མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝན་ཅ་པོ་ལ་ལྷམ་གྱིས་གཞུས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་ཡིས་དབྱིན་ལན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་འཛམ་གླིང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སྐབས། མི་ཞིག་གིས་ལྷམ་གཞུས་ནས་ངོ་རྒོལ་བྱས་ཡོད་འདུག

ཚེས་ ༡ ནས་ཉིན་གསུམ་རིང་ལ་རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་དབྱིན་ལན་དུ་ཚོང་འབྲེལ་གྱི་ལྟ་སྐོར་ལ་ཡོང་ཡོད་པ་དང༌། ཚེས་ ༢ ཉིན་དབྱིན་ལན་གྱི་ Cambridge University ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དེར་འཛམ་གླིང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སྐབས། ཚོགས་ཁང་ནང་མི་ཞིག་གིས་ཝན་ཅ་པོ་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་དང༌། གཏམ་བཤད་མགོ་བཙུགས་མ་ཐག་ངོ་རྒོལ་བྱེད་མཁན་མི་དེས། ༼སློབ་གྲྭ་ཆེན་མོ་འདིས་སྲིད་དབང་སྒེར་གཅོད་པ་འདི་དང་མཉམ་དུ་རང་ཉིད་བཙོང་དགོས་པ་རེད་དམ། ཁོས་བཤད་པའི་རྫུན་གཏམ་ལ་ང་ཚོས་གང་འདྲ་བྱེད་ནས་ཉན་དགོས་སམ།༽ ཞེས་པའི་དྲི་བ་འདི་གཉིས་སྐད་ཤུགས་ཆེན་པོས་བརྗོད་པས། གཏམ་བཤད་རེ་ཞིག་མཚམས་འཇོག་དགོས་བྱུང་བ་དང༌། ལྷིང་འཇགས་སུ་ཡོད་པའི་ཚོགས་རྭའི་ཁྲོད་མི་རྣམས་ཀྱིས་གསལ་བོར་ཐོས་ཡོད་འདུག དེ་བཞིན་ཁོང་གིས་རང་གི་ལྷམ་ཡ་གཅིག་སྲིད་བློན་ཝན་ཅ་པོ་ཡི་ཕྱོགས་སུ་གཡུག་ཡོད་པ་དང༌། ལྷམ་དེ་ཝན་ཅ་པོ་དང་བར་ཐག་མི་ཊར་ ༡ ཙམ་གྱི་མཚམས་སུ་གཡུག་ཐུབ་ཡོད་འདུག མཐར་མི་དེ་ཚོགས་རྭ་ནས་ཕྱིར་ཁྲིད་ཡོད་པ་དང༌། ཉེན་རྟོག་པས་གསར་ལམ་ཁག་ལ་མི་དེའི་མིང་བཏོན་མེད་ལ། མི་དེ་མི་མང་ལ་བརྡབ་གསིག་བཟོས་པའི་་ནེས་མིང་འོག་ཕྱི་ཚེས་ ༡༠ ཉིན་ཁྲིམས་ཁང་ལ་བཅར་དགོས་ཀྱི་ཡོད་ཚུལ་གསར་ལམ་ཁག་ལ་སྤེལ་ཡོད་པ་རེད།

དེ་བཞིན་ཚེས་ ༡ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་གིས་དབྱིན་ལན་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་ཕྱི་རུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། སྐད་འབོད་བྱེད་མཁན་མི་ ༥ ཉེན་རྟོག་པས་འཇུ་བཟུང་བྱས་ཀྱང་ད་ལྟ་གློད་གྲོལ་ཐོབ་ཡོད་འདུག

ལོསྔོན་མའི་ཟླ་ ༡༢ པའི་ནང་སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤུ་མཆོག་ཨི་རག་ཏུ་མཐའ་མའི་གཟིགས་སྐོར་ལ་ཕེབས་སྐབས། ཨི་རག་གསར་འགོད་པ་ཞིག་གིས་ལྷམ་གཞུས་པའི་གནས་ཚུལ་བྱུང་ཡོད་པ་དང༌། གསར་ལམ་ཁག་ནས། ལྷམ་གཞུས་ནས་ངོ་རྒོལ་བྱེད་པ་འདི་ནི་ངོ་རྒོལ་བྱེད་སྟངས་གསར་བ་ཞིག་ཡིན་པ་དང་མ་འོངས་པར་རྒྱ་ཁྱབ་དུ་འགྲོ་ངེས་ཚུལ་བརྗོད་ཀྱིན་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 11

