བོད་མི་གཉིས་ལ་ཁྲིམས་གཅོད།

ལོ་སྔོན་མའི་ནང་ཞི་རྒོལ་སྐབས་སུ་མདོ་དབུས་ཁམས་གསུམ་གྱི་བོད་མི་མང་པོ་བཙོན་དུ་ཚུད་ཡོད་པར་ད་ལྟ་ཉིན་རེ་རེར་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་པའི་གནས་ཚུལ་ཐོན་གི་ཡོད་པ་དང༌། ཁམས་དཀར་མཛེས་ཕྱོགས་ནས་མི་གཉིས་ལ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་སླེབས་ཡོད་པ་རེད།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་ ༡ པོའི་ནང་དཀར་མཛེས་མདའ་མདོ་ཤང་མདའ་མདོ་གྲོང་ནས་ཡིན་པ་ཕ་ཚེ་འདས་སངས་རྒྱས་དབང་ཕྱུག་དང༌། མ་ཡར་སྐོང་གཉིས་ཀྱི་བུ་རང་ལོ་ ༢༩ ཡིན་པ་དཀར་མཛེས་དགོན་གྱི་གྲྭ་ངག་དབང་ལྷུན་གྲུབ་ལ་བཙོན་འཇུག་ཁྲིམས་ཐག་ལོ་ ༤ དང༌། གསེར་མཁར་བྲག་ཁ་གྲོང་ནས་ཡིན་པ་དཀར་མཛེས་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་པད་མ་ལྷ་མོ་ལ་ལོ་ ༣ གྱི་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་ཕྱོགས་སུ་ཁྲིད་ཡོད་འདུག ངག་དབང་ལྷུན་གྲུབ་ཀྱིས་གྲྭ་སྐལ་ཉི་མ་དང་ལྷན་ ༢༠༠༨ ཟླ་ ༦ ཚེས་ ༩ ཉིན་ཞི་རྒོལ་སྐད་འབོད་གནང་བ་དང༌། པདྨ་ལྷ་མོས་བཙུན་མ་དྲུག་དང་མི་སྐྱ་ཞིག་གི་ལྷན་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་དཀར་མཛེས་རྗོང་ཐོག་ཏུ་ཞི་རྒོལ་གནང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply