བོད་མི་ཞིག་འཇུ་བཟུང།

ཟླ་འདིའི་ཚེས་ ༢༤ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཉེ་ཆར་ལྷ་ས་ནས་ཡིན་པའི་མིང་ལ་པ་སངས་ནོར་བུ། རང་ལོ་ ༡༩ ཡིན་པ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཞིབ་ཕྲའི་གནས་ཚུལ་ལྟར་ན། ཁོ་བོས་ཉེ་སྔོན་ནས་བོད་དོན་གྱི་གནས་ཚུལ་དང། རྒྱ་གཞུང་ལ་ངོ་རྒོལ་གྱི་ཆེད་རྩོམ་མང་པོ་ཞིག་དྲ་རྒྱའི་ལམ་ནས་ཕྱི་ཕྱོགས་སུ་མཁོ་གཏོང་དང་ཆེད་སྤེལ་བྱས་ཡོད་འདུག་ཅིང་། ལྷག་པར་ཕྱི་ཟླ་ ༨ པའི་ཚེས་ ༡༢ ཉིན་གྱི་དུས་ཚོད་ ༡ པོའི་ཐོག་ལྷ་སའི་ཚང་གྲལ་སྲང་ལམ་གྱི་ཙི་ཅན་ཝང་ཞེས་པའི་དྲ་ཁང་ནས། ཁོ་བོས་དྲ་ཐོག་ནས་༸གོང་ས་མཆོག་གི་སྐུ་པར་ ༧ དང། བོད་ཀྱི་རྒྱལ་དར་ ༤། དེ་བཞིན་བཙན་བྱོལ་གྱི་དྲ་ཚིགས་ཁག་མི་འདྲ་བ་ ༤ བཅས་ལ་བལྟ་ཀློག་དང་འདྲ་བཤུས་བྱས་པ་ལྷ་སའི་དྲ་རྒྱ་དོ་དམ་པས་ཤེས་འཕྲལ་ཉེན་རྟོག་པ་བོས་ཏེ། ཁོ་འཛིན་བཟུང་བཀག་ཉར་བྱས་ཏེ་ད་སྐབས་འདྲི་བརྩད་བྱེད་མུས་ཡིན་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “བོད་མི་ཞིག་འཇུ་བཟུང།

  1. གནས་ཚུལ་དེ་དང་གཅིག་པ་ཞིག་ང་རང་ནས་ཀྱང་ཉེ་ཆར་ཧ་གོ་བྱུང་།་ སྔ་ལོའི་ཞི་རྒོལ་བྱུང་རྗེས་ལྷ་ས་ཁུལ་ནས་རྒྱ་གར་ནས་ཕྱིར་ལོག་པའི་ན་གཞོན་ཁག་ཅིག་དང་། ལྷག་པར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ནང་ལས་ཀ་བྱས་ཏེ་དབྱིན་ཡིག་གོ་བརྡ་འཕེར་ངེས་ཀྱིས་མི་ཁག་ཅིག་ལྷ་ས་གྲོང་ཁྱེར་གྱི་བདེ་སྲུང་ཚན་པས་རྒྱུན་གཏན་ནས་ཆེད་བཙུགས་རྗེས་དེད་སོ་མྱུལ་བ་དེ་ཚོས་ངོ་རྒོལ་ནང་ཡོད་མེད་ལ་མི་ལྟ་བར་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་བཅུག་རྗེས་ཉེས་བརྡུང་བཏང་སྟེ་ཨི་མལ་ཁ་བྱང་དང་གསང་ཨང་ལེན་པ་དང་། ཁ་དཔར་ཨང་གྲངས་ལེན་ཏེ་ཕྱི་ཕྱོགས་སུ་འབྲེལ་བ་སུ་དང་བྱས་མིན་ལ་ཞིབ་འཇུག་བྱ་ཁུལ་བྱས་ཡོད་འདུག་ཅིང༌། དེ་མིན་ན་གཞོན་མང་པོ་ཞིག་གིས་སྔོན་ཚུད་ནས་དེའི་ཐད་ཤེས་རྟོགས་ཡོད་པའི་རྐྱེན་གྱིས་ཨི་མལ་ཁ་བྱང་ཁག་ཁ་ཤས་ཡོད་པ་ནས་གཅིག་གཉིས་ཙམ་གྱི་ཁ་བྱང་དང་གསང་ཨང་བདེ་སྲུང་ཚན་པར་རྩིས་སྤྲོད་བྱས་རྗེས་བདེ་སྲུང་ཚན་པས་ཁོ་པའི་ཨི་མལ་ཡོད་ཚད་དཔར་སློག་བ྄ྱས་ཏེ་ཁོ་པ་དང་འབྲེལ་ཡོད་གཞན་པར་སྐད་ཆ་འ
    དྲི་སྐབས་རྒྱ་ནག་གི་འཕྲུལ་རིགས་ཡར་རྒྱས་ཅན་ཡིན་པས་ཁྱེད་ཚོས་འབྲེལ་བ་བྱས་པའི་ཨི་མལ་ཆ་ཚང་ང་ཚོས་ཤེས་ཀྱི་ཡོད་ཅེས་མདུན་དུ་སྤུངས་ཏེ་གནས་ཚུལ་ཁས་ལེན་བྱ་བཅུག་གི་ཡོད་པའི་གནས་ཚུལ་འདུག དེ་མིན་དྲ་གནས་ཁང་ཁགགི་ནང་ཉེ་དུས་ནས་བཟུང་ཆེད་དུ་ཕྱི་ཕྱོགས་ཀྱི་དྲགས་ལྟ་ཕྱོགས་ཀྱི་མེད་པའི་གསལ་བརྡ་བྱས་པ་ ཙམ་ལས་དངོས་སུ་དྲ་གནས་ཁག་ཅིག་ལ་བཀག་འགོག་མ་བྱས་པར་མི་སུ་ཞིག་གིས་ཕྱི་ཕྱོགས་ཀྱི་དྲ་གནས་སུ་དོ་ སྣང་བྱ་གི་ཡོད་མེད་ལ་ཞིབ་འཇུག་བྱ་རྒྱུའི་ཐབས་ལམ་གསར་པ་བེད་སྤྱད་དེ་ཕྱི་ཕྱོགས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱི་དོ་སྣང་བྱེད་མཁན་ཁག་ལ་རྡུང་རྡེག་གཏོང་རྒྱུའི་ལས་གཞི་གསར་པ་ཞིག་བདེ་སྲུང་ཚན་པ་དེ་ཚོས་སྤེལ་གྱི་ཡོད་པའི་གནས་ཚུལ་དེ་གཅིག་པུ་ཙམ་མ་ཡིན་པར། ཁ་དཔར་ཡོད་ཚད་སྒྲ་བཅུག་བྱས་ཏེ་ཞིབ་འཇུག་བྱ་གི་ཡོད་པའི་ཁྲོད། རྒྱ་གར་དང་། ཨོ་སི་སྐྲི་ལི་ཡ། སྦེལ་འཇོམ། ཨ་རི་བཅས་ལ་དམིགས་བསལ་དོ་སྣང་བྱ་གི་ཡོད་འདུག་ལ། རྫོང་ཡན་གྱི་ཁ་དཔར་འབྲེལ་མཐུད་ལས་ཁུངས་ཁག་ལའང་ལྐོག་ཉན་བྱ་རྒྱུའི་ཡོ་ཆས་དཔེ་གསར་མཁོ་བཏོན་བྱས་ཏེ་རྫོང་ཁོངས་ནས་འབྲེལ་བ་བྱ་མཁན་སུ་མཆིས་ ཀྱི་ལོ་རྒྱུས་ཀྱང་ཟླ་རེར་ལྷ་ས་གྲོང་ཁྱེར་ཁོངས་སུ་གཏོང་དགོས་ཀྱི་ཡོད་པའི་ལས་གཞི་འཕར་མ་དེ་འདྲ་བཏོན་ཡོད་འདུག་པར་བལྟས་ན། ང་ཚོས་ངེས་པར་དུ་ལྷ་ས་ཙམ་མ་ཡིན་པར་བོད་ཀྱི་་ས་ཁུལ་གང་དུ་འབྲེལ་བ་བྱེད་པའམ། བོད་ནས་ཁ་དཔར་འབྱོར་ཏེ་གནས་ཚུལ་ཤེས་རྟོགས་བྱུང་བའི་རིགས་རླུང་འཕྲིན་ཁག་གི་ནང་དུ་ང་ལ་བོད་ནས་ཁ་དཔར་འབྱོར་བྱུང་ཞེས་ཕར་ངོས་ཀྱི་མི་དེར་བསམ་ཤེས་མེད་པའི་བྱེད་སྟངས་དེ་རིགས་དོར་ དགོས་པའི་ཁ་བརྡ་བྱ་དགོས་ཀྱི་འདུག་ལ། བོད་ནང་ཨི་མལ་ཐོག་ནས་འབྲེལ་ལམ་བྱ་ཕྱོགས་ལའང་ཧ་ཅང་གཟབ་ནན་བྱ་དགོས་པ་ཆགས་འདུག་སྙམ་པ་རང་གི་བསམ་ཚུལ་ཡིནན༎