བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ ༣༠ དུས་དྲན།

དེ་རིང་ཞོགས་པར་ཆུ་ཚོད་ ༡༠ པའི་སྟེང་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱ་ནག་གི་དཔོན་རིགས་རྣམས་ཚོགས་ཏེ་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་མི་ལོ ༣༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་བཤད་དོན། བཅོས་བསྒྱུར་སྒོ་འབྱེད་ཀྱིས་སྔོན་ཆད་དབུལ་ཕོངས་ཀྱི་གནས་སུ་ལྷག་པའི་ཀྲུང་གོ་དེ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཁྲིད་ཡོང་བ་རེད་ཟེར། གནས་ཚུལ་སྤེལ་བ་ལྟར་ན། ཚོགས་ཐོག་དེར་རྒྱ་ནག་གི་རིམ་པ་དང་རིགས་མི་འདྲ་བི་མི་གྲངས་ ༦༠༠༠ ལྷག་མཉམ་ཞུགས་བྱས་ཡོད་ཟེར།

ཚོགས་ཆེན་སྟེང་ཧུའུ་ཅིན་ཐའོ་ཡིས་བརྗོད་དོན། ཚོགས་ཆེན་འདི་སྐོང་དོན་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གལ་ཆེའི་རང་བཞིན་དང་རྒྱལ་ཁའི་གྲུབ་འབྲས་ལ་ངོས་འཛིན་བྱུང་བ་དང་། ཉམས་མྱོང་ཕྱོགས་སྡོམ། རྒྱལ་ཁབ་འདི་མུ་མཐུད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་མདུན་སྐྱོད་བྱེད་པའི་ཆེད་དུ་ཡིན་ཟེར་ལ། ཁོས་བཤད་དོན། འདས་པའི་ལོ་ ༣༠ རིང་རྒྱལ་ཁབ་ཀྱི་ལོ་རེའི་དངུལ་འབབ་ཐོན་སྐྱེད་དེ་བརྒྱ་ཆ་ ༩་༨ རེ་འཕར་ཡོད་པ་དང་། དེ་ནི་འཛམ་གླིང་གི་ཆ་སྙོམས་ཡོང་འབབ་ལས་ལྡབ་གསུམ་གྱིས་མང་བ་ཆགས་ཡོད་ཟེར།

ཧུའུ་ལྟར་ན། རྒྱ་ནག་གི་ལོ་རེའི་དངུལ་འབབ་ཐོན་སྐྱེད་ཀྱི་དངུལ་འབོར་དེ་ ༡༩༧༨ ལོར་རྒྱ་སྒོར་ཏེར་འབུམ་ ༣༦༠ ཡིན་ལ། ༢༠༠༧ ལོར་ལོ་རེའི་དངུལ་འབབ་ཐོན་སྐྱེད་ཀྱི་དངུལ་འབོར་དེ་རྒྱ་སྒོར་ཐེར་འབུམ་ ༢༤༩༥༠ ཡིན་ལ། འདིས་རྒྱ་ནག་གི་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་བཞི་པར་གྱུར་ཟེར།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ ༣༠ དུས་དྲན།

  1. མི་ནག་ཚང་ལུང་རིགས་རྒྱལ།

    མའོ་ཙེ་ཏུང་ནས་ད་བར་དུ་འགྱུར་མེད་པ་ནི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་རེད། འདིའི་ཚབ་ཏུ་འདས་པའི་ལོ་ ༣༠ རིང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་ཞིག་བྱས་ཡོད་ཚེ་དངོས་གནས་རྟེན་འབྲེལ་གྱི་མཛད་སྒོ་དང་ཚོགས་ཆེན་སྐོང་ཆོག་པ་ཞིག་རེད། འོན་ཀྱང་དེ་བྱུང་མེད། ད་དུང་ལོ་ག་ཚོད་ཅིག་འགོར་མིན་སུས་ཤེས།

  2. དཀར་ཕྱོགས་གཉེར་ཉེ།

    ཡིན་ནའང་གོས་མཐོས་ལྟར་ན་ཉིན་ཤས་སྔོན་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་གུད་དུ་འགྲོ་བཞིན་པ་འདྲ།