ཕྱི་ཚེས་ ༦ ཉིན་ཧི་མ་ལ་ཡའི་ནང་བསྟན་རིག་གཞུང་ཚོགས་པ་དང་ཧི་མ་ལ་ཡའི་ནང་བསྟན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་༧གོང་ས་མཆོག་གི་འཁྲུངས་སྐར་རྟེན་འབྲེལ་དེ་ལྡི་ལི་ནས་འཚོགས་རྒྱུ་ཡིན་འདུག
འཁྲུངས་སྐར་མཛད་སྒོའི་ཉིན་༧གོང་ས་མཆོག་སྐུ་དངོས་སུ་མཛད་སྒོར་ཕེབས་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་མཁས་དབང་ཨབ་ཌུལ་ཁ་ལམ་མཆོག་མཆོག་ནི་སྐུ་མགྲོན་གཙོ་བོ་ཡིན་འདུག དེ་བཞིན་ཧི་མ་ལ་ཡའི་རི་བརྒྱུད་ལ་གཏོགས་པའི་མངའ་སྡེ་དག་གི་སྤྱི་ཁྱབ་བློན་ཆེན་རྣམ་པ་སྟེ། ཇམ་མུ་ཀཤཱི་སྨིར་གྱི་མངའ་སྡེ་བློན་ཆེན་དང་། ཧི་མ་ཅལ་མངའ་སྡེའི་བློན་ཆེན། ཨུ་ཊི་ར་ཁན་ཌི་མངའ་སྡེའི་བློན་ཆེན། འབྲས་ལྗོངས་ཀྱི་མངའ་སྡེའི་བློན་ཆེན། ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྣམ་པའང་འཁྲུངས་སྐར་མཛད་སྒོ་འདིར་ཕེབས་རྒྱུ་ཡིན་པ་དང་། ཁོང་རྣམ་པ་ནི་དམིགས་བསལ་སྐུ་མགྲོན་གྱི་ཁོངས་སུ་ཡོད་འདུག
མཛད་སྒོའི་སྐབས་སུ་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་འཁྲབ་སྟོན་རུ་ཁག་རྣམས་ཀྱིས་རིག་གཞུང་གི་འཁྲབ་སྟོན་ཡང་གནང་རྒྱུ་རེད།
གོང་གསལ་གོ་སྒྲིག་ཚོགས་པ་གཉིས་ཀྱིས་གསལ་བསྒྲགས་སྤེལ་དོན། འཁྲུངས་སྐར་སྲུང་གཙི་འདི་ནི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཁག་གིས་༧གོང་ས་མཆོག་དང་བོད་མི་རིགས་ལ་ཐུགས་རྗེ་ལེགས་འབུལ་ཙམ་ཞིག་ཡིན་ཚུལ་གསུངས།
མཛད་སྒོ་ཚུགས་ཡུལ་ནི་ལྡི་ལི་གསར་པའི་ར་ཧྥི་ནག་གྷུ་ས་ཁུལ་གྱི་ མཱ་ཝ་ལན་ཁར་ཚོགས་ཁང་རེད། མཛད་སྒོ་དབུ་འཛུགས་ཀྱི་དུས་ཚོད་ནི་སྔ་དྲོའི་དུས་ཚོད་ ༡༠ པ་ནས་ཡིན་འདུག