  1. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    ཝུན་ཅྰ་པོ་ལ་ལྷམ་གིས་གཞུས་བར་དབྱིན་གཞུང་གིས་རང་གིས་མགྲོན་བདག་མ་ཐུབ་པའི་སྐྱོན་ངོས་ལེན་དང་རྒྱ་གཞུང་ལ་དགོངས་དགས་ཞུས་ཡོད་ལ། རང་ལོ་ཉེར་བདུན་ཅན་གྱི་དཔའ་རྒོད་དེར་འགྲོ་བ་མིའི་བདེ་འཇགས་ལ་འཚེ་བའི་ཕར་རྔོལ་བྱས་བའི་ཉེས་མིང་འོག་ཨ་སྒོར་བདུན་སྟོང་ངམ་ཡང་ན་ཟླ་ངོ་དྲུག་ལྷག་བཙོན་འཇུག་བྱེད་རྒྱུ་ཡིན་པའི་གནས་ཚུལ་སྤེལ་ཡོད་མོད། ཟླ་སྔོན་མའི་ནང་ཨེ་རག་ཏུ་གསར་འགོད་པ་ཞིག་གིས་ཨ་རིའི་སྲིད་འཛིན་ལ་ལྷམ་གྱིས་གཞུ་སྐབས་གསར་ལམ་ཁག་ཏུ་ཨེ་རག་པ་ཚོས་ལྷམ་ཆ་འདི་ནི་གསར་འགོད་པ་ཁོང་གཅིག་བུའི་གྱོན་ལྷམ་མ་ཡིན་པར་འདིར་ཨེ་རག་དམག་འཁྲུག་ནང་ཚེ་སྲོག་ཤོར་བའི་འདས་བོ་དག་གི་ཟུངས་ཁྲག་ཡོད་ལ། འདིར་ཨེ་རག་ཁུལ་གྱི་ཡུགས་ཟ་སྟོང་ཕྲག་དང་ཡུགས་མོ་ཁྲི་ཕྲག་གི་བཙོག་གྲིབ་ཡོད་པས། འདིས་ང་ཚོའི་སྲོག་གཅོད་ཀྱི་གཤེད་མ་འདིའི་དབང་ཐང་དང་རླུང་རྟ་ཉམས་པར་འགྱུར་ངེས་ཅེས་བརྗོད་ཡོད་ལ་གསར་འགོད་པ་འདི་ལ་ཨ་རབ་རྒྱལ་ཁབ་ཁག་ཏུ་དྲང་བདེན་སྐྱོང་བའི་དཔའ་རྒོད་ཀྱི་མཚན་སྙནཕུལ་ཡོད། ང་ཚོའི་་བོད་ལ་ཐེ་རེངས་དང་འགོང་བོ། རྒྱ་འདྲེ་སོགས་ཕྱིར་ཕུད་མཐའ་སྤྲོད་གཏོང་ན་འདི་འདྲའི་་སྲོལ་ཡོད་པ་ལྟར། ད་ཐེངས་གི་ལྷམ་འདི་ནི་གཞུ་ས་ཝུན་ཅཱ་པོ་མི་སྒེར་བ་གཅིག་བུ་་མིན་ལ་གཞུ་མཁན་ཡང་ཁ་བྲལ་རང་ལུགས་པའམ་ཡང་ན་ཧྤ་ལོན་སྒོམ་སྒྲུབ་མ་ཡིན་པར། འདི་ནི་འཛམ་གླིང་མི་དམངས་མིག་མདུན་དུ་གནས་ལུགས་དང་དྲང་བདེན་གྱིས་པེ་ཅིང་མཁར་ལ་གཞུས་བའི་ཉེན་བརྡ་ཞིག་ཡིན།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འདི་ནི་བོད་ཀྱི་གནས་བབ་ཐད་ནས་གླེང་དེ་འོང་བ་ཡིན་ན་ནི། ལྷམ་མགོས་གཞུས་པ་དེ་ཙམ་གྱི་དཔོན་ངན་དེ་ལ་འཇིགས་སྣང་སྐུལ་མི་ཐུབ་པ་ཡིན། དེ་ལས་བོད་པ་རང་ཉིད་ཀྱིས་རང་ཉིད་ལ་སེམས་གསོ་བྱེད་སྟངས་དེ་ཚོ་བཞག་ནས། བོད་རང་གི་བྱེད་དགོས་པ་དང་བྱེད་ཐུབ་པ་གང་ཞིག་ཡིན་མིན་བསྐོར་རེ་གླེང་ན་ཡག་པོ་འདུག་ལ། དཔོན་ངག་དེ་དག་གི་སེམས་གཏིང་ནས་ད་ནི་བོད་དོན་འདི་མ་བྱས་པ་ཡིན་ན་ནི། བོད་པ་འདི་བ་ཚང་ལས་སླ་བོ་མི་འདུག གཅིག་རྗེས་གཅིག་གིས་ཟིན་ཚར་འདུག་བསམ་པ་ཞིག་བྱེད་དགོས་པ་དེ་འདྲ་ཞིག་བྱེད་ཐུབ་དགོས། དེ་ནི་དྲག་པོའི་ལས་འགུལ་སྤེལ་དགོས་པའི་དོན་དག་ཞིག་གཏན་ནས་མིན། དེ་ལས་གཞན་པའི་འཛམ་གླིང་མི་མང་འགུལ་བསྐྱོད་མི་བྱེད་རང་བྱེད་ཡིན་པས་ལས་འགུལ་ཞིག་སྤེལ་རྒྱུ་ང་ཚོ་ལ་ཡོད་པ་རེད། དྲ་གྲོགས་ཚོ་བསམ་བློ་ཞིབ་མོ་རེ་གཏོང་རོགས་ཞུ།

