མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཆེན་མཐར་ཕྱིན་སློབ་མ་ ༦༨༠ ཉེན་རྟོག་པ་བཟོས་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

√                        
མཚོ་སྔོན་ས་ཁུལ་དུ་ཉེན་རྟོག་པ་གསར་བ་བསྡུ་རུབ་བྱ་དོན་ནི། བོད་རིགས་སློབ་ཆེན་པ་རྣམས་སློབ་མཐར་ཕྱིན་རྗེས་ལས་ཞུགས་མ་ཐུབ་པར་སྤྱི་ཚོགས་ཁྲོད་མི་རིགས་འཐབ་རྩོད་དང་ངོ་རྒོལ་གྱི་སྣེ་འཁྲིད་མཁན་དུ་འགྱུར་བཞིན་ཡོད་པའི་གནས་སྟངས་ཞི་འཇགས་ཡོང་ཐབས་དང་། བོད་ཁུལ་དུ་ཉེན་རྟོག་པའི་དཔུང་སྡེ་སྲ་བརྟན་དུ་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ལ་བཀག་སྡོམ་དང་དྲག་གནོན་བྱ་ཆེད་ཡིན་འདུག

བོད་ནས་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་པ་ལྟར་ན། ལོ་སྔོན་མར་བོད་ནང་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་རྒྱ་གཞུང་གིས། བོད་ས་ཁུལ་དུ་དམག་མི་འབོར་ཆེན་གནས་སྤོར་བྱས་ཏེ་བོད་མི་ཚོར་དམ་དྲག་བྱས་དང་བྱེད་བཞིན་ཡོད་ནའང་། ལོ་འདིའི་སྤྱི་ཟླ་གསུམ་པ་ནས་བཟུང་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོང་གཏོགས་ཀྱི་བོད་པའི་ཁུལ་དང་རྫོང་། ཞང་སོགས་རིམ་པར་དྲག་ཆས་དམག་མི་དང་ས་གནས་ཉེན་རྟོག་མི་སྣའི་གྲངས་འབོར་མང་དུ་གཏོང་ཆེད་ཡིག་ངག་གཉིས་ཀྱི་ཐད་ནས་རྒྱུགས་བླངས་ཏེ་ཉེན་རྟོག་མི་སྣ་གསར་བ་བསྡུ་རུབ་བྱས་ཡོད་འདུག། ཐེངས་འདིའི་ཡིག་རྒྱུགས་ཀྱི་ཐོག་མའི་ཆ་རྐྱེན་ནི་ངེས་པར་དུ་མཚོ་སྔོན་ས་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མ་ཡིན་དགོས་པ་ལས། ཁྲིམས་འཛིན་སློབ་གྲྭའི་ཆེད་ལས་ཡིན་མིན་ལ་མ་ལྟོས་བར་ཆེད་ལས་ངེས་མེད་ཀྱི་སློབ་མ་བསྡུ་རུབ་དང་། སློབ་མཐར་ཕྱིན་སྟེ་ལས་མེད་དུ་ལུས་པའི་ཁྲོད་བསྡུ་རུབ་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་བོད་ཀྱི་ས་ཁུལ་གང་སར་མི་རིགས་དབྱེར་མེད་ཀྱི་སློབ་ཆེན་པ་ཚོར་འདི་ལོའི་ཟླ་ ༤ པའི་ཚེས་ ༢༥དང་ ༢༦ ཉིན་གཉིས་རིང་ཞིང་ཆེན་དང་ཁུལ། རྫོང་སོགས་སུ་ཡིག་རྒྱུགས་བླངས་ཏེ་བསྡུ་རུབ་བྱས་ཡོད་འདུག

ཐེངས་འདིའི་ཉེན་རྟོག་མི་སྣ་བསྡུ་རུབ་ཁྲོད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཉེན་རྟོག་མི་སྣ་ ༣༤ བསྡུ་རུབ་བྱས་ཡོད་པ་དང་། མཚོ་ཤར་བོད་རིགས་རང་སྐྱོང་ཁུལ་དུ་ ༢༨།  མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་དུ་ ༡༣༠། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ ༩༧།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ ༡༠༡།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ ༡༠༨།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ ༩༡།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ ༩༡ བཅས་བསྡུ་རུབ་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་བོད་ཀྱི་རང་སྐྱོང་ཁུལ་བདུན་ནང་ཁྱོན་སྡོམ་ཉེེན་རྟོག་མི་སྣ་ ༦༨༠ བསྡུ་རུབ་བྱས་ཡོད་འདུག ཁོང་ཚོས་ཐེངས་འདིའི་ཉེན་རྟོག་མི་སྣ་བསྡུ་རུབ་བྱ་ཡུལ་གཙོ་བོ་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ལས་གནས་མེད་པར་ལོ་མང་འགོར་བའི་སློབ་མ་དང་མཐར་ཕྱིན་ལ་ཉེ་བའི་སློབ་མ་དག་ཡིན་འདུག

