མཁའ་ལམ་གསར་བ།

རྒྱ་གཞུང་གིས། བལ་ཡུལ་གཞུང་དང་མཉམ་དུ་ཀ་ཐ་མན་གྲུ་ནས་ཀོང་ཏུང་དང་ལྷ་ས་བར་དུ་ཐད་གཏོང་མཁའ་ལམ་ཕྱེ་རྒྱུ་མོས་མཐུན་གྱིས་གྲོས་ཆོད་བཞག་འདུག

དེ་རིང་ཞོགས་པར་རྒྱ་ནག་ཞིན་ཧྭ་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༩ ཉིན་བལ་ཡུལ་གཞུང་ཡུལ་སྐོར་ལྗོངས་རྒྱུ་སྡེ་ཚན་གྱི་སྐུ་ཚབ་དང་རྒྱ་ནག་ཡུལ་སྐོར་ལྗོངས་རྒྱུ་སྡེ་ཚན་གྱི་སྐུ་ཚབ་ཚོགས་པ་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་གསུམ་པ་དེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་རུ་འཚོགས་ཏེ། ཕྱོགས་གཉིས་ནས་ད་ལྟའི་ཡུལ་སྐོར་ལས་རིགས་དང་མ་འོངས་ཡུལ་སྐོར་འཕེལ་རྒྱས་ཐད་གྲོས་ཆོད་གསར་བ་གཏན་འབེབས་བྱས་ཡོད་པ་རེད། ཐེངས་འདིའི་ཚོགས་འདུའི་གྲོས་ཆོད་ནང་དུ་རྒྱ་ནག་གཞུང་གིས། བལ་ཡུལ་གཞུང་ལ་རྒྱལ་ས་ཀ་ཐ་མན་གྲུ་ནས་རྒྱ་ནག་གི་གྲོང་ཁྱེར་ཀོང་ཏུང་དང་ལྷ་ས་བར་དུ་ཐད་གཏོང་མཁའ་ལམ་ཕྱེ་རྒྱུའི་མོས་མཐུན་དང་གྲོས་ཆོད་གཏན་འབེབས་བྱས་ཡོད་འདུག

འདིའི་ཐད་བལ་ཡུལ་ཡུལ་སྐོར་སྡེ་ཚན་གྱི་འགན་འཛིན་བྷ་ཧཱ་ཏུའུ་ཨར་ནས། ཐེངས་འདིའི་ཚོགས་འདུའི་སྟེང་བལ་ཡུལ་གྱི་གློ་སྨོན་ཐང་དང་ལ་མོ་ཐང་ས་ཁུལ་ནས་ལྷ་སའི་མ་ཕམ་གཡུ་མཚོའི་རི་རྒྱུད་སོགས་ས་ཁུལ་ཁག་ཅིག་ལ་ཕྱོགས་གཉིས་མཉམ་འབྲེལ་བྱས་ཏེ་ཡུལ་སྐོར་བྱ་བ་དར་སྤེལ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་འདུ་ཡིས་མ་འོངས་པར་ཕྱོགས་གཉིས་ཀྱི་ཡུལ་སྐོར་ཚོང་རྭའི་འཕེལ་རྒྱས་ལ་ལམ་བུ་གསར་བ་ཞིག་དང་རྨང་གཞི་གསར་བ་ཞིག་བཏིང་ཡོད་ཚུལ་བརྗོད་ཡོད་འདུག 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “མཁའ་ལམ་གསར་བ།

  1. གཅན་བཟོད་རྒྱམ།

    ད་ཡིན་ན་བལ་ཡུལ་རྒྱ་ཟེར་ནོ་ལུག་ཡོང་གི་རེད། བོད་པ་ཚོང་པ་འགའི་ལམ་འགྲོ་ཡང་རྒྱུགས་སོང་ནི་རེད་རེ།