གསལ་བཤད་རིང་མོ།

ཉེ་ཆར་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་སྐོར་ལ་གྲོས་ཚོགས་ནང་བགྲོ་གླེང་དང་དོགས་འདྲི་སྣ་ཚོགས་བྱས་པ་ཁག་ལ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་སུ་ལན་འདེབས་དང་གསལ་བཤད་རྒྱས་པ་ཞིག་གནང་སོང་ལ། བཀའ་ཤག་གི་གསལ་བཤད་དེ་ལ་དོན་ཚན་ ༥ འདུག་ཅིང་། དོན་ཚན་དང་པོ། ཐེངས་འདིར་བཀའ་ཤག་གི་སེམས་ཀྱི་ཚོར་བ་དང་། གཉིས་པ། ༧གོང་ས་མཆོག་གི་གསུང་འཕྲིན་གྱི་ནང་དོན་དེ་དག་ཕེབས་དགོས་པའི་རྒྱུ་མཚན། གསུམ་པ། ༼ ཞི་བའི་གྲོས་འཆར་དོན་ཚན་ལྔ ༽ ནས་ ༼ བོད་རིགས་ཡོང་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ བར་གྱི་གནས་ཚུལ་གྱི་འགྱུར་ལྡོག་དང་འཕེལ་རིམ། བཞི་བ། བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པའི་དགོངས་ཚུལ་དང་དོགས་འདྲི་ཁག་ལ་གསལ་བཤད། ལྔ་བ། གསུང་འཕྲིན་གྱི་དགོངས་དོན་སྙིང་པོ་ཐེངས་འདིར་ངེས་པར་དུ་ཐག་གཅོད་གནང་དགོས་པའི་འབོད་སྐུལ་བཅས་རེད། བཀའ་ཁྲི་མཆོག་གི་གསལ་བཤད་ཀྱི་ནང་དོན་རྒྱས་པ་དེ་རིང་ཕྱི་དྲོ་དུས་བབ་དྲ་བའི་གཙོ་ངོས་སུ་འགོད་འཆར་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

15 thoughts on “གསལ་བཤད་རིང་མོ།

  1. ཀརྨ་རྡོ་རྗེ།

    དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ། ༸གོང་ས་མཆོག་གི་བཀའ་དགོངས་དང་། མི་མང་གི་བསམ་ཚུལ་བརྒྱུད་ནས། སྤྱི་འཐུས་ཀྱིས་གཞུང་འཛིན་བཀའ་ཤག་ལ་སྟངས་འཛིན་བྱེད་དགོས་རྒྱུ་ཅིག་ལ། བཀའ་ཤག་གིས་སྤྱི་འཐུས་ལ་དབུ་མའི་ལམ་གྱིས་རང་དབང་རྩོད་བགྱིན་ཡོད་ཀྱང་། རང་བཙན་རྩོད་བགྱིད་མེད་ཅེས་སློབ་སྟོན་གནང་དགོས་ཡ་དེ་ཁྱད་མཚར་ཅིག་ཆགས་པ་མ་རེད་དམ།

  2. འཇིགས་བྲལ་བསྟན་འཛིན།

    སྤྱི་འཐུས་ནང་སྐད་ཆ་འཛེམས་ཟོན་མེད་པར་བཤད་ན་སྤྱི་ཚོགས་ནང་ནག་པོ་ཆགས་ཀྱི་ཡོད་རེད། དེ་ཡང་སྔ་དུས་བོད་ཀྱི་སྐུ་དྲག་ཚོས་གཅིག་གིས་གཅིག་ལ་བསྟོད་ར་བྱས་ཏེ་དུས་ཚོད་ཕུད་པས་དེ་རིང་གི་བོད་འདི་བྱུང་བ་རེད། ད་ལྟ་ཡང་སྤྱི་འཐུས་མང་པོ་ཞིག་གིས་སོ་སོའི་རྐུབ་སྟེགས་སྲ་བརྟན་གྱི་ཆེད་དུ་ངོ་སོ་སྲུང་ནས་སྡོད་པ་ལས་སྤྱི་དོན་ལ་སྐད་ཆ་འཛེམས་དོགས་མེད་པ་ཤོད་མཁན་ཡོད་མ་རེད། ཚད་ལྡན་གྱི་སྤྱི་མི་རེ་འགའ་ཡོད་པ་དེ་ཚོ་སྐབས་རྗེས་མ་སྤྱི་འཐུས་ཆགས་ཐུབ་ཀྱི་མ་རེད།

  3. འཇང་གཡུ་ལྷ་ཐོགས་འགྱུར

    དོགས་འདྲི་ཇི་ཙམ་བྱས་ན་ཡང་ བཀའ་ཁྲི་དང་ཐུབ་བསྟན་ལུང་རིགས་སོགས་ཀྱིས་ལེན་ཡག་པོ་ཞིག་འདེབས་རབ་ད་བར་དུ་ཚོར་མྱོང་མེད་ ཁོ་ཚོའི་དྲི་བ་བཏང་མཁན་དག་མཐོང་ཆུང་དང་ཁ་འགོག་ཅི་ཐུབ་བྱས་པ་ལས་ལྷགས་བསམ་རྣམ་དག་གིས་ལེན་ཞིག་འདེབས་རབ་མེད་

  4. བློ་བཟང་རྒྱལ་མཚན

    འཇིག་བྲལ་ལགས་ཀྱི་གསུང་པ་ཐབས་གཅིག་ཏུ་མ་རེད་ལབ་ན་འགྲིག་ཀྱི་མི་འདུག་
    བོད་སྤྱི་བའི་དོན་དུ་རང་གི་བསམ་ཚུལ་གང་ཡོད་བཤད་པའི་རྐྱེན་གྱི་བར་སྐབས་
    སྐད་ཆ་མང་པོ་བྱུང་བ་རེད།
    རྒྱ་མི་གཞུང་འཛིན་པ་རྣམས་ལ་འདི་འདྲས་བཤད་ས་གོ་་སྐབས་ག་ལ་ཡོད།
    བོད་མི་རིགས་ལ་ཤ་ཞེན་ཡོད་པའི་ཤེས་ཡོན་ཅན་རྣམས་ཀྱི་བཙན་བྱོལ་ནང་
    མང་ཚོགས་ཚད་ལྡ་ཡོད་པའི་བྲས་རྟགས་རེད་གསུང་ནས་དགའ་བསུ་ཞུ་བཞིན་
    ཡོད་རེད་
    འཇིག་བྲལ་ཁོང་ཆབ་སྲི་ཧ་ཅང་ལེགས་པོ་ཡོད་པའི་རྟགས་ཞིག་རེད་བསམ་བྱུང་