བྱམས་པ་ཕུན་ཚོགས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོར་བསྐོས་འདུག
དེ་རིང་སྔ་དྲོ་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༡༥ སྟེ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་མཇུག་བསྡུའི་ཉིན་མོར། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བྱམས་པ་ཕུན་ཚོགས་ལ་སྔར་གྱི་ལས་གནས་ནས་དགོངས་འཁྲོལ་སྤྲད་པ་དང་མཉམ་དུ། སླར་ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཀྱི་ཚོགས་གཙོར་བསྐོ་འཇོག་བྱས་ཡོད་པ་རེད།
དེ་བཞིན་ལེགས་མཆོག་ནི་རྒལ་ཡོལ་གྱི་ལོ་ཚོད་ལ་བསླེབས་ཡོད་སྟབས་ལས་གནས་ནས་དགོངས་པ་སྤྲད་ཡོད་འདུག་ལ། ལེགས་མཆོག་ད་སྐབས་ལོ་ ༦༦ ཡིན་ལ། རྒྱ་ནག་གི་རྩ་ཁྲིམས་ལྟར་ན་རྒལ་ཡོལ་གྱི་ལོ་ཚོད་ནི་ལོ་ ༦༥ ཡིན་འདུག