དེ་རིང་གི་ཞིན་ཧྭ་དྲ་ངོས།

དེ་རིང་ངས་རྒྱ་ནག་གཞུང་གི་ཞིན་ཧྭ་དྲ་ཚིགས་ལ་བལྟས་པ་ཡིན། བོད་ཡིག་བཤད་ཅི་དགོས། དབྱིན་ཡིག་དང་རྒྱ་ཡིག་གི་དྲ་ངོས་ཀྱི་གསར་འགྱུར་མགོ་བརྗོད་ཕལ་ཆེ་བ་བོད་ཀྱི་སྐོར་རེད། དྲ་ངོས་ཡོངས་རྫོགས་བོད་དོན་གྱིས་བཀང་འདུག

བོད་དོན་འདི་ཚད་མཐོན་པོ་ཞིག་ལ་སླེབས་པའམ། ཡང་ན། ཛ་དྲག་གི་གནས་སྟངས་ཤིག་ཏུ་སླེབ་པ་གང་ཡིན་ལྟར། ད་སྐབས་རྒྱ་བོད་གཉིས་གཙོ་བྱས་པའི་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་དོན་ཚ་ཚ་འུར་འུར་གྱིས་གླེང་གི་འདུག ཕལ་ཆེར་ལོ་འདིའི་རྒྱལ་སྤྱིའི་རྩོད་གཞི་གལ་ཆེ་ཤོས་ཤིག་ནི་བོད་དོན་ཆགས་རྒྱུ་རེད། རྒྱ་ནག་གིས་ཀྱང་ལོ་རེ་ཟུང་གོང་དུ་བོད་དོན་ཟེར་བ་ཞིག་ཡོད་པ་མ་རེད་ཅེས་པའི་སྐད་ཆ་བཤད་སྟངས་དེ་བསྐྱུར་ནས། དངོས་སུ་རྩོད་གཞིའི་ཁྲོད་ཞུགས་འདུག

ལུང་རིགས།

བསྐྱར་བཅོས།: ༢༠༠༩/༠༣/༠༢

Leave a Reply

5 thoughts on “དེ་རིང་གི་ཞིན་ཧྭ་དྲ་ངོས།