ཤིན་ཅང་ལས་དོན་ཚོགས་འདུ།

ཕྱི་ཚེས་ ༢༦ ཉིན་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཀྲིག་ཡུང་ཁང་གིས་པེ་ཅིན་དུ་ཤིན་ཅང་ལས་དོན་ཚོགས་འདུ་བསྡུ་བའི་གྲ་སྒྲིག་ཚོགས་ཆུང་གི་མགོ་ཁྲིད་ཚོགས་འདུ་བསྡུས་ཏེ། རྒྱ་ནག་གི་སྲིད་འཛིན་ཧོའུ་ཡིས་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཚོགས་འདུ་བསྡུས་ཏེ་ད་ལོར་རྒྱ་ནག་དབུས་གཞུང་གིས་ཤིན་ཅང་ལས་དོན་གྲོས་མོལ་ཚོགས་འདུ་བསྡུ་རྒྱུ་ཐག་གཅོད་བྱུང་བ་དང་། འབྲེལ་ཡོད་སྡེ་ཁག་དག་གིས་ཤིན་ཅང་མགྱོགས་མྱུར་ངང་ཡར་རྒྱས་དང་ཡུན་རིང་བདེ་འཁོལ་ཡོང་བའི་ལས་དོན་གཙུགས་ཆེར་བཟུང་སྟེ། ཤིན་ཅང་ལས་དོན་ཚོགས་འདུ་ལེགས་འགྲུབ་ཡོང་བར་འབད་དགོས་ལུགས་བརྗོད་ཡོད། དེ་བཞིན་རྒྱ་ནག་དབུས་རྩ་འཛུགས་ལྷན་ཁང་དང་། དྲིལ་བསྒྲགས་ལྷན་ཁང་། འཐབ་ཕྱོགས་གཅིག་གྱུར་ཁང་། ཕྱི་འབྲེལ་ལས་ཁུངས། རྒྱལ་ཁབ་འཛུགས་སྐྲུན་བཅོས་བསྒྱུར་ལྷན་ཁང་། ཉེན་རྟོག་ཁང་བཅས་ཚོགས་སྡེ་དྲུག་གིས་ཚོགས་འདུའི་གྲ་སྒྲིག་སྐོར་གྱི་ཞིབ་འཇུག་སྙན་ཞུ་སྒྲོག་སྦྱངས་བྱས་ཡོད་པ་རེད།

ཕྱི་ཚེས་ ༢༥ ཉིན་ཝོ་རུ་མའོ་ཆིའི་ཁྲིམས་ཁང་གིས་ཡང་བསྐྱར་༧་༥ ངོ་རྒོལ་དོན་རྐྱེན་དང་འབྲེལ་ཡོད་ཀྱི་ཡུ་གུར་བ་ ༡༣ ལ་ཁྲིམས་ཐག་བཅད་ཡོད་པ་དང་།  དེའི་ནང་མི་ ༤ ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད།  མི་གཅིག་ལ་དུས་འགྱངས་ལོ་གཉིས་ཀྱི་སྲོག་ཐོག་ཁྲིམས་ཐག་བཅད་ཡོད། ན་ནིང་ཤིན་ཅང་དུ་ངོ་རྒོལ་དོན་རྐྱེན་བྱུང་བ་ནས་བཟུང་སྟེ་ད་ལྟའི་བར་དུ། བསྡོམས་པའི་མི་ ༢༦ ལ་སྲོག་ཐོག་གི་ཁྲིམས་བཅད་ཁྱབ་བསྒྲགས་བྱས་ཡོད་པ་དང་།  དེའི་ཁྲོད་མི་ ༩ སྲོག་ཐོག་ཏུ་བཏང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ཤིན་ཅང་ལས་དོན་ཚོགས་འདུ།

  1. འཇིགས་བྲལ་བསྟན་འཛིན།

    འབྲེལ་ཡོད་སྡེ་ཁག་དག་གིས་ཤིན་ཅང་(མགྱོགས་ངང་)ཡར་རྒྱས་དང་ཡུན་རིང་བདེ་འཁོལ་ཡོང་བའི་ལས་དོན་གཙུགས་ཆེར་བཟུང་སྟེ་ཤིན་ཅང་ལས་དོན་ཚོགས་འདུ་ལེགས་འགྲུབ་ཡོང་བར་འབད་དགོས་ལུགས་བརྗོད་ཡོད། ཅེས་བཀོད་འདུག

    མགྱོགས་མྱུར་ངང་ཡིན་རྒྱུ་རེད།

    དེ་མིན་ན་གོ་རྒྱུ་མི་འདུག་ཡཱ།