སྙན་ངག་པར་རྗེས་དྲན།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་དཔའ་རྩེ་ལགས་ཀྱི་གོ་སྒྲིག་འོག བོད་ཀྱི་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་སྐུ་གཤེགས་ཏེ། བགྲང་བྱ་ཧྲིལ་བོ་ ༥ འཁོར་བར་རྗེས་དྲན་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་སྟེང་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་དཔའ་མོ་དང་། འབུམ་རིམ་པ་ཨ་རྡོར། ངལ་རྫི། ཆེད་དུ་གདན་ཞུས་སྐུ་མགྲོན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་དེང་རབས་དཔྱད་བརྗོད་པ་སྐུ་ཞབས་མེ་ལྕེ་འམ། གཅོད་པ་ཀླུ་རྒྱལ། ན་གཞོན་གསར་བའི་རྩོམ་སྒྲིག་པ་རྣོ་སྦྲེང་། དེ་མིན་ཞིབ་འཇུག་དང་དངོས་གཞི། ཆེད་སྦྱོང་བཅས་ཀྱི་སློབ་མ་སོགས་སྡོམ་པའི་ཚོགས་ཞུགས་མི་སྣ་ ༡༣༠ ཙམ་བྱུང་ཡོད་འདུག

དུས་རབས་ཉི་ཤུའི་བོད་རིགས་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་གི་རྗེས་དྲན་ཚོགས་འདུ་དེའི་སྟེང་། ཐེའུ་རང་དང་ཞོགས་ལྗང། མྱང་ཚ་དཔལ་མོ་སྐྱིད་བཅས་ཀྱིས་གཏམ་བཤད་གནང་ཡོད་འདུག་ལ། དེ་དང་མཉམ་དུ་སྐུ་གཤེགས་དམ་པ་གང་ཉིད་ཀྱི་མི་གཞི་དང་རིགས་ཞེན་གྱི་འདུ་ཤེས་ལས་འཕྲོས་ཏེད་ལྟའི་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གི་སྣང་བརྙན་དང་། སྙན་ངག་གི་ཕན་ཡོན་སོགས་དཔྱད་གླེང་གནང་ཞིང་། རིམ་གྱིས་རིག་གནས་སྤྱི་ལས་བྱེ་བྲག་ཏུ་བབ་ཅིང་། རིག་གནས་དང་མི་ཡན་གར་བ་ལ་དགག་སྒྲུབ་ཀྱི་ཕྱོགས་སུ་གྱར་ཏེ། ལྟ་ཚུལ་མཐུན་མིན་གྱི་བགྲོ་གླེང་གཟབ་རྒྱས་ཤིག་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

13 thoughts on “སྙན་ངག་པར་རྗེས་དྲན།

  1. མི་ཟས་ཡུན་རིང་ཟས་པའི་རིན་པ་ལ། སྙན་ངག་མི་ཡུལ་བཞག་པའི་རྩོམ་པ་པོ། དེང་སང་རྗེས་དྲན་ཙམ་ཞིག་ཞུ་པ་ལས། སྙན་ངག་བྲི་དོན་གོ་པ་ཤིན་ཏུ་དཀོན།

    ཡོན་ཏན་ཅན་གྱི་མི་དེ། ཁ་བ་ཅན་གྱི་ལྷ་རེད། ལ་རྒྱ་ཅན་གྱི་མི་དེ། དམར་ཁམས་གླིང་གི་རྒྱུད་རེད།
    ལྷག་བསམ་ཅན་གྱི་མི་དེ། གངས་ཅན་ཡུལ་གྱི་ནོར་རེད། སྙིང་སྟོབས་ཅན་གྱི་མི་དེ། བཙན་པོ་གདོང་གི་རྒྱུད་རེད།
    དམར་སྙིང་གི་དཀྱུལ་ནས་རྗེས་དྲན་ཞུ།