མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མའི་ལག་ཤེས་འགྲེམས་སྟོན།

བོད་ཀྱི་དུས་བབ།
༢༠༠༩/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་ཅ་དངོས་འདི་དག་འགྲེམས་སྟོན་ལ་དམིགས་ཏེ་བཟོས་པ་མིན་པར་སློབ་མ་ཚོས་སློབ་སྦྱོང་གི་དུས་ཚོད་བེད་སྤྱད་དེ་སྦྱངས་བའི་འབྲས་བུ་ཡིན་ཟེར།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ བའི་སྟེང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་གངས་སྐྱིད་ཉིན་མོ་སློབ་གྲྭ་གཉིས་མཉམ་འབྲེལ་གྱིས་འདི་ལོའི་ལོ་མགོ་ནས་མགོ་བརྩམས་པའི་སློབ་མ་རྣམས་ཀྱི་བོད་དབྱིན་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་དང་རྩོམ་ཡིག སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་སློབ་སྦྱོང་བྱས་པའི་ལག་ཤེས་ཐོན་རྫས་ཁག་ཅིག་བཅས་འགྲེམས་སྟོན་བྱས་ཡོད་ལ།  སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གཙོས་པའི་ཤེས་རིག་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་ཀྱིས་གཟིགས་སྐོར་གནང་སོང་། སྐབས་དེར། འདི་གའི་གསར་འགོད་པས་གངས་སྐྱིད་ཉིན་མོ་སློབ་གྲྭའི་སློབ་སྦྱི་རྡོ་རྗེ་སྒྲོལ་མ་ལགས་སུ་ཐེངས་འདིིའི་འགྲེམས་སྟོན་གྱི་དམིགས་ཡུལ་སྐོར་ལ་བཀའ་འདྲི་ཞུས་པར། ཁོ་མོས། ང་ཚོའི་སློབ་མ་རྣམས་ནི་ལོ་ ༣ ནས་ལོ་ ༨ ཀྱི་བར་རེད། སློབ་མ་ཚོར་ཆུང་དུས་ནས་ཡི་གེ་འབྲི་ཀློག་ཁོ་ན་མིན་པར་འདི་ལྟ་བུའི་ལག་ཤེས་སློབ་སྦྱོང་གི་གོ་སྐབས་དང་སྦྱོང་བརྡར་སྦྲད་པ་ཡིན་ན། མ་འོངས་པར་ལག་ཤེས་སྦྱོང་བའི་དུས་ལ་བབ་ཀྱང་ལས་སླ་བོ་དང་གོམས་གཤིས་ཤིག་འཇགས་པར་ཕན་པ་འབྱུང་རྒྱུ་དང་། འགྲེམས་སྟོན་འདི་བརྒྱུད་དེ་མ་འོངས་པར་སློབ་མ་ཚོར་སྐུལ་སློང་གི་ནུས་པ་དང་དེ་དག་ལ་དགའ་སྣང་བསྐྱེད་ཆེད་ང་ཚོས་འདི་གོ་སྒྲིག་བྱས་པ་ཡིན། ལོ་སྔོན་མ་ནས་བཟུང་སྟེ་འདིའི་སྐོར་གྱི་བྱ་འགུལ་སྤེལ་བ་ཡིན་ལ། སློབ་མ་ཚོས་ཀྱང་འདིའི་སྐོར་ལ་དོ་སྣང་དང་དགའ་བོ་བྱེད་ཀྱིན་འདུག  ཐེངས་འདིར་ལག་ཤེས་ཐོན་རྫས་རིགས་མི་འདྲ་བ་དགུ་ལྷག་ཡོད། འདི་ཡོད་ཚད་དགེ་རྒན་གྱི་སློབ་སྟོན་འོག་སློབ་མ་རང་གིས་བཟོས་པའི་ལག་ཤེས་ཀྱི་འབྲས་བུ་རེེད། མ་འོངས་པར་ང་ཚོས་འདི་ལས་ལྷག་པའི་ལག་ཤེས་ཀྱི་སྦྱངས་འབྲས་འདོན་པར་འབད་པ་བྱ་རྒྱུ་ཡིན་ཅེས་བརྗོད་བྱུང་།

མེས་དཔོོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས། ལོ་སྔོན་མར་ང་ཚོའི་སློབ་གྲྭ་གཅིག་པུས་འགྲེམས་སྟོན་བྱས་པ་རེད། ཐེངས་འདིར་ང་ཚོ་མཉམ་འབྲེལ་གྱིས་བྱ་འགུལ་འདི་སྤེལ་དོན་ནི་མ་འོངས་པར་ང་ཚོའི་སློབ་གྲྭ་གཞི་རིམ་གོང་མ་དང་གངས་སྐྱིད་ཉིན་མོ་སློབ་གྲྭ་གཞི་རིམ་བར་མ་བཟོས་ཏེ་སློབ་གྲྭ་འདི་གཉིས་མཉམ་འབྲེལ་ཐོག་འཛིན་སྐྱོང་གཅིག་གི་འོག་གནས་རྒྱུ་ཡིན་སྟབས། ཐེངས་འདིར་ང་ཚོ་མཉམ་འབྲེལ་གྱིས་བྱ་འགུལ་སྤེལ་བ་རེད་ཅེས་དང་། ཡང་ཁོང་གིས། ཐེངས་འདིར་སྔོན་མ་དང་མི་འདྲ་བའི་དམིགས་བསལ་གྱི་ལག་ཤེས་ཁག་ཅིག་ཡོད།  ཡིན་ནའང་། ཅ་དངོས་འདི་དག་ནི་འགྲེམས་སྟོན་ཁོ་ནར་དམིགས་ཏེ་བཟོས་པ་མིན་པར་སློབ་མ་ཚོས་གཟའ་སྤེན་པ་དང་པོ་དང་སྤེན་པ་གསུམ་པའི་དུས་ཚོད་བེད་སྤྱད་དེ་སྦྱངས་པའི་འབྲས་བུ་ཡིན་ལ། ང་ཚོས་ཕྲུ་གུ་ཚོའི་འདོད་བློ་དང་དགའ་མོས་ལ་བརྟེན་ནས་ཡི་གེ་འབྲི་ཀློག་ཁོ་ན་མིན་པར་རིག་གནས་འདྲ་མིན་གྱི་སློབ་སྦྱོང་སྤྲོད་ཐུབ་ན་མ་འོངས་པར་ལག་ཤེས་སློབ་སྦྱོང་གིས་ཀྱང་ཁོ་ཚོའི་འཚོ་བར་ཕན་པ་ཆེན་པོ་འབྱུང་གི་རེད་ཅེས་བརྗོད་བྱུང།

ཐེངས་འདིའི་འགྲེམས་སྟོན་སྟེང་ངྷ་ས་ཉེ་འགྲམ་གྱི་ནོར་གླིང་དང་མེག་ལོར་སོགས་སུ་ཡོད་པའི་སློབ་མའི་ཁྱིམ་བདག་རྣམས་དང་གངས་སྐྱིད་ཀྱི་ལས་བྱེད། དེ་བཞིན་སློབ་གྲྭ་གཉིས་ཀྱི་དགེ་སློབ་སོགས་མི་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད།

འབྲེལ་ཡོད་གསར་འགྱུར།

tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་སྒྲགས།

ཆུ་ཚོད་ ༧ སྔོན་ལ།
Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣

མཆན། 12

  1. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    དཀོན་མཆོག་མཁྱེན། བོད་ཁྱིམ་སློབ་གྲྭ་ཁག་གི་ནང་སྲིན་མོ་ལྟར་ཁྲོ་ཞིང་རྩི་རྩི་ལྟརརྐུ་མཁན་གྱི་ཁྱིམ་ཚང་ཨ་མ་དེ་ཚོ་ཡང་ངོ་མ་ཞིབ་འཇུག་རེ་བྱས་ན་སེམས་པ་སྐྱོ་དགོས་པ་ཞིག་རེད། སློབ་ཕྲུག་དེ་ཚོ་དུས་ཚོད་མང་ཤོས་དེ་ཁྱིམ་ཚང་ཨ་མའི་འགྲམ་སྡོད་དགོས་ཀྱང་དེ་ཚོས་སློབ་སྦྱོང་ཚིག་གཅིག་མི་སྤྲོད་པའི་ཁར་གཤེ་རྡུང་ཁོ་ན་བྱེད་བཞིན་འདུག། ངོ་མ་བཤད་ན་དགེ་རྒན་ལས་ཀྱང་ཁྱིམ་ཚང་ཨ་མ་དེ་ཚོ་ཀྱག་ལང་ཤོར་འདུག

