མཉམ་ཞུགས་བྱེད་ཀྱི་མིན་པའི་ཐག་བཅད་པ་ཡིན་ཅེས་བཤད་ཡོད་པ་རེད།
རྒྱ་ནག་དང་ཡུ་རོབ་ཀྱི་མཐུན་ཚོགས་དེ་འཆར་ཟླ་ཚེས་ ༡ ཉིན་འཚོགས་རྒྱུའི་འཆར་གཞི་སྒྲིག་ཡོད་ཅིང་། རྒྱ་ནག་གི་སྲིད་བློན་ཝན་ཇ་པོ་ཐེངས་འདིའི་ཚོགས་ཆེན་སྟེང་ཞུགས་རྒྱུ་བྱས་ཡོད་པ་རེད།

རྒྱ་ནག་གི་ངོ་རྒོལ་ལ་མ་ལྟོས་པར། ཧྥ་རན་སིའི་སྲིད་འཛིན་གྱིས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་རྒྱུའི་ཐག་གཅོད་དེར་འགྱུར་བ་བཏང་མེད་ཅེས་ཧྥ་རན་སིའི་སྲིད་འཛིན་གྱི་མགྲིན་ཚབ་པ་ཞིག་གིས་བྷི་བྷི་སི་གསར་ཁང་ལ་བརྗོད་ཡོད་པ་རེད།

༧གོང་ས་མཆོག་དང་ཧྥ་རན་སིའི་སྲིད་གཉིས་རྣམ་གཉིས་དང་། དེ་བཞན་ཡུ་རོབ་ཀྱི་དབུ་ཁྲིད་གཞན་རྣམས་ནི་འཆར་ཟླའི་ཚེས་ ༦ ཉིན་པོ་ལན་ཌིའི་ Gdansk གྲོང་ཁྱེར་དུ་ ༡༩༨༠ གྱ་གྲངས་དུ་དམར་ཕྱོགས་ངོ་རྒོལ་གྱི་མཐུན་ཚོགས་ལ་མགོ་ཁྲིད་མཁན་Lech Walesa ལ་ནོ་སྦེལ་ཞི་བདེའི་གཟེངས་སྟགས་ཕུལ་ཏེ་ལོ་ ༢༥ འཀོར་བའི་དུས་དྲན་མཛད་སྒོའི་སྟེང་ནས་མཇལ་འཕྲད་གནང་གི་ཡོད་པ་རེད།

རྒྱ་ནག་གིས་༧གོང་ས་མཆོག་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ནས་ཁེར་རྐྱང་དུ་འཕུད་པའི་བྱེད་ཐབས་འདྲ་མིན་སྤྱོད་གི་ཡོད་པ་མ་ཟད། ཏཱ་ལའི་བླ་མར་བོད་དོན་བཤད་པའི་ཐོབ་ཐང་མེད་ལུགས་ཀྱང་བཤད་གི་ཡོད་པ་རེད། དེ་ལྟར་ཡང་། བདུན་ཕྲག་གཅིག་གི་སྔོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་གཞིས་ལུས་བོད་མི་ཆིག་ཁྲི་ལྷག་གི་བསམ་ཚུལ་བསྡུས་པ་བརྒྱུད། བོད་དོན་སེལ་ཐབས་ཀྱི་ལམ་ཁ་ཡག་ཤོས་ནི་༧གོང་ས་མཆོག་གིས་བཏོན་པའི་དབུ་མའི་ལམ་ཡིན་པ་མ་ཟད། ༧གོང་ས་མཆོག་གིས་རྒན་ཡོལ་མི་གནང་བར་མུ་མཐུད་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་དབུ་འཁྲིད་དགོས་པའི་ཞུ་སྐུལ་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༠༨/༡༡/༢༧

Leave a Reply

4 thoughts on “ཡུ་རོབ་དང་རྒྱ་ནག་གི་བོད་ཀྱི་འགལ་བ།

  1. འདི་ནི་རྒྱ་ནག་རྫུན་རྐུབ་རྡོལ་པར་དོགས་ནས་ནུབ་ཕྱོཊ་པ་ཚོ་དགྲ་རུ་སླང་པའི་འབྲས་བུ་རེད།ཡང་ཅིག་བཤད་ན་དེ་ནི་རྒྱ་ནག་གི་དཔོན་རིག་ཚོས་ཆབ་སྲིད་མི་ཤེས་པའི་ཁར་ལྐྱགས་རྫུན་ཡང་ཤོད་མ་ཤེས་པའི་མངོན་རྟགས་རེད། ང་ཚོ་བོད་པ་ཚང་གི་རྒྱལ་ཁ་རེད།

  2. ཟླ་བ་ ཚེ་རིང་།

    རྒྱ་ནག་གི་སྲིད་བློན་ཝུན་ཅ་པོའོ་ཧྥ་རན་སིར་ཡོང་རྒྱུ་དེ་ཡང་ཕྱིར་འཐེན་བྱས་འདུག་ཟེར།

  3. བོད། ཤ་ཁྲག་རུས་གསུམ།

    ང་ཚོས་རང་ཉིད་ཀྱི་སྟོབས་ཐུགས་ལ་བརྟེན་པ་ལས། རྒྱལ་ཁབ་གཞན་གྱི་དབུ་ཁྲིད་དེ་དག་ལ་ཡིད་ཆེས་དང་ཁོང་ཚོས་ང་ཚོའི་བོད་དོན་ཞིག་སྒྲུབ་རྒྱུར་རེ་བ་ནི་འདྲེ་ལ་བུ་བཅོལ་བ་ལས་མེད་པ་སྔ་ས་ཤེས་ན་རེད།

  4. མི་ནག་ཚང་ལུང་རིགས་རྒྱལ།

    རྒྱ་ནག་གིས་ཐེངས་འདིར་བོད་དོན་བརྩད་དེ་ཡུ་རོབ་གླིང་ཆེན་ལ་ཁ་གཏད་བཅག་པ་རེད། ད་བར་དུ་རྒྱལ་ཁབ་ཁེར་ཐུག་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཁེར་ཐུག་ལ་བླངས་ནས་བོད་དོན་སྐོར་བརྩད་མྱོང་ནའང་། ཐེངས་འདིར་སྔར་བྱུང་མ་མྱོང་བའི་ཁ་གཏད་ཅིག་བཅག་འདུག དེའི་ཁར་བདུན་ཕྲག་འགའི་སྔོན་ལ་དབྱིན་ཇིས་ཀྱང་མི་ལོ་ ༥༠ རིང་གི་བོད་དོན་ལངས་ཕྱོགས་དེར་འགྱུར་བ་བཏང་བ་མ་ཟད། དབྱིན་ཇིས་ད་བར་དུ་ལངས་ཕྱོགས་འདི་རྒྱ་ནག་གི་འདོད་པ་ལྟར་འགྱུར་བ་གཏོང་མ་ཐུབ་པ་དེར་གནོངས་འགྱོད་ཆེ་ལུགས་ཀྱང་བཤད་ཡོད། འདི་ནི་བོད་དོན་དེ་ཡུ་རོབ་ནས་རྒྱ་ལག་ལ་ཤོར་གྱིན་པའི་མངོན་རྟགས་ཤིག་མིན་ནམ་སྙམ།