འཛམ་གླིང་འབྲུ་རིགས་ཀྱི་དཀའ་ངལ།

མཉམ་འབྲེལ་རྒྱལ་ཚོགས་ཞིང་ལས་ལྟ་རྟོག་སྒྲིག་འཛུགས་ཀྱིས་བརྗོད་པ་ལྟར་ན། ཉེ་བའི་ལོ་འགའི་རིང་འཛམ་གླིང་ནང་ས་ཞིང་རྨོ་འདེབས་བྱེད་མཁན་གྱི་རྒྱལ་ཁབ་ཉུང་དུ་ཕྱིན་པའི་རྐྱེན་གྱིས།  ལོ་འདིར་མ་མཐར་འཛམ་གླིང་གི་མི་གྲངས་དུང་ཕྱུར་ ༡༠ ལྷག་ལྟོགས་སྐོམ་གྱི་གནས་སུ་གྱར་རྒྱུ་ཡིན་ཚུལ་བརྗོད་ཡོད། འཛམ་གླིང་ཞིང་ལས་སྒྲིག་འཛུགས་ཚན་ཁག་གི་འགན་འཛིན་གྱིས་ཧྥ་རན་སིའི་རྒྱལ་སའི་ནང་སྐོང་འཚོགས་གནང་བའི་དངུལ་རྩ་དང་དཔལ་འབྱོར་ཉམས་ཉེས་ཀྱིས་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་ཅེས་པའི་བགྲོ་གླེང་ཚོགས་འདུའི་སྟེངབཤད་དོན། ལོ་གཅིག་གི་ཡར་སྔོན་དུ་རྒྱལ་ཁབ་མང་པོ་ཞིག་གིས་འབྲུ་རིགས་ཀྱི་རིན་གོང་མཐོ་རུ་ཕྱིན་པའི་སེམས་ཁྲལ་དང་། དཀའ་ངལ་ཅན་གྱི་རྒྱལ་ཁབ་ཁག་གིས་འདིའི་སྐོར་ལ་ངོ་རྒོལ་བྱས་ཡོད། ཡིན་ནའང། ད་ལྟའི་ཆར་རྒྱལ་སྤྱིའི་ཚོང་རྭའི་འབྲུ་རིགས་ཀྱི་རིན་གོང་མར་ཆགས་ཡོད་ན་ཡང་། འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཁག་གི་རིན་གོང་ལ་འགྱུར་བ་ཅི་ཡང་འབྱུང་གི་མེད་པས། ང་ཚོའི་སྔོན་རྩིས་ལྟར་ན་ ༢༠༠༩ ལོར་དཔལ་འབྱོར་ཉམས་ཉེས་སོགས་ལ་རྐྱེན་བྱས་ཏེ་སྔོན་མ་ལས་མི་གྲངས་དུང་ཕྱུར་ ༡ དང་ཁྲི་ ༤༠༠ ལྷག་འཕར་སྣོན་བྱས་ཏེ། མི་གྲངས་དུང་ཕྱུར་ ༡༠ ལྷག་ལ་བཀྲེས་ལྟོགས་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་འདུག འདི་ནི་འདས་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གྲངས་ཀ་ཞིག་ཡིན་སྟབས།  འཛམ་གླིང་རྒྱལ་ཁབ་ཁག་གིས་ཞིང་ལས་ཐོན་སྐྱེད་ཀྱི་མ་དངུལ་འཕར་སྣོན་བྱས་ཏེ། ཞིང་པར་མ་དངུལ་གྱི་རོགས་སྐྱོར་དང་ཡོང་སྒོ་འཕར་སྣོན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། གནས་ཚུལ་དབྱེ་ཞིབ་པས་བཤད་པ་ལྟར་ན། དཀའ་ངལ་འདི་ནི་ལུས་ཤུགས་ངལ་རྩོལ་གྱི་ཚོང་རྭའི་དགོས་མཁོ་དམའ་རུ་ཕྱིན་པའི་རྐྱེན་ཡིན་པ་དང་། དཀའ་ངལ་འདིས་མི་མང་གི་འཚོ་བའི་ཆུ་ཚད་དང་ཡོང་སྒོ་ལ་གནོད་སྐྱོན་ཐེབས་བཞིན་པ་མ་ཟད། འབྲུ་རིགས་འཕར་སྣོན་དང་སྡེབ་ཚོང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “འཛམ་གླིང་འབྲུ་རིགས་ཀྱི་དཀའ་ངལ།

  1. བློ་བཟང་རབ་དགའ།

    འདྲེ་རིག་ལྡན་ལགས།་་་་་་་་་་་་་་་་་་་་་དེ་འདྲའི་བློ་ཁ་ཕྱོགས་པ་མགྱོག་པ་ལ།་ཞིང་ཁ་འདེབས་ལས་ཁྱེད་ཀྱིས་བྱེད་དགོས་ཟེར་བ་མ་རེད།་དེ་ཕལ་ཆེར་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་ཀྱི་བོད་མི་རྣམས་ལ་རྒྱབ་སྐྱོར་བྱས་ཡིན་ཚོད་འདུག་་་་་་་་གཞིས་ཆགས་དེར་དེ་སྔོན་གླང་ཆེན་གྱིས་ས་ཞིང་འདེབས་ལས་ལ་གནོད་སྐྱོན་གཏོང་གི་ཡོད་པ་དེ་ལྟར་ཡང་༸གོང་ས་མཆོག་གི་བཀའ་དྲིན་ལས་གཞུང་ནས་འགྲོ་གྲོན་ཆེན་པོ་བཏང་ཏེ་ད་ཆ་གླང་ཆེན་བཀའ་འགོག་གིས་ནགས་མཐར་ས་དོང་གཏིང་རིང་བྲུས་ཏེ་གླང་ཆེན་མ་མཐར་བ་བཟོས་ཚར་ཡོད་ན་ཡང་ད་དུང་གཞིས་མི་དེ་ཚོས་འདི་ལོ་ཕལ་ཆེར་ཞིང་ཁ་འདེབས་མཁན་ཉུང་ཉུང་རེད།་་་་་་་་་གལ་སྲིད་འདྲ་རིག་ལྡན་ཁྱེད་ཞིང་ཁ་འདེབས་པར་འདོད་ན་ས་སྟོང་ཧུན་སུར་གཞིས་ཆགས་ན་འདུག