སྐུ་མདུན་དང་སར་ཁོ་རྫེ་རྣམ་གཉིས་ཀྱི་མཇལ་འཕྲད།

སར་ཁོ་རྫེ་ཡིས་ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་ལ་མཇལ་ཏེ་རྒྱ་ནག་གི་འབོད་སྐུལ་རྩིས་མེད་དུ་བཏང་ཡོད་པ་རེད།

རྒྱ་ནག་གི་ངོ་རྒོལ་དང་སྐྱོན་བརྗོད་ལ་མ་ལྟོས་པར། ༧གོང་ས་མཆོག་དང་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་རྣམ་གཉིས་ཕྱི་ཚེས་ ༦ ཉིན་པོ་ལན་ཌི་ནས་མཇལ་འཕྲད་གནང་ཡོད་པ་དང་། ཁོང་རྣམ་གཉིས་མཇལ་རྗེས་རྒྱ་ནག་གཞུང་གིས་ཞིན་ཧྭ་གསར་འགྱུར་དུ། ཐུག་འཕྲད་དེ་ནི་བོད་ཀྱི་གནད་དོན་སྒྲུབ་ཕྱོགས་ཐད་དུ་གོ་སྐབས་རིང་ལུགས་པ་དང་བློ་ཐུང་། མིག་རྒྱང་ཐུང་བ་བཅས་ཡིན་ཚུལ་བརྗོད་ཡོད་པ་རེད།

སྲིད་འཛིན་སར་ཁོ་རྫེ་ཡིས་༧རྒྱལ་བ་རིན་པོ་ཆེར་མཇལ་རྗེས་གསར་འགོད་པ་དག་ལ། མཇལ་འཕྲད་ཡག་པོ་བྱུང་སོང་། རྒྱ་ནག་གི་མགོ་ཁྲིད་ཚོས་མཇལ་འཕྲད་འདི་ལོ་འདིའི་ལོ་མཇུག་ལ་འཁེལ་ཡོད་པ་དེ་གསལ་བོར་ཤེས་ཡོད་པ་རེད་ཅེས་དང་། སྐར་མ་ ༣༠ རིང་གི་མཇལ་འཕྲད་སྐབས་ཀྱི་བཀའ་མོལ་ཐད་ཁོང་གིས། ཏཱ་ལའི་བླ་མ་མཆོག་གིས་ང་ལ་ཡུ་རོབ་ནས་གླེང་བཞིན་པའི་བོད་ནང་གི་སེམས་ཁྲལ་རིགས་གསུངས་བྱུང་། ཁོང་གིས་བོད་ལ་རང་བཙན་རྩོད་གི་མེད་པའི་སྐོར་གསུང་གི་འདུག་ལ། ངས་ཀྱང་བོད་རྒྱའི་བར་གྲོས་མོལ་གྱི་ལམ་ཁ་ཞིག་འཚོལ་བཞིན་པ་འདིའི་ཐད་ངའི་ངོས་ནས་ཇི་ཙམ་གྱི་རེ་ལྟོས་བྱེད་ཀྱིན་པའི་སྐོར་ཞུས་པ་ཡིན་ཅེས་བཤད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

4 thoughts on “སྐུ་མདུན་དང་སར་ཁོ་རྫེ་རྣམ་གཉིས་ཀྱི་མཇལ་འཕྲད།

  1. ང་ནི་དེ་ལ་ཧ་ལས་ཀྱིན་མི་འདུག སེག་ཁོ་ཟེ་ལ་མཚོན་ན་ཧྥ་རན་སི་གཅིག་པོ་མ་ཡིན་པར་རྒྱལ་སྤྱིའི་སྟེང་མང་གཙོ་དོན་གཉེར་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཆེ་ཤོས་ཞིག་རེད། དེང་ཐོག་ཁོ་སྲིད་འཛིན་གྱི་ཁྲི་ཁར་བཞེངས་དུས་ཧྥ་རན་སི་གཙོས་ཡོ་རོབ་དང་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་ཚོཊ་པ་ཁག་དང་མི་མང་གིས་ཁོ་ལ་རེ་བ་ཆེན་པོ་བརྒྱབ་ཡོད་པ་རེད། ཁོ་ལ་སྲིད་འཛིན་འོས་ཤོག་གི་རྒྱལ་ཁ་ཐོབ་དོན་ཡང་དེས་རེད། འོན་ཀྱང་་་རྒྱ་ནག་གི་ཨོ་རྩེད་སྐབས་སུ་ཁོས་ཐ་མའི་ཐག་གཅོད་དེས་འགྲོ་བ་མིའི་ཐོབ་ཐང་ཚོཊ་མང་པོ་ཞིག་དང་མི་མང་གི་སེམས་སུའང་བློ་ཕམ་བྱུང་ཡོད་པ་རེད། དེའི་ཕྱིར་འདི་ནི་ཡང་ཁོའི་རྒྱ་ནག་དང་ཉམས་ཏུ་གོ་སྐབས་ཤིག་རེད། དེ་ནི་ཁེ་ཕན་ཞིག་གི་ཆེད་དུའང་འདོད།

  2. ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་མཆོག་གི་སྔ་ཕྱིའི་བོད་དོན་རོགས་མགོན་ལ་མངགས་བརྗོད་ལོས་ཞུ། ཐུགས་རྗེ་ཆེ་ཁྱོད་སྐུ་ཁམས་་བཟང་བར་སྨོན།