རྒྱ་ནག་གི་ཉེན་རྟོག་པས་བོད་མི་ངོ་རྒོལ་བའི་ནང་མེ་མདའ་བརྒྱབས་ཏེ་མི་གཅིག་རྨས་ཤིང་། མི་གཉིས་ལ་རྡུང་སྟེ་རྨས་སྐྱོན་ཕོག་ཡོད་འདུག
ཁུངས་ལྡན་གནས་ཚུལ་ལྟར་ན། ཕྱི་ཟླ་ ༥ པའི་ཟླ་མཇུག་ལ་འཇོ་མདའ་རྫོང་ནས་ལོ་སྔོན་མའི་དོན་རྐྱེན་གྱི་ཆེད་དུ་རྨོ་འདེབས་མཚམས་འཇོག་གི་ལས་འགུལ་སྤེལ་བར་བརྟེན། རྒྱའི་ཉེན་རྟོག་པས་ངོ་རྒོལ་བ་རྣམས་ཀྱི་ཁྲོད་མེ་མདའ་བརྒྱབས་ཏེ་ཚེ་རིང་ཞུ་བ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། ཕ་དགའ་དང་ལྷ་དར་ཞུ་བ་གཉིས་ལ་རྡུང་སྟེ་རྨས་སྐྱོན་ལྗིད་མོ་ཕོག་ཡོད་འདུག སངས་དགའ་ཞུ་བ་ཞིག་ལའང་མེ་མདའི་ཞབས་ཀྱིས་རྡུང་ཡོད་འདུག
ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ཚང་མ་འཇུས་ཡོད་ཀྱང་། རྗེས་སུ་བུད་མེད་བསོད་ནམས་དཔལ་མོ་ཞུ་བ་དང་། བློ་བཟང་དཔལ་ལྡན། ཡེ་ཤེས་རྡོ་རྗེ་གསུམ་མ་གཏོགས་གཞན་རྣམས་གློད་ཡོད་ཚུལ་འདུག