བོད་ནང་གི་ཧི་གཟུགས་ཟིན་བྲིས་སུ་བཀོད་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཡས་མས་སུ་དཀར་མཛེས་དར་མདོ་མི་རིགས་སློབ་འབྲིང་གི་དམའ་འབྲིང་འཛིན་གྲྭའི་སློབ་མ་ ༡༢ དང་། མཐོ་གཅིག་འཛིན་གྲྭའི་སློབ་མ་ ༤ ། དེ་མིན་གཞན་ ༣ བཅས་ལ་དེང་སྐབས་འཛམ་གླིང་ནང་དར་ཁྱབ་ཏུ་འགྲོ་བཞིན་པའི་ཕག་ཆམ་ H1 N1 ཟེར་བ་དེ་འགོས་ཡོད་པའི་དོགས་གཞི་བྱུང་ཡོད་འདུག་ལ། ད་ལྟ་ནད་པ་དེ་དག་ལ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། མི་གཞན་ལ་མི་འགོས་པའི་སྔོན་འགོག་གི་ལས་དོན་འདྲ་མིན་སྤེལ་གྱིན་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།