ལྕམ་ཁི་ལིན་ཌོན་ལ་སྤྲིངས་བའི་འཕྲིན་ཡིག

ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལུ་རེའི་ཁུ་ལོན་ཊོན་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་ཕྱིར་ལོག་མ་ཐག རྒྱལ་ཁབ་ཕྱི་ནང་གི་གསར་ལམ་ཁག་ཏུ། ཐེངས་འདིར་ལྕམ་ཁི་ལོན་ཊོན་གྱིས་འགྲོ་བ་མའི་ཐོབ་ཐང་དང་དམངས་གཙོའི་གནད་དོན་སྣང་མེད་བྱས་སོང༌། ཞེས་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་ལ། ཕྱི་ཟླ་ ༢ པའི་ཚེས་ ༢༣ ཉིན། ཕྱི་རྒྱལ་མཉམ་འབྲེལ་རྒྱ་ནག་དམངས་གཙོ་དོན་གཉེར་ཚོགས་པའི་ཚོགས་གཙོ་ཝེ་ཅིན་ཧྲིན་ལགས་ཀྱིས་ཀྱང་ལྕམ་ཁི་ལིན་ཌོན་ལ་འཕྲིན་ཡིག་ཅིག་བསྐུར་ཡོད་པའི་ནང་བཀོད་དོན།

 

བཀུར་བར་འོས་པའི་ལྕམ་ཁི་ལིན་ཌོན་ལགས། བདག་ནི་སྲིད་འཛིན་ཁི་ལིན་ཌོན་ལགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་ཀློད་གྲོལ་བྱུང་བའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་ལ། རྙེད་པར་དཀའ་བའི་གོ་སྐབས་ཤིག་གིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་མཆོག་དང་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་མྱོང་ཞིང༌། རྗིར་ཁེ་སྲིད་འཛིན་གྱི་གསོལ་སྟོན་སྟེང་ཧ་ཝེ་ཨར་སྲིད་འཛིན་གྱིས་ཁྱེད་དང་ངོ་སྤྲོད་བྱས་བྱུང༌། ང་ཚོ་རྒྱ་ནག་གི་བཙོན་འོག་ནས་ཀློད་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པ་དག་དང་སྐབས་དེའི་རྒྱ་ནག་མི་མང་ཚོས། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་འབྲེལ་སྲིད་བྱུས་ལ་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ང་ཚོས་སྐབས་དེའི་ཨ་རིའི་སྲིད་འཛིན་གྱི་ལེགས་འགྲུབ་ལ་བསྟོད་བསྔགས་དང༌། ཆད་སྐྱོན་ལ་སྨྲེ་སྔགས་འདོན་བཞིན་ཡོད། ང་ཚོས་ཆད་སྐྱོན་ལ་སྨྲེ་སྔགས་བཏོན་པའི་རྒྱུ་མཚན་ནི། སྐབས་དེའི་གསུང་ཚིག་རེ་གཉིས་དངོས་ཡོད་དང་མི་མཐུན་པའི་རྐྱེན་གྱིས་ཡིན་སྟབས། ལྕམ་སྐུ་མཆོག་ནས་དགོངས་པ་དཀྱེལ་ཆེ་གནང་རོགས།

 

ང་ཚོས་ཕངས་སེམས་ཀྱི་སྒོ་ནས་མཐོང་ཐུབ་པ་ནི། ཁི་ལིན་ཌོན་སྲིད་འཛིན་ལས་གནས་སུ་བཞུགས་སྐབས་ནོར་འཁྲུལ་ཆེན་པོ་ཞིག་བཟོས་ཡོད། ཐོག་མར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཚོང་འབྲེལ་གྱི་གནད་དོན་ལ་གཡོལ་མྱོང་ཞིང༌། རྒྱལ་ཚོགས་ནས་བཙན་གྱིས་རྒྱ་ནག་ལ་ཚོང་འབྲེལ་གཟིགས་སྐྱོང་གི་མཆོག་མཆན་གནང་བ་དང་ཚོང་འབྲེལ་ཡུན་གནས་ཀྱི་ཐོབ་ཐང་སྤྲད་པ་རེད། གནད་དོན་འདིའི་མཇུག་འབྲས་ཀྱིས་ཨ་རི་སྙན་གྲགས་ཆགས་པར་མ་ཟད། རྒྱ་ནག་གི་དམངས་གཙོའི་ལས་དོན་ལ་གནོད་སྐྱོན་ཆེན་པོ་ཐེབས་སུ་བཅུག་ཅིང༌། ཨ་རིའི་དཔལ་འབྱོར་དང་ལས་ཞུགས་ཚོར་གནོད་འཚེ་ཆེན་པོ་ཐེབས་པའི་མཇུག་འབྲས་འདི་དག་བྱུང་བ་རེད། དཔེར་ན། ཨ་རིའི་གཞུང་གི་སྡོམ་རྩིས་ལྟར་ན། ད་ལྟའི་དུས་འདིར་ཨ་རི་དང་རྒྱ་ནག་གི་ཚོང་ལས་འཕར་ཚད། ལྡོག་ཕྱོགས་ཀྱི་བརྒྱ་ཆ་བཅུ་ནས་ཨ་སྒོར་དུང་ཕྱུར་སུམ་སྟོང་ལྷག་དང༌། སྤྱིའི་ལྷུང་འབབ་ཀྱི་བར་ཁྱད་ཨ་སྒོར་དུང་ཕྱུར་ཁྲི་གཉིས་བྱུང་ཡོད་པ་རེད། སྤྱིར་བཏང་བཤད་ན། ཁྱེད་རང་རྒྱལ་ཚོགས་སུ་ལས་གནས་སྤར་བ་ནས་བཟུང༌། ཁྱེད་ཀྱིས་གལ་ཆེའི་རིང་བཞིན་ཅན་གྱི་འདས་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་འདི་བཅོས་བསྒྱུར་བྱེད་དགོས་མོད། ཡིན་ནའང༌། ཐེངས་འདིའི་ཁྱེད་རང་རྒྱ་ནག་ལ་གཟིགས་སྐོར་ཕེབས་པའི་བྱེད་སྟངས་ལ་གཞིགས་ན། དེ་འདྲ་ཞིག་གཏན་ནས་མཐོང་གི་མི་འདུག 

 

གནད་དོན་དཔྱད་གཏམ་པ་ཚོས་རྒྱ་ནག་གི་དྲ་ལམ་ཁག་ཏུ་བརྗོད་དོན་ལྟར་ན། ད་ལྟ་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་འབྲེལ་གྱི་གནད་དོན་དེ་དག་ལ་ལག་པ་འཆང་ས་མེད་པ་ལྟ་བུར་གྱུར་ཡོད་ཚུལ་བརྗོད་ཡོད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཨ་རིའི་ཁེ་ཕན་ལ་འབྲེལ་བ་ཅི་ཡང་མེད་པ་རེད དམ། མི་ཚང་མས་ཤེས་གསལ་ལྟར། མིག་སྔའི་དཔལ་འབྱོར་ཉམས་རྒུད་ཀྱི་བྱུང་རྐྱེན་གཙོ་བོ་མ་དངུལ་ཚོད་འཛིན་མ་ཐུབ་པའི་གནད་དོན་ལས་བྱུང་བ་དང༌། ཚོང་འབྲེལ་གྱི་གནད་དོན་ཆ་སྙོམས་མིན་པ། ལྷག་པར་དུ་རྒྱ་ནག་དང་ཚོང་འབྲེལ་ཐད། རྒྱུ་ནོར་འབོར་ཆེན་གྱི་བར་ཁྱད་བྱུང་སྟབས། ཨ་རིའི་དཔལ་འབྱོར་གྱི་མ་རྐང་ལ་གནོད་སྐྱོན་ཐེབས་པ་རེད། ཨོ་པ་མཱ་སྲིད་གཞུང་གིས་ཨ་རིའི་མི་མང་ལ་དཔལ་འབྱོར་གྱི་མ་རྐང་སླར་གསོའི་སྐུལ་སློང་བྱེད་བཞྀན་ཡོད་པ་འདིར་བལྟས་ན། དཔལ་འབྱོར་ཉམས་རྒུད་སླར་གསོ་བྱེད་བཞིན་པ་འདིའི་སྔོན་འགྲོ་ཡང༌། དཔལ་འབྱོར་ཉམས་རྒུད་ལ་ཐུག་ཡོད་པ་དེ་རེད། 

 

ཨའོ་བྷ་མའི་སྲིད་བྱུས་འདིས་སྔོན་འགྲོའང་ཕྱི་འབྲེལ་བར་ཁྱད་དང་མ་དངུལ་ཉམས་ཆག་གིས་བཀག་རྒྱ་ཐེབས་ཡོད། དེ་མིན་ཨ་སྒོར་དུང་ཕྱུར་མང་པོའི་ཁ་གསབ་དེ་རྒྱ་ནག་སྲིད་གཞུང་དང༌། རྒྱ་དམངས་བཟོ་གྲྭའི་ཁེ་སྤོགས་སུ་འགྱུར་ངེས། འོ་ན་རྒྱ་ནག་གི་མ་དངུལ་གྱི་བར་ཁྱད་དེ་ཇི་ལྟར་བྱུང་བ་ཡིན་ནམ། གནས་ཚུལ་འདི་དག་ལ་གཞིགས་ན་རྒྱུ་རྐྱེན་གཙོ་བོ་གཅིག་ཡོད། དེ་ནི་རྒྱ་ནག་གི་ཚོང་འབྲེལ་ཆ་རྐྱེན་ཆ་སྙོམས་མིན་པའི་རྐྱེན་གྱིས་རེད། རྒྱ་ནག་ནི་ཚོང་རྭའི་དཔལ་འབྱོར་གྱི་རྒྱལ་ཁབ་ཞིག་མིན་པར་ཏང་གཅིག་གི་སྲིད་དབང་སྒེར་གཅོད་བྱེད་པའི་སྒེར་གཅོད་ལམ་ལུགས་ཀྱི་རྒྱལ་ཁབ་ཞིག་ཡིན་སྟབས། ཚོང་འབྲེལ་ཡང་སྲིད་གཞུང་གིས་སྟངས་འཛིན་དང་སྒེར་སྡོམ་བྱེད་བཞིན་ཡོད་པ་ལས། ལས་བཟོ་བར་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་ཀྱི་དབང་ཆ་མེད།

 

གསར་ལམ་ཁག་ཀྱང་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པར་བརྟེན། དངོས་ཡོད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྱིས་ཚོང་འབྲེལ་གྱི་ཆ་རྐྱེན་ཆ་མི་སྙོམས་པ་དང༌། ཚོང་འབྲེལ་རྒྱུན་ལྡན་མིན་པ་འདི་དག་གིས་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་གནོད་སྐྱོན་བྱུང་སྟེ། ད་ལྟའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་འདི་ཆགས་པ་རེད། རྒྱ་ནག་གི་ཆ་སྙོམས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཇིག་ཉེན་འདི་རྒྱུ་བྱས་ཏེ། གོ་ལ་ཡོངས་ཀྱིས་ནུས་ཁུངས་ཉམས་ཉེན་དང་ཁོར་ཡུག་འབག་བཙོག་ཅན་དུ་གྱུར་ཅིང༌། གོ་ལ་ཡོངས་ཀྱི་བདེ་འཇགས་ལ་གནོད་བཞིན་ཡོད། གནད་དོན་འདི་དག་ནི། སྐུ་ཉིད་ཀྱིས་ཐེངས་འདིའི་གཟིགས་སྐོར་མཚམས་འདྲིའི་ཁྲོད་དོ་སྣང་བྱེད་ཡུལ་ཡིན་ནའང༌། ཁྱེད་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་མ་གླེང་བ་དང༌། དེ་དག་གླེང་ཚེ་ཨའོ་བྷ་མའི་སྲིད་གཞུང་གི་དཔལ་འབྱོར་དང་བདེ་འཇགས་གནད་དོན་གྱི་ནུས་པར་ཉམས་ཉེས་གཏོང་སྲིད་གི་རེད་སྙམ་ཡོད།

 

ངས་འདི་དག་ཨ་རིའི་གཞུང་འཛིན་པ་ཞིག་གི་འགན་འཁྲིའི་ཁྱབ་ཁོངས་རེད་བསམ་གྱིན་མི་འདུག་ལ། ཐེངས་འདིའི་སྐུ་ཉིད་ཀྱི་གཟིགས་སྐོར་གྱི་དམིགས་ཡུལ་ཡང་རེད་བསམ་གྱིན་མེད། ཐེངས་འདིའི་ཁྱེད་ཀྱི་རྒྱ་ནག་གི་གཟིགས་སྐོར་དེ་འོས་འཚམས་མིན་པ་ར་སྤྲོད་བྱས་ཡོད།

རྒྱལ་ཁབ་ཕྱི་ནང་གི་དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱི་དྲ་ལམ་ཁག་ཏུ་ཁྱེད་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་དེས། ཨའོ་བྷ་མ་སྲིད་གཞུང་གི་རྣམ་པར་གནོད་སྐྱོན་ཚབས་ཆེན་བཟོས་ཤིང༌། རྒྱལ་སྤྱིའི་མང་ཚོགས་ཨ་རིའི་སྲིད་གཞུང་ལ་གོ་ནོར་ཐེབས་པར་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་མ་ཟད། ཨ་རིའི་མི་མང་གི་སྲིད་འཛིན་ཨའོ་བྷ་མར་བཅིངས་བའི་རེ་བར་གཏོར་བཤིག་ཚབས་ཆེན་ཐེབས་ཡོད། ང་ཚོའི་རེ་བར་ཁྱེད་ཀྱིས་ཐབས་ལམ་བཟང་བོའི་ཐོག་གནད་དོན་འདི་དག་སེལ་ཐབས་བྱེད་དགོས། གལ་སྲིད་གནས་ཚུལ་གང་མང་ཞིག་ཁྱེད་ལ་དགོས་མཁོ་ཡོད་ཚེ། འབྲེལ་ཡོད་ཀྱི་གནད་དོན་འགའ་ཡང་ཁྱེད་དང་མཉམ་ཏུ་གྲོས་བསྡུར་གྱི་འདོད་མོས་ཡོད། ཁྱེད་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན། ཕྱི་རྒྱལ་མཉམ་འབྲེལ་རྒྱ་ནག་དམངས་གཙོ་དོན་གཉེར་ཚོགས་པའི་ཚོགས་གཙོ་ཝེ་ཅིན་ཧྲིན་ནས། སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༢ པའི་ཚེས་ ༢༡ ཉིན་ཝ་ཤིན་ཊོན་ནས། ཞེས་བཀོད་འདུག

 

 

བོད་སྒྱུར་བྱེད་མཁན་དོན་གོ་ཡིན།

 

བསྐྱར་བཅོས།: ༢༠༠༩/༠༣/༠༤

Leave a Reply

4 thoughts on “ལྕམ་ཁི་ལིན་ཌོན་ལ་སྤྲིངས་བའི་འཕྲིན་ཡིག

  1. གཞིས་ལུས་བོད་པ།

    ནམ་ཡིན་ཡང་རང་ཉིད་ནས་མགོ་རྩོམ་ན་མ་གཏོགས་ནུབ་ཕྱོགས་པ་ལ་ལས་ཁ་ཁོག་གཉིས་མི་མཚུངས་པ་མངོན་དུ་བུད་ནི་རེད། དེས་ན་འདི་ཚོར་ཡིད་རྟོན་གང་ཡང་མི་འདུག

  2. སྟག་སྨྱོན།

    ལྕམ་ཁིན་ལིན་ཊོན་ལ་ད་ཐེངས་བསྔག་བརྗོད་ཡོད། མོས་ད་ཐེངས་ཨ་རིའི་སྲིད་ཇུས་ངོ་མ་དེ་ང་ཚོ་ལ་བསྟན་པ་རེད། ད་བར་ཨ་རིས་རྫུན་བཤད་ནས་རོགས་མི་བྱེད་ན་བྱེད་མདོག་དང་། ཤ་མི་ཚ་ན་ཚ་མདོག འགྲོ་བ་མིའི་ཐོབ་ཐང་རྩ་པོར་བརྩི་གི་མེད་ནའང་བརྩི་གི་ཡོད་མདོག་གི་གདོང་གཡོག་དེ་བཤུས་ནས། འཛམ་གླིང་ལ་ཨ་རིའི་སྒེར་སེམས་དེ་ཁ་གསལ་བོ་བཟོ་བ་རེད། གནས་ཚུལ་འདིས་ཨ་རི་ལ་རེ་སྟོང་བཅིངས་མཁན་གྱི་མི་རིགས་མང་པོ་གཉིད་ལས་སད་དུ་འཇུག་གི་རེད་འདོད།

  3. ཀླུ་ བློ་བསམ།

    ཡིན་མདོག་གི་ཁ་ཕོ་བར་སྣང་ལ་བསྒྲོགས་པའི་ལྕམ་ཁི་ལིན་དོན་ལགས་ད་ཐེངས་ཨེ་ཤཱ་ཡའི་གཟིགས་སྐོར་དེས་དམངས་གཙོ་དོན་གཉེར་བ་དང་རང་དབང་བརྩོན་ལེན་པ་སོགས་ལ་གོ་བརྡ་ལོག་པ་ཅིག་བསྐྲད་ནས་མིག་ཕུར་ཕུར་ཐེངས་འགར་བྱེད་དགོས་བྱུང་ཡོད། དེ་མ་ཟད་ཨོ་བྷ་མ་ཡིས་སྲིད་འཛིན་དམ་འབུལ་སྐབས་བཤད་པའི་སྐད་ཆ་འགའ་རེ་དང་ལྕམ་ཁི་ལིན་དོན་གྱི་གཟིགས་སྐོར་གཉིས་ཧ་ཅང་དོ་མི་མཉམ་པ་ཞིག་ཀྱང་ཆགས་ཡོད་པ་རེད། དེ་བས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་དང་དམངས་གཙོ་དོན་གཉེར་བ་སོགས་ཀྱི་འཕར་རྩ་དྲག་དུ་ལྡིང་བའི་སྙིང་ཆུང་གསོན་པོ་ཞིག་འདི་ལྟར་མོ་ལ་བསྐུར་ན་ཅི་ཞིག་བྱེད་སྲིད་དམ། འགྱོད་པ་ཞིག་མེད་ན་འང་དྲན་གསོ་ཞིག མ་འོངས་བར་དཔོན་རིགས་གཞན་རྣམས་ལ་འང་ཉེན་བརྡ་རེའི་ཆེད་དུ་འཕྲིན་འདི་ནི་གནད་དུ་འཁེལ་བ་ཞིག་བྲིས་འདུག བརྒྱུར་མཁན་ལ་འང་ཐུགས་རྗེ་ཆེ།