མི་ ༣ ལ་ཁྲིམས་ཐག་བཅད།

གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་ཕྱི་ཚེས་ ༧ ཉིན་རྔ་བ་ཁུལ་མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་གིས་སྔར་ལོའི་ཞི་རྒོལ་ནང་འཛུལ་ཞུགས་བྱས་པའི་ཉེས་མིང་འོག རྔ་བ་རྫོང་གཅའ་ཞང༌། སྟར་རིང་ཚང་གི་རང་ལོ་ ༢༩ ཡིན་པའི་བུ་ཆེ་བ་འཇམ་དཔལ་དང༌། རང་ལོ་ ༢༣ ཡིན་པའི་བུ་ཆུང་བ་བླ་མ་གཉིས་ལ་ལོ་ ༤ རེ་དང། སྐྱ་འཇིགས་ཚང་གི་རང་ལོ་ ༢༧ ཡིན་པའི་བུ་རྣམ་ཁོ་ལ་ལོ་ ༣ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག ད་ལྟ་ཁོང་གསུམ་མཛོད་དགེ་རྫོང་ཐོག་ཏུ་ཡོད་ནའང། མི་འགྱངས་པར་བཙོན་ཁང་གཞན་ཞིག་ཏུ་སྐྱེལ་འཆར་ཡོད་འདུག 

 

ཁོང་ཅག་སྔར་ལོ་བོད་ནང་དོན་རྐྱེན་བྱུང་རྗེས་རྔ་བ་རྫོང་ཉེན་མི་སྣ་ཐེངས་འགར་འཛིན་བཟུང་བྱེད་དུ་ཡོང་ཡོད་ཀྱང། བྲོས་བྱོལ་གྱིས་དུས་ཡུན་གང་འཚམ་རིང་རྒྱ་ལག་ཏུ་ཚུད་མེད་མོད། འོན་ཀྱང། སྟབས་མ་ལགས་པར་སྔར་ལོའི་ཟླ་ ༨ ཚེས་ ༡༡ ཉིན་གཅའ་ཞང་ཐོག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་བར་ས་གནས་མང་པོ་བརྗེ་སྤོར་གྱིས་བཀག་ཉར་འདྲི་རྩད་བྱས་མཐར་ཟླ་འདིའི་ཕྱི་ཚེས་ ༧ ཉིན་དངོས་སུ་ཁྲིམས་ཐག་བཅད་ཡོད་འདུག གོང་གི་གནས་ཚུལ་དེ་ཀིརྟི་བྱེས་པ་གྲྭ་ཚང་ཛ་དྲག་འབྲེལ་མཐུད་ཚོགས་ཚུང་གིས་མཁོ་སྤྲོད་བྱས།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “མི་ ༣ ལ་ཁྲིམས་ཐག་བཅད།

  1. ཨ་མའི་གཅེས་ཕྲུག

    གངས་རིའི་དཔའ་རྒོད་ཚོ། ཁྱེད་རྣམས་ཀྱི་མནར་གཅོད་དཀའ་སྡུག་རྣམས་གངས་ཅན་པའི་དོན་དུ་ཡིན་ལ་བོད་པ་ཚང་གི་མི་བུ་རྣམས་ཀྱི་སེམས་ཀྱི་གཅེས་ཕྲུག་ཡང་ཁྱེད་རྣམས་ཡིན། རི་བོ་གངས་ཅན་པ་རྣམས་ཀྱི་ནམ་ཡང་ཁྱེད་རྣམས་བརྗེད་མི་སྲིད། གང་ལྟར་དཀོན་མཆོག་མཁྱེན་་་་་་་་

  2. གངས་རིའི་གླིང་བུ།

    ་་ཁྱེད་རྣམ་པའི་དཀའ་སྡུག་གི་ལོ་ཟླ་རིང་མོ་་་་་་བོད་པ་ཚང་གི་དཀའ་སྡུག་གི་ལོ་ཟླ་རིང་མོ་ཡིན་ལ་་་་་་ཁྱེད་རྣམ་པའི་མུན་ཁྲོད་ཀྱི་དུས་ཚིགས་ནག་པོ་་་་་གདོང་དམར་ཚང་གི་མུན་ཁྲོད་ཀྱི་དུས་ཚིགས་ནག་པོ་ཡིན་་་་་ཁྱེད་ཚོའི་མནར་གཅོད་དང་དཀའ་སྡུག་དག་མི་རིགས་ཤིག་གི་མནར་གཅོད་དང་དཀའ་སྡུག་ཡིན་ལ་་་་དེ་དག་དོན་སྙིང་ལྡན་པའི་ན་ཟུག་ཅིག་མ་ཡིན་ནམ།