སར་ཁོ་ཛེ་ལ་གཡོལ་བ།

༧གོང་ས་མཆོག་ལ་པཱ་རེ་སིའི་མི་སེར་མཚན་མཐོང་གི་ཕྱག་འཁྱེར་འབུལ་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱ་ནག་གི་མི་སེར་རྣམས་ཀྱིས་ཧྥ་རན་སིའི་སྲིད་འཛིན་སར་ཁོ་ཛེ་དང་ཁོའི་སྲིད་གཞུང་གིས་བོད་ལ་བཟུང་བའི་རྣམ་འགྱུར་གྱི་དབང་གིས་ཧྥ་རན་སིའི་ནང་དུ་ལྟ་སྐོར་ལ་འགྲོ་གི་མི་འདུག་ཟེར།

གཟའ་མཇུག་འདིར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་མཐུན་ཚོགས་ཀྱི་ཚོགས་གཞོན་ཇའི་ཞའོ་ཏུང་ཟེར་བས་བྷུ་ར་ཛིལ་ནས་ཨེ་པེ་གསར་ཁང་ལ་བརྗོད་དོན། སྲིད་འཛིན་སར་ཁོ་ཛེ་ཡིས་ལོ་སྔོན་མའི་ཨོ་ལིམ་པིག་སྔ་རྗེས་སུ་ག་རེ་བྱས་པ་དེར་མ་དགའ་བའི་རྐྱེན་གྱིས་དེང་སྐབས་རྒྱ་ནག་གི་མི་སེར་ཧྥ་རན་སིར་འགྲོ་མཁན་གྱི་གྲངས་འབོར་དེ་མངོན་གསལ་གྱིས་ཉུང་དུ་སོང་ཡོད་ཟེར།

ཇའི་ཞའོ་ཏུང་གིས་བཤད་དོན། ཁོང་ཚོ་སར་ཁོ་ཛེ་དང་ཁོའི་སྲིད་གཞུང་ལ་གཡོལ་དོན་ནི་ལོ་སྔོན་མ་ཨོ་ལིམ་པིག་དཔལ་འབར་འཁྱེར་དུས་ཀྱི་དོན་རྐྱེན་དང་། ཕྱི་ཟླ་ ༡༢ པའི་ནང་སར་ཁོ་ཛེ་དང་ཏཱ་ལའི་བླ་མ་གཉིས་ཐུག་འཕྲད་བྱས་པའི་རྐྱེན་གྱིན་རེད་ཟེར་ལ། ཡུ་རོབ་གླིང་ནས་རྒྱ་ནག་གི་ཡུལ་སྐོར་བ་ཚོའི་སྙེག་ས་གཙོ་བོ་ནི་ཧྥ་རན་སི་ཡིན་ཡང་། པཱ་རེ་སིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱི་དབང་གིས་ཉེ་བའི་ཆར་ནས་ཧྥ་རན་སིར་འགྲོ་མཁན་ཇེ་ཉུང་དུ་ཕྱིན་པ་རེད་ཟེར།

ཟླ་མགོ་འདིར་ཡང་༧གོང་ས་མཆོག་ལ་པཱ་རེ་སི་གྲོང་ཁྱེར་གྱི་མི་སེར་མཚན་མཐོང་གི་ཕྱག་འཁྱེར་འབུལ་རྒྱུ་ཡིན་སྐོར་གསར་ལམ་ཁག་ཏུ་སླེབ་མ་ཐག་པེ་ཅིན་གྱིས་ཧྥ་རན་སིར་བོད་ཀྱི་གནད་དོན་ཕྱོགས་ནས་ནོར་འཁྲུལ་བསྐྱར་དུ་ཤོར་མ་འཇུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

འཆར་ཟླའི་ཚེས་ ༦ ནས་ ༨ བར་དུ་༧གོང་ས་མཆོག་ཧྥ་རན་སིར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “སར་ཁོ་ཛེ་ལ་གཡོལ་བ།

  1. བློ་གྲོས་རྒྱལ་པོ།

    རྒྱ་དཔོན་ཁོ་ཚོ་ངུ་རུ་ཆུག དྲང་བདེན་གྱི་ཉི་མ་སྦར་མོས་འགེབས་མི་ཐུབ་པ་ཆོས་ཉིད་རེད།

  2. བློ་བཟང་རབ་དགའ།

    ངོ་ཚ་དང་ཡ་ངས་དབེན་པའི་རྒྱའི་དཔོན་ངན་དེ་ཚོས་ཅི་ཞིག་བརྗོད་བཞིན་པ་རེད།ཧྤ་རན་སིའི་གཞུང་གི་དྲང་བདེན་ལ་རྒྱབ་སྐྱོར་དང་ངན་པ་ཚར་གཅོད་ཀྱི་བྱ་བ་དེ་ནོར་བར་ངོས་འཛིན་གྱི་ཡོད་པ་རེད།གང་ལྟར་༸གོང་ས་མཆོག་གི་མཛད་འཕྲིན་ལ་དུས་ནམ་ཡང་འགོག་རྐྱེན་དཀའ་ལ་རྒྱ་ངན་ཚོ་སྐད་ངན་མང་ཙམ་ཤོར་དགོས་པའི་གནད་དོན་དེ་ཡང་དོན་སྙིང་དང་ཕུག་བསྨ་མེད་པའི་དམར་པོའི་སྲིད་དབང་ཁོ་ནས་བཟོས་པ་རེད།་རྒྱའི་དཔོན་ངན་ཚོ་རྐུབ་ཚགས་ཤོར་དགོས་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་གི་བཟོ་རྒྱུ་ཉག་ཅིག་རེད།