བོད་རྒྱལ་ཡོངས་ཚོཊ་ཆེན།

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྟེང་བགྲོ་གླེང་གོ་བསྡུར་ཞིབ་རྒྱས་གནང་མཐར། ད་ལོའི་ཕྱི་ཟླ་ ༨ ཚེས་ ༢༦ ནས་ ༣༡ བར་གྱི་ཉིན་དྲུག་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་༼ བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན ༽ དེ་ཚོགས་རྒྱུའི་གཏན་འབེབས་ཐག་གཅོད་བྱུང་སོང་།

ཐེངས་འདིའི་༼ བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན ༽ སྟེང་གི་གྲོས་གཞི་ཁག་ནི། ཆབ་སྲིད་དང་དམངས་གཙོ་འཕེལ་རྒྱས། ཆོས་དང་རིག་གཞུང་། གཞིས་ཆགས་སྲ་བརྟན། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། བོད་དོན་དྲིལ་བསྒྲགས། རྒྱ་བལ་འབྲུག་གསུམ་ཕུད་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཁ་འཐོར་བོད་མིའི་གནས་སྟངས་སྐོར་བཅས་ཡིན་ཞིང་། ཚོགས་མིའི་ཡོང་ཁུངས། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། བཀའ་བློན་རྣམ་པ། སྤྱི་འཐུས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་ ༢ རེ་དང་ས་འཐུས་མེད་པའི་ས་གནས་ཁག་གི་མི་མང་སྐུ་ཚབ་ ༡ རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་ ༡ རེ། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་འགན་འཛིན་དང་འབྲེལ་མཐུད་པ། ཕྱི་རྒྱལ་ཁག་གི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་ ༡ རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་སྐུ་ཚབ་ ༢ རེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གྲྭ་བཙུན་སྐུ་ཚབ་ ༦ རེ། བོད་སློབ་འཛིན་ཚོགས་དང་བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བཅས་ཀྱི་མདུན་ལམ་སློབ་སྟོན་པའི་སྐུ་ཚབ་ ༡ རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་ ༡ རེ། བོད་སྨན་དང་ཕྱི་ལུགས་སྨན་པའི་སྐུ་ཚབ་ ༢ རེ། གཞན། རྒྱ་བལ་འབྲུག་གསུམ་ནང་དུས་རྒྱུན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་དང་། མཁས་དབང་དང་ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་ནས་ཞུགས་འདོད་ཡོད་རིགས་དང་བླངས་པ་ ༢༥ དང་། དེ་མིན་རྒྱལ་ཁབ་གཞན་ནས་ ༢༥ བཅས་ཚོགས་ཞུགས་གནང་རྒྱུའི་གཏན་འབེབས་བྱུང་སོང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “བོད་རྒྱལ་ཡོངས་ཚོཊ་ཆེན།

  1. ད་ཐང་ཀི་ཚོགས་ཐོག་ལ་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གལ་སྲིད་བསྐྱོད་ཐུབ་ཚེ་རང་ཉིད་ཀྱི་རང་དབང་དང་རང་ཉིད་ཀྱི་ནུས་པ་ཚོགས་ཐོགས་སུ་བཀྲམ་ན་འདོད །

  2. བློ་བཟང་རྒྱལ་མཚན

    སྤྱི་ཚོགས་ཞབས་ཞུ་བ་བཅས་པའི་དམིགས་གསལ་གོ་སྐབས་དེ་བཟུང་ནས་
    བོད་རྒྱ་ཡོངས་ཚོགས་ཆེན་ནང་མཉམ་ཞུག་བྱེད་རྒྱུ་ཡིན།
    ཡིན་ན་ཡང་གོ་སྐབས་དེ་ཐོབ་ཆེད་ཐབས་ཤེས་ག་འདྲས་ཞིག་བཏང་ན་ལེགས་
    དྲ་གྲོགས་རྣམས་གསུང་རོགས།འཇིག་བྲལ་ལགས་ལ་ཐབས་ཤེས་ཨེ་ཡོད་
    བོད་སྤྱི་ལ་ཕེན་པའི་སྐད་ཆ་ཚིག་གསུམ་བཤད་རྒྱུ་ད་ལྟ་ནས་གྲ་སྒྲིག་བྱེད་ཀྱི་ཡོད་

  3. ཤེལ་དཀར་བློ་བཟང་།

    བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་རྒྱལ་ཁའི་ངང་ཚོགས་ཐུབ་པ་དང་། གྲོས་གཞི་ཁག་ལ་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་བགྲོ་གླེང་ལྷུགས་པོ་ཡོང་བའི་སྨོན་འདུན་ཞུ།།

  4. དོན་འགྲུབ་བཀྲ་ཤིས།

    ད་ཐེངས་བཀའ་སྤྱི་གཉིས་ཀྱིས་གྲོས་བསྡུར་བྱས་མཐར། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་དང་། སྐུ་ཚབ་དོན་གཅོད་ཁག་ཡོངས་རྫོགས། ས་གནས་མགོ་འཛིན་ཁག་ཡོངས་རྫོགས་ཐེངས་འདིར་ཚོགས་ཞུགས་མི་གནང་རྒྱུའི་ཐག་གཅོད་བྱུང་བ་མ་ཟད། ངྷ་སར་གནས་བཞུགས་གཞུང་ཞབས་དྲུང་འཕར་ཡན་ཡོངས་རྫོགས་དང་། ཟུང་དྲུང་མན་གྱི་གནས་རིམ་སོ་སོའི་འཐུས་མི་གཉིས་རེ་ཟེར་བ་སོགས་ཀྱང་ཕྱིར་འཐེན་བྱས་སོང་།