རྒྱ་གཞུང་གིས་དམིགས་ཡུལ་གཉིས་ཀྱི་སྟེང་ནས་ཐེངས་འདིར་མི་སྣ་བསྡུ་རུབ་ཀྱི་ཐབས་ལམ་གསར་བ་འདི་བེད་སྤྱོད་བྱས་ཡོད་འདུག  དམིགས་ཡུལ་དང་པོ་ནི།  བོད་རིགས་སློབ་ཆེན་སློབ་མ་རྣམས་སློབ་མཐར་ཕྱིན་རྗེས་ལས་ཞུགས་མ་ཐུབ་པར་སྤྱི་ཚོགས་སྟེང་ལུས་ཡོད་སྟབས། དེ་དག་སྤྱི་ཚོགས་ཁྲོད་མི་རིགས་འཐབ་རྩོད་དང་ངོ་རྒོལ་གྱི་སྣེ་འཁྲིད་མཁན་དུ་འགྱུར་བཞིན་ཡོད་པའི་གནས་སྟངས་ཞི་འཇགས་ཡོང་ཐབས་དང་། གཉིས་པ། བོད་ཀྱི་ས་ཁུལ་དུ་ཉེན་རྟོག་པའི་དཔུང་སྡེ་གསར་བ་འཛུགས་སྐྲུན་དང་ཇེ་བརྟན་དུ་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ལ་བཀག་སྡོམ་ནན་མོ་བྱ་རྒྱུའི་དམིགས་ཡུལ་ཡིན་འདུག།དེ་བཞིན་རྒྱ་ནག་ནང་ཁུལ་གྱི་རྒྱ་ནག་ཧེ་ནན་གླིང་ཕྲན་གྱི་ས་ཁུལ་ཁག་ཅིག་དུའང་བོད་ཀྱི་སློབ་ཆེན་སློབ་མ་ ༡༠༠ ལྷག་སྤྱི་བདེ་ཉེན་རྟོག་པའི་ལས་གནས་སུ་བསྡུ་རུབ་བྱེད་ཀྱིན་ཡོད་སྟབས།  བོད་ནང་གི་སློབ་ཆེན་པ་ཚོས་འདི་ནི་བོད་རང་གི་ས་ཁུལ་དུ་བོད་མིའི་ཉེན་རྟོག་མི་སྣ་ཇེ་མང་དུ་བཏང་སྟེ་ད་ཡོད་འཐབ་རྩོད་ཀྱི་ངོ་བོར་འགྱུར་བ་གཏོང་ཆེད་དང་མ་འོངས་པའི་མི་རབས་རྗེས་མའི་འཐབ་རྩོད་ཀྱི་འདུན་པ་རྩ་གཏོར་བྱ་ཆེད་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 9

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=qnppKeytspA

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ལྕགས་ལམ་འབབ་ཚིགས་ཀྱི་ཚོང་ལས་དང་ཞབས་ཞུ་མཐའ་དག་བོད་མི་ཚོར་སྤྲོད་དགོས་པ་རེད། འདིས་བོད་མི་ལས་མེད་ཚོའི་དཀའ་ངལ་སེལ་ཐུབ་གི་རེད།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སྔོན་མ་མདོ་དབུས་ལྕགས་ལམ་འགྲུབ་ལ་ཉེ་ཁ་དེར། ང་ཚོས་ལྕགས་ལམ་འདིའི་དོ་དམ་དང་ཞབས་ཞུ་སོགས་ཀྱི་ལས་ཀ་བོད་རིགས་རྣམས་ལ་སྤྲོད་དགོས་པར་བཤད་པ་རེད། བོད་ས་ཁུལ་ལ་སླེབས་མ་ཐག་ཞབས་ཞུ་གང་ཅིའི་ཐད་ནས་བོད་ཀྱི་ཁྱད་ཆོས་ཡོད་པ། ཡུལ་སྐོར་བ་རྣམས་ལ་བོད་ཀྱི་ས་བབ་ཆུ་རྒྱུན་སོགས་བོད་པ་རང་གིས་སྣེ་ཁྲིད་དེ་ལས་ཀ་བྱས་ན་ཡག་པོ་ཡོད་པར་བཤད་པ་རེད། གལ་སྲིད་རྒྱ་ནག་གཞུང་གིས་བོད་པའི་སློབ་ཆེན་མཐར་ཕྱིན་པ་རྣམས་ལ་ལས་ཀའི་གོ་སྒྲིག་བྱ་མི་ཐུབ་པའི་དཀའ་ངལ་ཡོད་ན་མདོ་དབུས་མཐོ་སྒང་གི་ལྕགས་ལམ་གྱི་ལས་ཀ་ཡོངས་རྫོགས་བོད་རིགས་རྣམས་ལ་སྤྲད་པ་ཡིན་ན་དཀའ་ངལ་གཅིག་སེལ་འགྲོ་གི་རེད།

    Reply
  5. ནོར། says:
    ལོ་ 17 སྔོན།

    དགྱ་ནག་ལ་གཡོ་ཐབས་ཆེ་རུང་། ང་ངའི་སྤུན་ཟླ་ཚོར་ཡིད་ཆེས་དེ་ལས་ཆེ།

    Reply
  6. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    སློབ་ཆེན་པ་དེ་དག་རང་མགོ་རྡུང་བའི་ཐོ་བ་ཞིག་ཏུ་མི་འགྱུར་བར་སྨོན།

    Reply
  7. ཡོན་བྷེ། says:
    ལོ་ 17 སྔོན།

    རེད་མ་གཞི་ཇུས་འདི་ཧ་ཅང་གསལ་བོ་ཡིན་པ་མ་ཟད་གཏིང་ནག་པོ་ཞིག་ཀྱང་རེད། ཡིན་ནའང་ང་ཚོས་ངོས་ནས་བསམ་བློ་གཏོང་དགོས་ས་མང་པོ་ཡོད་ལ། གལ་སྲིད་ལམ་ལྷུང་བྱུང་ན་ཁེ་ཕན་ཡང་ཆེན་རེག་ཐུབ། སྤྱིར་སློབ་ཆེན་མཐར་ཕྱིན་སློབ་མ་དེ་ཚོ་འདི་ལྟར་གཉེན་རྟོག་རུ་ཁག་ཏུ་ཆེད་མངག་བསྡུ་རུབ་བྱེད་དགོས་པ་ལ་རྒྱུ་མཚན་དང་དམིགས་ཡོད་རུང། སློབ་ཆེན་མཐར་ཕྱིན་གྱི་སློབ་མ་ཁོ་ཚོས་ངོས་ནས་ལག་ལེན་དང་བསམ་བློ་གཉིས་ཆ་སྐྱོན་མེད་ཅིག་བྱས་པ་ཡིན་ན། འདི་ལྟར་གཉེན་རྟོག་རུ་ཁག་ཏུ་འཛུལ་ཞུགས་བྱེད་རྒྱུ་བྱུང་བ་ཡང་གོ་སྐབས་ཤིག་ལོས་ཡིན། ལས་དཀའ་འདི་འདྲ་བྱས་པ་ཡིན་ན་གྲུབ་འབྲས་ཐོན་ཐུབ་རྒྱུ་གསལ་བོ་ཡིན། འདིའི་ཐད་ང་ཚོར་དཔེ་མཚོན་ལེགས་པོ་ཞིག་ཡོད། རྒྱ་ནག་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་ཕྱར་ནས་མ་རྩ་རིང་ལུགས་ཀྱི་ལམ་དུ་ཤར་བསྐྱོད་བྱེད་བཞིན་མི་འདུག་གམ། དེས་ན་ཁོ་ཚོས་ཀྱང་ཀྲུང་གོའི་གཉེན་རྟོག་རུ་ཁག་གི་དར་ཆ་ཕྱར་ནས་བོད་ཀྱི་རྩ་དོན་ལ་ཕྱི་རྗེས་འཇོག་ཐུབ་ངེས་རེད་སྙམ།

    Reply
  8. གནས་ཚང་། says:
    ལོ་ 17 སྔོན།

    ངས་མཐོང་བའི་ཡིག་ཆ་ལྟར་ན། མཚོ་སྔོན་ནང་དུ་བོད་རིགས་རང་སྐྱོང་ཁུལ་དྲུག(དེའི་ནང་དུ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་འདུ)ལས་མི་འདུག་པས། བདུན་པ་དེ་གང་ནས་ཐོན་པ་རེད་དམ། གསར་འགོད་པས་ངེས་པར་དུ་དོ་སྣང་བྱེད་འོས་ཀྱི་གནད་དུ་འདོད།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    གུང་ཁྲན་ཚོགས་པ་ཡ་ཁྱོད་ངོ་གཡོ་སྒྱུ་ཆེ་གི་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese