ཨ་རིའི་བྷོ་སི་ཊོན་དུ་གནས་འཁོད་ཨེམ་ཨེ། བྷོ་སི་ཊོན་བོད་རིགས་མཐུན་ཚོགས་ཀྱིས་སྔར་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བོད་ས་ཁྱོན་ཡོངས་ནས་བོད་རང་བཙན་གྱི་དོན་དུ་རང་སྲོག་བློས་བཏང་མཁན་གཞིས་ལུས་སྤུན་གྲོགས་ཕོ་མོ་རྣམས་དང་། ད་ཆར་བཙོན་དུ་བཞུགས་མཁན། རྒྱ་ནག་གཞུང་གི་གདུབ་རྩུབ་འོག་ནས་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་ཤུགས་ཆེའི་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ལོ་འདིའི་བོད་ལུགས་ལོ་གསར་ལ་སྲུང་གཙི་མི་བྱེད་པའི་ཐག་གཅོད་གནང་ཡོད་འདུག
འདི་དང་མཉམ་དུ་བྷོ་སི་ཊོན་བོད་རིགས་མི་དམངས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཀྱང་། ༢༠༠༩ ལོར་ལོ་གསར་མེད། ཅེས་པའི་འབོད་ཚིག་བསྒྲག་སྟེ་གདུང་སེམས་མཉམ་སྐྱེད་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།