    Reply
  3. རོགས་ཆུང་ལོ། says:
    ལོ་ 17 སྔོན།

    རྒྱ་ལུག་མང་ཚང་རེད། ལུག་གང་ལ་ཁ་སྐོར་ན་དེར་འཁོར་གི་རེད། གླེན་པ་ལུག་གི་འཕེལ་ཁ་ཡག་པོ་ཡོད་པ་རེད། ངས་གོ་ཚོད་ལ་ད་རེས་ཀྱང་རྒྱ་དམར་གཞུང་གིས་ཁོ་རང་ཚོའི་མི་སེར་ལུག་འདྲ་བ་དེ་ཚོ་བེད་སྤྱོད་གཏོང་གི་ཡོད་རེད་ཟེར།

    Reply
  4. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    ད་རེབ་རྒྱ་ནག་ནང་ཁུལ་ནས་ཀྱང་ཅུང་ཟད་བསྟན་སོང་། བསྟན་དགོས་པའི་རྒྱུ་མཚན་ནི་ཁོ་ཚང་གིས་སྐྱོན་བརྗོད་བྱེད་དགོས་པས་ཡིན་པ་འདྲ། སྤྱིར་བཏང་ལོ་སྔོན་མའི་ནང་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་སྐབས་ཀྱང་༥༩ལོ་ཡན་གྱི་པར་དེ་མཐོང་དུ་བཅུགས་འདུག་ལ་ད་ལྟའི་གོང་ས་མཆོག་གི་པར་རྣམས་སྒྲིབ་པར་བྱས་འདུག དེའི་རྗེས་སུ་ཡང་གོང་ས་མཆོག་གི་པར་ཡང་སྐྱོན་བརྗོད་ཞོར་དུ་སྟོན་གྱིན་འདུག རྣམ་པ་ཅུང་ཟད་འགྱུར་བའི་ཚོར་སྣང་ཞིག་བྱུང་། འོན་ཀྱང་གོང་ས་མཆོག་གི་པར་དེ་ཞལ་འཛུམ་མེད་པ་དེ་ཚོ་བསྟན་སོང་། དེ་ནི་རྒྱ་ནག་མི་དམངས་ལ་ཁོང་ཁྲོ་སློང་བའི་ཆེད་དུ་ཡིན་པ་འདྲ།

    Reply
  5. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    རྒྱ་ནག་ནང་ཁུལ་ལ་མཚོན་ན་ད་རེབ་ཀྱི་གསར་འགྱུར་འདི་བརྒྱུད་བསྒྲགས་བྱས་མེད་པ་ཐག་གིས་ཆོད། གནས་ཚུལ་འདི་རྒྱ་ནག་མི་རིགས་ཀྱིས་མཐོང་ནའང་ཁོང་ཁྲོ་ལང་ཁོ་ཐག་རེད། འདིའི་རྒྱུ་མཚན་ནི་སྲིད་བློན་྄ཝུན་ཅ་པོ་ནང་བཞིན་ཁོང་ཚོ་ཚང་མ་བློ་ཁོག་མེད་པ་དང་སེམས་རྒྱ་ཆུང་བ། ལྷག་པར་དུ་སྒེར་སྤྱོད་ཀྱི་འདུ་ཤེས་ཟབ་པ་བཅས་ཀྱིས་ཡིན། འདི་ནི་ཀམ་བྷུ་རེ་རྗེའི་སློབ་མའི་ཆུ་ཚད་ལ་རག་ལས་མིན་གཙོ་བོ་མ་ཡིན་པར། ལྷམ་ཀོག་གིས་གཞུས་སའི་ཡུལ་གྱི་ཉམས་ཚོད་ལེན་བྱེད་ཅིག་ཏག་ཏག་ཆགས་འདུག་པར་སེམས།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དོན་རྐྱེན་འདི་མི་ཆོས་སམ་ཀུན་སྤྱོད་ཀྱི་གནད་དོན་ལ་སྦྱར་ནས་གླེང་ན་སྤྱིར་བཏང་འོས་པ་ཞིག་ཡིན་རུང་། རྒྱ་ནག་གི་མི་རབས་བཞི་པའི་དབུ་ཁྲིད་དེ་ཚོས་མི་ཆོས་སམ་ཀུན་སྤྱོད་དེ། དབྱིན་ཡིག་གི་ ethics ལ་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་མེད་དེ་དང་པོར་བཞག་ནས་གླེང་དགོས་པར་འདོད།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་ད་ཆར་ལོ་ངོ་ ༢༠༠ རིང་གི་ལོ་རྒྱུས་ཡོད་པའི་ཀམ་བྷུ་རེ་རྗེ་གཙུག་ལག་སློབ་གླིང་གི་ད་ལྟའི་སློབ་མའི་སྤུས་ཀ་འདི་ཨེ་རེད་ཅེས་སློབ་གྲྭའི་མཚན་མཐོང་ལ་དམའ་འབེབ་དང་མིའི་སྤུས་ཚད་གླེང་གི་འདུག འདི་ལ་ལྟ་ཚུལ་འདྲ་ཡོད་དམ།

    Reply
  8. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ཝུན་ཅ་པོ་ལ་ལྷམ་ཀོག་གིས་གཞུས་སྟངས་ཏོག་ཙམ་ནོར་འདུག ལྷམ་གྱིས་མ་གཞུས་གོང་སྐད་བརྒྱབ་འདུག་པ་འདྲ། དེ་མི་བྱེད་པར་ཁ་ཐུག་གིས་མདུན་ལ་སོང་ནས་ཇོར་ཇི་བྷོའུ་ཞི་ལ་གཞུས་པ་ནང་བཞིན་ཞིག་ཡིན་ན་ད་གཟོད་ང་ཚོར་ལྟད་མོ་ཞིག་འདུག་གཱ ཨ་ལ་ཀུ་རེ་ཡིན། ངའི་བཤད་སྟངས་འདི་ནི་རྒྱང་ནས་ལྟས་ན་གླེན་པ་མཁས་ཞེས་པའི་དཔེ་ལས་མ་འདས་སོ།།

    Reply
  9. ཚེ་རིང་སྐྱིད། says:
    ལོ་ 17 སྔོན།

    རེད་ཡ། གྲོགས་པོ་ཚོ། སྐབས་དེའི་ལྦན་ཅ་པོ་ཡི་གདོང་མདོག་སྐྱུར་མོ་དེ་ངོ་མ་འགྲེལ་བཤད་བྱ་མི་ཤེས་པ་ཞིག་རེད། ངུ་མ་རྒོད་ལྟ་བུར་གྱུར་འདུག
    ཡིན་ན་ཡང་ཚོགས་རྭ་དེ་རུ་རྒྱ་མི་མང་པོ་འདུག

    Reply
  10. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    ཝུན་ཅ་པོའི་གདོང་མདོག་འགྱུར་བཞིན་བཤད་རྒྱུར། དགེ་རྒན་རྣམ་པ། སློབ་གྲོགས་རྣམ་པ། འདི་ལྟ་བུའི་མ་རབས་ཐབས་སྡུག་གི་བྱ་སྤྱོད་ཀྱིས་དབྱིན་རྒྱ་གཉིས་ཀྱི་མཛའ་གྲོགས་ཀྱི་འབྲེལ་བ་དེར་གནོད་སྐྱོན་ཕོག་ཐུབ་ཀི་མ་རེད། ཞེས་བརྗོད་ཡོད་ཅིང་། མ་རབས་ཐབས་སྡུག་གི་བྱ་སྤྱོད་ཅེས་བཤད་པ་དེས་ནི་རྒྱ་ནག་ལ་རང་དབང་མེད་པ་དང་ཁོ་མི་ཁོག་ཆུང་ཞིག་ཡིན་པའང་གསལ་བོར་བསྟན་འདུག་ཅེས་མང་པོས་ལབ་ཀྱིན་འདུག །

    Reply
  11. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    ཁོ་ལ་ལོ་གསར་གྱི་འཚམ་འདྲི་བཟང་པོ་ཞིག་བྱས་འདུག ད་དུང་ལྷྭམ་ཡ་ཅིག་དེ་གང་ནས་རྙེད་རྒྱུ་ཡིན་མི་ཤེས། ལྷྭམ་ཡ་ཅིག་དེ་ཧུའུ་ལ་བསྐོན་རྒྱུ་བྱས་ན་ཇི་འདྲ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese