རྭ་རྒྱའི་གྲྭ་བ་གཉིས་སྐོར་གྱི་གསལ་བཤད།

ཟླ་འདིའི་ཚེས་ ༣ ཉིན་མགོ་ལོག་དར་ལག་རྫོང་ནས་གློད་གྲོལ་བཏང་བའི་རྭ་རྒྱའི་གྲྭ་བ་གཉིས་ཀྱི་མིང་དང་ཕ་ཡུལ་ཐད་གནས་ཚུལ་འགོད་ནོར་ཐེབས་པ་ཇི་སྙེད་བྱུང་འདུག་པར་བསྟེན། གསལ་བཤད་མདོ་ཙམ་ཞུ་རྒྱུར། ཐེངས་འདིར་གློད་གྲོལ་བཏང་བའི་དགེ་འདུན་པ་གཉིས་ཀྱི་གཅིག་གི་མིང་ལ་བློ་དར་ཟེར་བ་དང་། རྭ་རྒྱ་དུས་འཁོར་གྲྭ་ཚང་གི་ཡིན། གཅིག་གི་མིང་ལ་དགེ་འདུན་ར་ལོ་ཟེར་ཞིང་རྭ་རྒྱ་རྒྱུད་པ་གྲྭ་ཚང་གི་ཡིན། ཁོང་གཉིས་ནི་ལོ་སྔོན་མའི་གསུམ་བཅུའི་དུས་དྲན་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་དུས་ཡུན་ལོ་གཅིག་གི་ཁྲིམས་ཐག་བཅད་པ་ད་ཆ་དུས་ཡུན་རྫོགས་ནས་གློད་ཡོད་པ་དང་། མགོ་ལོག་ཁུལ་དང་རྭ་རྒྱ་དགོན་གྲོང་གི་མི་ཕོན་ཆེ་འདུ་འཛོམས་ཀྱིས་ཕེབས་བསུར་བཅར་བ་སོགས་ནི་ད་ལྟ་གསར་ལམ་ཁག་ཏུ་གྲག་བཞིན་པ་ལྟར་རེད། དེ་མིན་དེ་སྔ་བོར་བརླགས་སོང་བའི་གྲྭ་ངག་དབང་བཟང་པོ་དང་འོད་ཟེར་བཟང་པོ་གཉིས་ཀྱི་སྐོར་ལ་ཅི་ཡང་གོ་ཐོས་མ་བྱུང་བཅས་ཀྱི་གསལ་བཤད་དུ།
རྭ་རྒྱ་བློ་དབང་གིས་ ༢༠༡༠ ཟླ་ ༤ ཚེས་ ༧ ཉིན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply