གསལ་བསྒྲགས།
བལ་ཡུལ་ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དུ་བོད་དགེ་ཞིག་དང་རྒྱ་སྐད་དགེ་རྒན་ཞིག གློག་ཀླད་དགེ་རྒན་གཅིག་བཅས་དགེ་རྒན་གསུམ་གྱི་ས་མིག་སྟོང་པ་ཡོད་པས་སྙན་ཞུ་འབུལ་འདོད་ཡོད་མཁན་རྣམས་ནས་གཤམ་གསལ་ལྟར་ཤེས་ཚད་ལྡན་དགོས།།
《ཆ་རྐྱེན་ནམ་ཤེས་ཚད།།》
༡ འབྲིང་རིམ་བོད་དགེའི་ཤེས་ཚད་དུ་སློབ་དཔོན་《Acharya/M.A》ནམ་བསྟན་བཅོས་《Shastri/B.A》ཡང་ན་དེ་མཚུངས་མཐོ་རིམ་སློབ་གྲྭ་གང་རུང་ནས་དེ་དང་ཤེས་ཚད་མཉམ་པའི་ཕྱག་འཁྱེར་ཡོད་པ་དགོས་རྒྱུ། །གལ་ཏེ་གོང་གསལ་ཕྱག་འཁྱེར་ཐོག་དགེ་རྒན་འོས་སྦྱོང་དང་དགེ་རྒན་གྱི་ཉམས་མྱོང་ཡོད་མཁན་ལ་དམིགས་གསལ་དགོངས་བཞེས་གནང་རྒྱུ།།
༢ རྒྱ་ཡིག་དགེ་རྒན་གྱི་ཤེས་ཚད་དུ་རྒྱ་ཡིག་ལོ་རིམ་བཅུ་གཉིས་ཐོན་པའི་ཚད་ལྡན་ཤེས་ཚད་ཡོད་མཁན་དང་། དགེ་རྒན་གྱི་ཉམས་མྱོང་ཡོད་མཁན་ལ་དམིགས་གསལ་དགོངས་བཞེས་གནང་རྒྱུ།།
༣ གློག་ཀླད་དགེ་རྒན་གྱི་ཤེས་ཚད་དུ་གློག་ཀླད་ཐོག་དམིགས་གསལ་སློབ་སྦྱོང་ཐོན་པའི་སྟེང་ སློབ་དཔོན་《Acharya/M.A》ནམ་བསྟན་བཅོས་《Shastri/B.A》ཡང་ན་དེ་མཚུངས་མཐོ་རིམ་སློབ་གྲྭ་གང་རུང་ནས་དེ་དང་ཤེས་ཚད་མཉམ་པའི་ཕྱག་འཁྱེར་ཡོད་པ་དགོས་རྒྱུ། གློག་ཀླད་དགེ་རྒན་གྱི་ཉམས་མྱོང་ཡོད་མཁན་ལ་དམིགས་གསལ་དགོངས་བཞེས་གནང་རྒྱུ།།
༤ སྨན་ཁང་ཚད་ལྡན་གང་རུང་ནས་ནད་རིགས་གང་ཡང་མེད་པའི་གཟུགས་གཞི་བདེ་ཐང་ཡིན་པའི་ངེས་སྦྱོར་དགོས།།
༥ ཚོགས་པ་གཞན་དུ་ཕྱག་ལས་གནང་མུས་ཡིན་ཚེ་དེ་ནས་གོང་གསལ་ས་མིག་ཐོག་ཕྱག་ལས་གནང་རྒྱུར་དགག་
བྱ་མེད་པའི་ངོས་སྦྱོར་དགོས།།
༦ གོང་གསལ་དགེ་རྒན་ཚང་མ་སློབ་ཕྲུག་ལ་གོ་བརྡ་འཕྲོད་ངེས་ཡིན་པའི་དབུས་སྐད་མཁྱེན་དགོས་པ་ཡིན། ཕོགས་ཐོབ་ནི་བལ་ཡུལ་ནང་སློབ་གྲྭ་ཁག་གི་སློབ་དགེ་སོ་སོའི་གོ་གནས་དང་མཉམ་པ་ཐོབ་རྒྱུ་ཡིན་པས་ལས་ཀ་དེར་ཐུགས་འདོད་ཡོད་རིགས་ནས་འདི་གའི་ཤེས་ཡོན་འགན་འཛིན་གྱི་མཚན་ཐོག་ ༢༠༡༠ ཟླ་བ་ ༨ ཚེས་ ༡༥ འགྱངས་མེད་གོང་གསལ་ཡིག་ཆ་རྣམས་ཀྱི་ངོ་བཤུས་དག་མཚན་ཞུས་ཏེ་གཤམ་གསལ་ཞལ་བྱང་ཐོག་སྙན་ཞུ་འབུལ་གནང་ཡོང་བ་ཞུ། བལ་ཡུལ་ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་གཙུག་ལག་སློབ་གཉེར་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ་བ་ ༦ ཚེས་ ་༡༥ ལ།།
The Headmaster
Kopan Nunnery
G.P.Box no: 817
Kathmandu Nepsl
Email: sopalhatse@yahoo.com/ Mobile No:00977-9841346510