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨ་ལ་ལ་ལ་ལ། ཚེ་རིང་རྒྱུ་མ། གསར་འགོད་པས་བཤད་པའི་བུ་མོ་དེ་འདི་རེད་ཡ། འཛིན་རིམ་གསུམ་པའི་བུ་མོ་བསྟན་འཛིན་ཆོས་སྐྱིད་ཟེར། མོས་རྩོམ་ཡིག་ངོ་སྤྲོད་བྱེད་ས་དེ་ཤེས་རིག་སྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་རེད་འདུག
    ད་ལྟ་སྔོན་ཏག་ཏག་ལ་མཛམས་མའི་མིང་འཁོད་པའི་གསར་འགྱུར་དེར་བརྙན་འཕྲིན་ནས་མཐོང་བས་སེམས་སྐྱོ་སོང་སྟེ། བུ་མོ་བསྟན་འཛིན་ཆོས་སྐྱིད་ཀྱི་རྩོམ་ཡིག་དང་མོས་གློག་འདོན་བྱས་པ་དེས་ང་དགའ་རུ་བཅུག ད་གཉིད་ཁུག་ནོ་དེ་ཅིག་མི་གཅིག་ཡ་ཉལ་དང་།ཧཧཧཧཧཧཧཧཧཧཧཧཧ། ཚེ་རིང་རྒྱུ་མ། གནམ་གིས་སྲུང་རྒྱུ་མ།

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    དྲ་གྲོགས་ཁོར་ཡུག་ལགས།

    ཁྱེད་ཀྱིས་ཐོ་འགོད་བྱས་པའི་མིང་བྱང་དེའི་དག་ཆ་ནོར་འདུག་པས།
    གང་མགྱོགས་བཟོ་བཅོས་གནང་རོགས།
    ཡོངས་གྲགས་ལ་ཁོར་ཡུག་ཅེས་པར་སྔོན་འཇུག་འ་འབྲི་སྲོལ་མེད།།

    Reply
  4. བཀྲ་ཤིས་དོན་གྲུབ། says:
    ལོ་ 17 སྔོན།

    ང་རང་འགྲེམ་སྟོན་དེའི་སྟང་དངོས་སུ་སོང་བ་མེད་ལ། དཔེ་སྟོན་སློན་གྲྭར་རྒྱུས་ཡང་མེད་དངོས་གནས་དེ་འདྲའི་གྲུབ་འབྲས་བྱུང་་་་
    ཡོད་ན་སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱས་ན། ཀླད་པ་མཁྲེགས་པའི་ཚོགས་་
    སྡེ་དང་སློབ་གྲྭ་དགོན་སྡེ་དག་ལ་མིག་དཔེ་ཡག་པོ་རེ་སྟོན་ངེས།

    Reply
  5. འཁོར་ཡུག། says:
    ལོ་ 17 སྔོན།

    དྲ་གྲོགས་ཁ་ཤས་ཀྱིས་གསུངས་པ་བཞིན་དངོས་གནས་རེ་འདུག
    དཔེ་སྟོན་སློབ་མ་འགའ་ཤས་དང་ཐུགས་བྱུང་བས་སྐད་ཆ་ཁམས་གཙང་མ་བཤད་ཀྱི་འདུག
    དངོས་གནས་མེས་པོའིརྒྱུན་འཛིན་དང་མི་རབས་ཀྱི་དཔེ་སྟོན་རང་རེ་འདུག
    ལྷག་པར་བྱིས་པ་དེ་རྣམས་ཀྱིས་བཟོས་པའི་པར་ནང་གི་དངོས་པོ་རྣམས་སྣིང་རྗེ་པོ་འདུག
    བསྔགས་བརྗོད་ཡོད།་

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དཔེ་སྟོན་སློབ་གྲྭའི་སློབ་མ་བསྡུ་སྟངས་བསྐོར་གང་འདྲ་ཡིན་མིན་བསྐོར་ཞིག སྤུན་ཟླ་སུ་ཞིག་གིས་ཤེས་ཀྱི་ཡོད་ན་འགྲེལ་བཤད་ཞིབ་མོ་ཞིག་རྒྱག་ཐུབ་མཁན་ཡོད་དམ་ལགས།

    Reply
  7. བསེ་རུ། says:
    ལོ་ 17 སྔོན།

    རྒྱ་ཆེའི་མང་ཚོགས་ཀྱི་ནང་ཤེས་ཡོན་སྲིད་བྱུས་གསར་པ་ཟེར་དུས་བོད་ཡིག་རྐྱང་པར་ཤི་འཐམ་རོ་འཐམ་བྱས་ཏེ་སློབ་མའི་མདུན་ལམ་བཟོ་བྱེད་ཀྱི་སྲིད་བྱུས་ཤིག་ལ་ངོས་བཟུང་བའི་དོགས་པ་ཡང་བྱུང་ཡོད།
    ད་ལྟའི་ཆར་དེ་ལས་ལྡོག་སྟེ། སློབ་མ་དེ་དག་གིས་བོད་ཡིག་ཙམ་མ་ཟད། དབྱིན་ཡིག་དང་། རྒྱ་ཡིག ཨང་རྩིས་སོགས་སློབ་གཞི་འདྲ་མིན་སྦྱངས་འབྲས་སྨིན་ཡོང་སྐབས། རྒྱ་ཆེའི་མང་ཚོགས་ཚོའི་ཐུགས་དགོངས་ལ་ཅི་ཞིག་འཆར་གྱིན་ཡོད་དམ།

    ང་ལ་སེམས་ཁྲལ་ཞིག་ཡོད་པ་ནི། སློབ་མ་དེ་དག་འཛིན་རིམ་བརྒྱད་པ་དང་དགུ་པའི་མཚམས་ནས་དཔེ་སྟོན་སློབ་གྲྭ་ལས་གཞན་པའི་སློབ་གྲྭ་གང་འདྲ་ཞིག་གི་ནང་དུ། ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་བཞིན། སློབ་ཁྲིད་གནང་མཁན་གྱི་དགེ་རྒན་དང་སློབ་ཁྲིད་ཀྱི་ཐབས་ལམ་སོགས་གནས་སྟངས་གང་འདྲ་ཞིག་གི་འོག་ནས་འཚར་ལོངས་ཡོང་གི་ཡོད་དམ་སྙམ་པ་དེ་ཡིན།

    Reply
  8. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    གོང་དུ་དྲ་གྲོགས་འགས་གསུང་པ་ནང་བཞིན་སློབ་ཕྲུག་ཚོའི་སྐད་ཆ་བཤད་སྟངས་དང་། ཡི་གེ་ཀློག་སྟངས། ཐ་ན་རྒྱ་ཡིག་ཀྱང་བྲི་ཀློག་ཤེས་ཀྱི་འདུག་གསུང་པ་ལྟར་དེ་དག་ལས་འགུལ་སྤེལ་སྐབས་ཙམ་མ་ཡིན་པར་ནམ་རྒྱུན་ནས་ལག་བསྟར་དོན་འཁྱོལ་ཡོང་བའི་རེ་བ་དང་སྨོན་ལམ་འདེབས་ཞོར་རྗེས་སུ་ཡི་རང་ཞུ།

    Reply
  9. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 17 སྔོན།

    སློབ་ཕྲུག་ཚོས་བཟོས་པའི་དངོས་པོ་དེ་རྣམས་ཡིད་དབང་འཕྲོག་པ་ཞིག་འདུག
    མ་ཟད་གོང་ནས་དྲ་གྲོགས་གངས་ཅན་ལགས་ནས་ངོ་སྤྲོད་གནང་བ་བཞིན།
    ངས་བུ་མོ་ཆུང་ཆུང་ཞིག་ལ་རྩོམ་ཡིག་གི་དོན་སྐད་ཆ་འདྲི་དུས་འགྲེལ་བརྗོད་བྱེད་སྟངས་དང་སྐད་ཆ་བཤད་སྟངས་སོགས་ཡག་པོ་འདུག
    ད་དུང་ཁོང་ཚོས་བྲིས་པའི་ཡིག་གཟུགས་ཀྱང་ཡག་པོ་འདུག

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཁྱེད་ཀྱི་མཆན་བུ་འདི་ནི་སློབ་ཕྲུག་བྱིས་པ་ཆུང་ཆུང་དེ་ཚོས་སྐད་ཆ་དང་ཁྱད་མེད་པ་འདྲ་ཞིག་རེད། ང་རང་དབང་མེད་པར་བྱིས་པ་དེ་ཚོར་དངོས་སུ་ཐུག་པའི་ཚོར་བ་ཞིག་སྤྲད་སོང་། དངོས་འབྲི་རྩོམ་ཡིག་རེ་འབྲི་རྒྱུ་ན་ཡོང་ས་རེད་ཡ་དྲ་གྲོགས་གངས་ཅན་ལགས།
    འོན་ཀྱང་ཤེས་ཡོན་སྲིད་ཇུས་དེའི་སྐོར་ད་རུང་ཤེས་ནི་མ་རེད། ལོ་གཉིས་ཙམ་ལ་དེ་འདྲའི་མངོན་གསལ་དོད་པོ་དང་ཧ་ལས་ཤིང་ཧང་སངས་དགོས་དགོས་པ་འདྲ་བཤད་ན་ཡིང་ཆེས་དཀའ་ཚོད་དུ་འདུག འདི་འདྲ་བཤད་མཁན་ང་ཚོའི་དཔོན་པོ་ཚོའི་ནང་དུ་གང་མང་མང་ཡོད་ཀི རྗེས་སུ་རིམ་པས་ཤེས་ཀི་རེད།

    Reply
  11. གངས་ཅན། says:
    ལོ་ 17 སྔོན།

    སློབ་ཕྲུག་རྣམས་ཀྱིས་བཟོས་པའི་ཅ་ལག་སྙིང་རྗེ་མོ་འདུག ཁོ་ཚོས་ངོ་སྤྲོད་བྱེད་པ་དེ་ལས་ཀྱང་ཡིད་དབང་འཕྲོག་པ་ཞིག་འདུག ང་ཚོ་དང་པོ་འགྲོ་དུས་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བུ་མོ་ཞིག་གིས་སློབ་མས་བྲིས་པའི་རྩོམ་ཡིག་ངོ་སྤྲོད་བྱེད་པ་དང་། ཞོར་དུ་ཁོ་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ངའི་པཱ་ལགས་ཞེས་པ་ང་ཚོ་ལ་མར་ཐེངས་གཅིག་ཀློག་སོང། སྒྲ་གདངས་དག་ལ་གཅོད་མཚམས་ཧ་ཅང་ལེགས། ནང་དོན་ནི་ཡིད་སྐྱོ་དགོས་པ་ཞིག་རེད། པཱ་ལགས་ཀྱིས་ཨ་རག་འཐུང་དྲགས་ཏེ་མ་བུ་རྣམས་དང་ཁ་གྱེས་པའི་སྐོར་ཞིག་རེད། དེ་ནས་ངས་ཞིབ་ཏུ་ལྟ་སྐབས། རྒྱ་ཡིག་ཅིག་ཀྱང་བྲིས་འདུག་ལ། འདི་སུས་བྲིས་པ་རེད་ཅེས་འདྲི་སྐབས། ཁོང་གིས་ང་ཚོ་འཛིན་གྲྭའི་སློབ་ཕྲུག་བུ་ཞིག་གིས་བྲིས་པ་རེད་ཟེར་ཞོར་མར་ཤར་མར་བཀླགས་སོང། དེ་ནས་ཚུར་ཙམ་དུ་ཡོང་སྐབས། སློབ་ཕྲུག་བུ་མོ་ཞིག་གིས་སློབ་ཕྲུག་གིས་བོད་སྒྱུར་བྱས་པའི་སྒྲུང་གཏམ་དེ་འདྲ་ངོ་སྤྲོད་བྱེད་ཀྱི་འདུག ངས་ཁྱེད་ཀྱིས་འདི་མར་ཀློགས་དང་ཟེར་སྐབས། མོས་སྒྲ་དག་མོས་ག་ལེར་ཐེངས་གཅིག་བཀླགས་སོང། ཁོ་ཚོར་འཛིན་གྲྭ་བཞི་པ་ནས་དབྱིན་ཇི་ཁྲིད་ཀྱི་ཡོད་སྟབས། ངོ་མ་ཤེས་ཡོན་སྲིད་བྱུས་གསར་པའི་གྲུབ་འབྲས་ཤིག་ཐོན་གྱིན་ཡོད་པའི་ཚོར་སྣང་ཞིག་སྤྲད་སོང་།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དེ་རིང་འདི་འདྲ་ཞིག་བྱེད་ཀིན་ཡོད་པ་གཏན་ནས་ཤེས་མ་སོང་། སང་ཉིན་བྱིས་པ་ཚོའི་བཟོས་པའི་ཅ་ལག་འདྲ་ཉོ་ན་གང་ནས་རག་གི་རེད། སྙིང་རྗེ་མོ་འདྲ་ཡོད་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese