ལྷ་སའི་དྲ་ཁང་དོ་དམ།

 

དེ་རིང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་གནས་ཚུལ་ཐོན་པ་ལྟར་ན། ལྷ་ས་རིག་གནས་སྡེ་ཁག་དང་སྤྱི་བདེ་ཉེན་རྟོག་ཚན་པ། གྲོང་ཁྱེར་དོ་དམ་ཚན་པ་བཅས་ཀྱིས་མཉམ་འབྲེལ་ཐོག དུས་ཡུན་ཟླ་གསུམ་རིང་ལྷ་ས་ཁུལ་གྱི་དྲ་ཁང་ཁག་ལ་བཅོས་སྒྲིག་དང་གཙང་བཤེར་བྱས་ཏེ་དོ་དམ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག གསལ་བསྒྲགས་དེར་བཀོད་དོན། དྲ་ཁང་སོགས་དྲ་འབྲེལ་ཐོག་ཞུགས་པའི་ཞབས་ཞུའི་ལས་གཉེར་ཁང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་དུསལྷ་ས་གྲོང་ཁྱེར་རིག་གནས་སྡེ་ཁག་གི་སྣེ་འཁྲིད་དང་། སྤྱི་བདེ་དང་སློབ་གསོ། སྡེ་ཚོགས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང༌། འཕྲིན་གཏོངཚན་པ་སོགས་ཀྱིས་མཉམ་འབྲེལ་ཐོག དྲ་ཁང་སོགས་དྲ་འབྲེལ་གཉེར་སྐྱོང་ཁང་ཁག་ལ་ཆེད་དུ་བཅོས་སྒྲིག་དག་ཐེར་གྱི་བྱ་སྤྱོད་སྤེལ་བ་རེད། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་ཕན་འབྲས་ཐོན་པ་བྱ་ཆེདབྱ་སྤྱོད་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་དྲ་ཁང་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ལག་བསྟར་བྱས་ན་ཆོག་པའི་བཅོས་སྒྲིག་ཇུས་གཞི་བཟོས་ཏེ་དུས་ཡུན་ཟླ་བ་གསུམ་ནང་ལ་ལྷ་ས་གྲོང་ཁུལ་གྱི་དྲ་ཁང་སོགས་དྲ་འབྲེལ་ཐོག་ཞུགས་པའི་ཞབས་ཞུའི་ལས་གཉེར་ཁང་ཁག་ལ་ཕྱོགས་ཡོངས་ནས་གཙང་བཤེར་ཐེངས་གཅིག་བྱ་རྒྱུ་རེད། ཅེས་བཀོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “ལྷ་སའི་དྲ་ཁང་དོ་དམ།

  1. ཀརྨ་རྡོ་རྗེ།

    སྲིད་གཞུང་མགོ་རུལ་བ་གཞན་གྱིས་ཚོར་ཡོང་། ཐོས་ཡོང་། མཐོང་ཡོང་ཞེད་ནས། འཚབ་ནས། དངངས་ནས་ལྷ་སའི་དྲ་ཁང་དོ་དམ་བྱས་པ་རེད། དོ་དམ་པ་ལ་ཁོགས་ཡངས་དང་འཇོན་སྟངས་མེད་པའི་རྟགས་རེད།

  2. བོད། ཤ་ཁྲག་རུས་གསུམ།

    སྔ་ས་ནས་ཤེས་ཚར་བའི་རྒྱ་ནག་སྲིང་གཞུང་ལ་འདི་ལ་གློ་སྙིང་བྲང་གསུམ་ཕར་གཏོད་པ་ལས། གློ་སྙིང་བྲང་གསུམ་ལ་ཚ་ཤད་རྒྱག་པའི་ལས་འགུལ་བོད་མི་དག་གིས་གཅིག་རྗེས་གཉིས་མཐུད་དུ་འཛམ་གླིང་མི་དམངས་ཀྱིས་ཀྱང་། བོད་མི་འདི་གཉིད་ལས་སད་ཚར་འདུག་ཟེར་བ་ཞིག་དངོས་ནས་བཟོ་རན་རེད། དེ་ཡང་ང་ལྟ་བུ་ཞིག་གིས་ཀྱང་སྐད་ཤུགས་ཆེན་པོ་ཅི་ཙམ་བརྒྱབ་ཡང་། ཉན་མཁན་དང་གོ་མཁན་དཀོན་ན་ཡང་། ད་ནི་ནུས་པ་དང་འཇོན་ཐང་ཡོད་མཁན་དག་གིས་ཟ་ཟུར་ནས་བལྟས་དེ་མི་བསྡོད་པར་ལག་འགུལ་རན་རེད།

  3. འཇིགས་བྲལ་བསྟན་འཛིན།

    རྒྱ་འདྲེ་འདི་ཚང་ལ་བྱ་རྒྱུ་མང་པོ་འདུག་ཨང་།
    ཉེ་སྔོན་ཧི་གཟུགས་ཟིན་བྲིས་ཡང་སྒོ་རྒྱབ་སོང་།

    དཱ། བསམ་བློ་ཐོངས་དང་། སྐུ་ཚབ་ཚོགས་པ་རྒྱ་ནག་ལ་ཕེབས་པའི་ཉིན་འདི་དག་གི་ནང་བོད་མི་ལྔ་ལ་ཁྲིམས་ཆད་དང་། བོད་མི་གསུམ་འཛིན་བཟུང་། ད་དུང་དྲ་ཚིགས་ཀྱི་སྟེ་གནས་ཁག་ལ་བཙན་འཛུལ་སོགས་གནས་ཚུལ་མང་པོ་ཡོང་གི་འདུག་ཨང་།

    སྐུ་ཚབ་ཚོར་མཐོང་ཆུང་གཏོང་བ་བརྒྱུད་བོད་མི་མང་ལ་གཉའ་གནོན་བྱེད་ཤུགས་ཆེ་རུ་གཏོང་གི་འདུག་ཨང་།

    རེ་བ་ཅི་ཡང་མེད་པའི་གནས་སྟངས་གསལ་པོ་བསྟན་པ་མ་རེད་དམ།