ས་མཐའི་རླུང༌།

ས་མཐའི་རླུང༌།

རྩོམ་པ་པོ་སྐལ་བཟང་མེ་ཏོག་ལགས་ཀྱིས་བྲིས་པའི་ཤོག་ངོས་ ༡༣༧ ཅན་གྱི་སྙན་ངག་གཅེས་བསྡུས་གྱི་དེབ་ཆུང་འདི་ནི་ ༢༠༠༧ ལོའི་ཟླ་ ༡༡ པར་ཧི་རོ་དཔར་ཁང་ནས་དཔར་སྐྲུན་བྱས་ཤིང༌། བོད་ཀྱི་རྩོམ་རིག་དགའ་ཚལ་ནས་འགྲེམས་སྤེལ་ཞུས་ཡོད། དེབ་ཆུང་འདིའི་ནང་དུ་རང་མོས་ཡིད་ཀྱི་རྩེད་འཇོ་དང༌། སྲོལ་རྒྱུན་ཚོར་བའི་རྒྱུན་ཐག ལྷུག་རྩོམ་འདབ་བརྒྱ་རང་གྲོལ་སོགས་རྩོམ་ལུས་མི་འདྲ་བ་རིགས་གསུམ་དང་སྙན་ཚིག་ ༩༧ ཙམ་བསྡུ་སྒྲིག་བྱས་ཡོད། ས་མཐའི་རླུང༌། ཞེས་པའི་དེབ་ཆུང་འདི་ལ་རྒྱལ་ཁབ་མེད་པའི་རྩོམ་པ་པོ་ཞིག་གི་བགྲང་བྱ་བཅུ་ཕྲག་ས་མཐའ་ནས་བསྐྱལ་བའི་རོལ་དབྱངས་དམར་པོའི་རམ་འདེགས་འོག དགའ་སྐྱོ་ཆགས་སྡང་དབྱངས་སུ་གྱེར་བའི་སྙན་འཇེབས་གླུ་ཡིས་གདངས་གྲོས་ལྡན་ལ། ཁ་དོག་མེད་པའི་མྱ་ངམ་ཐང་གི་སྐྱབས་བཅོལ་འཚོ་བའི་མངར་བསྐྱུར་ཚོར།

 

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

6 thoughts on “ས་མཐའི་རླུང༌།

  1. ངས་སྙན་དེབ་འདི་མཐོང་བ་ཙམ་གྱིས། ས་མཐའི་འཚོ་བའི་ཁ་དོག་ལྡན་པ་ཤེས་སོང་། ས་མཐའ་ནས་བཏུས་པའི་ཚོར་བ་རེ་རེ། ཡུལ་གྱར་བའི་སྙན་ངག་ཡིན་ན།
    ས་མཐའ་ནས་ས་མཐའི་སྙན་ངག་འབྲི་འོས། ཐུགས་རྗེ་ཆེ།