ཚེ་བཙོན་གྱི་ཁྲིམས་ཆད།

ལྷ་སའི་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་དང་ཁོའི་ཕུ་བོ་རྡོ་རྗེ་ཚེ་བརྟན་གཉིས་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་རྒྱ་གཞུང་གིས་ཁྲིམས་ཐག་བཅད་འདུག

༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ཟླ་འགའི་རྗེས་སུ། རྒྱ་གཞུང་གིས་ཆབ་སྲིད་གནད་དོན་གྱི་དོགས་གཞིའི་འོག་ཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་འཛིན་བཟུང་བྱས་ཏེ་ཟླ་བརྒྱད་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་རྗེས་ཁོའི་ཕུ་བོ་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་བྱས་ཡོད། ཁོ་གཉིས་ལ་དུས་ཡུན་ལོ་གཉིས་རིང་འཛིན་བཟུང་བཀག་བསྐྱིལ་བྱས་རྗེས།  ད་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༦ ཉིན་ཁོང་གཉིས་ལ་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བལ་ཡུལ་དུ་གནས་སྡོད་པདྨ་བཀྲ་ཤིས་ཀྱིས་ཕྱི་ཚེས་ ༤ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་དེའི་སྐོར་གྱི་གནས་ཚུལ་བརྗོད་དོན།  ད་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢༤ ནས་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ཏེ་ཕྱི་ཚེས་ ༢༦ ཉིན་རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་མ་ཟད། ཁོའི་སྒེར་གྱི་རྒྱུ་ནོར་རྒྱ་སྒོར་དུང་ཕྱུར་ ༤༣ རྒྱ་གཞུང་གིས་གཞུང་ལེན་བྱས་ཡོད་པ་དང་། ཁོའི་ཕུ་བོ་རྡོ་རྗེ་ཚེ་རིང་ལའང་ལོ་དྲུག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

གཞན་ཡང་། པདྨ་མ་འཕྲིན་ལས་ཀྱིས་བརྗོད་པ་ལྟར་ན། བོད་མི་རེ་འགས་བཤད་ན། རྡོ་རྗེ་བཀྲ་ཤིས་ཀྱིས་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་ཆབ་སྲིད་སྒྲིག་འཛུགས་ཁག་ལ་མ་དངུལ་ཕོན་ཆེན་པོའི་རྒྱབ་སྐྱོར་གནང་ཡོད་པ་རེད། དེར་བརྟེན་ཁོའི་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༤༣ རྒྱ་གཞུང་གིས་གཞུང་ལེན་བྱས་པ་རེད་ཟེར། ཡང་བོད་མི་འགའ་རེ་ཡིས་བཤད་ན། རྡོ་རྗེ་བཀྲ་ཤིས་ཀྱིས་ལྷ་ས་དང་གཞིས་རྩེ་རུ་འགྲོན་ཁང་བདག་གཉེར་བྱས་ཡོད་པ་དང་། དེ་དག་ཁྲིམས་མཐུན་མིན་པའི་རྐྱེན་གྱིས་ཡིན་ཚུལ་ཀྱང་བརྗོད་ཀྱིན་འདུག་ཟེར།

ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ནི་ཨ་མདོ་བླ་བྲང་ནས་ཡིན་པ་དང་། ཁོའི་བཟའ་ཟླ་ནི་ལྷ་ས་ནས་ཡིན་འདུག  ཁྲིམས་ར་འཚོགས་སྐབས་ཁོ་གཉིས་ཀྱི་ཁྱིམ་མི་དང་གཉེན་འབྲེལ་གྲོགས་པོ་དག་ཁྲིམས་རར་བཅར་དུ་མ་བཅུག་པར་གསང་བའི་སྒོ་ནས་ཁྲིམས་ཐག་བཅད་ཡོད་རྐྱེན།  དོན་གྱིས་ཁོང་གཉིས་ལ་ཉེས་ཁྲིམས་ཅི་ཞིག་བཀལ་མེད་ཤེས་རྟོགས་བྱུང་མེད་པ་རེད།  བོད་མི་ཕལ་མོ་ཆེས་བརྗོད་པ་ལྟར་ན། ཁོང་གཉིས་ཀྱིས་ཁྲིམས་འགལ་གྱི་ཚོང་ལས་གཉེར་བས་མ་ཡིན་པར།  ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་པ་ཡིན་ལུགས་བརྗོད་ཀྱིན་ཡོད་འདུག

ཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “ཚེ་བཙོན་གྱི་ཁྲིམས་ཆད།

  1. ཅོ་རི་ཉི་མ།

    སྤྱང་དར་མ་ལུག་གི་ཤ་ལ་ངོམས།
    རྒྱ་གོང་ཁྲན་བོད་མིའི་རྒྱུ་ལ་ངོམས།
    ཤ་རྒྱས་པའི་ལུག་དང་ཕྱུག་པའི་བོད།
    རྒྱ་སྤྱང་ཀི་གཉིས་ལ་དོགས་ཟོན་མཛོད།

    བོད་རེ་བའི་མ་འཕུང་ནོར་གྱིས་འཕུང།
    ནོར་རིན་ཆེན་གཏེར་ཁ་འདི་ཡིས་འཕུང་།
    རྩྭ་སྨན་རིགས་རིན་ཆེན་འདི་ཡིས་འཕུང་།
    དེང་ད་ལྟ་བར་དུ་དངུལ་གྱིས་འཕུང་།

    ཉ་གསེར་མིག་ལྕགས་ཁྱུའི་བཟུང་བ་ཡང་།
    ཟས་ཞིམ་པོ་འདི་ཡིས་འཕུང་ལེ་རེད།
    བོད་མི་རིགས་རྒྱ་འོག་འགྲོ་དོན་ཡང་།
    ནོར་རིན་ཆེན་འདི་ཡིས་འཕུང་ལེ་རེད།

  2. མཐུ་སྟོབས།

    ད་ང་ཚོའི་དཔའ་བོ་དཔའ་མོ་ཚོར་དེ་འདྲའི་ཁྲིམས་མེད་ལུགས་མེད་ཀྱི་ཉེས་པ་བཀལ་གྱི་འདུག ཁོང་དུས་ཚོད་རིང་པོ་དེ་འདྲ་ཞིག་ཉར་རྗེས་ད་ལྟ་ཉེས་ཆད་བཏང་བ་དེ་ནི་ཧ་ལས་དགོས་པ་ཞིག་འདུག རྒྱ་མི་དམར་པོ་དེ་ལ་ངོ་ཚ་རྩ་བ་ནས་མི་འདུག གང་ལྟར་དཔང་རྟགས་གང་ཡང་མེད་པར་བོད་མི་ཚོར་དེ་འདྲའི་བཙོན་བཅུག་གི་ལོ་ཚད་མཐོ་པོ་གཏོང་གི་འདུག ད་ལོ་ཚད་བཏང་ཟིན་པ་རེད། བོད་རང་སྐྱོང་ལྗོངས་ཟེར་མཁན་དེའི་ཁོངས་སུ་ཁྲིམས་གཅོད་བྱས་ཚར་ན་ཕལ་ཆེར་ཁྲིམས་གཏུགས་བྱེད་ས་ཡོད་ས་མ་རེད། དེ་ལས་ད་ཁོང་ལ་ལྟ་རྟོག་བྱ་མཁན་ཡག་པོ་ཞིག་དགོས་ཀྱི་རེད། བཟའ་ཟླ་བུ་ཕྲུུག་དང་སྤུན་མཆེད་ཁ་ཞེ་གཉིས་མེད། དགའ་ཉེ་ངོ་ཤེས་སེམས་བཟང་ཅན་ཚོས་ཁོང་ལ་བལྟ་རྟོག་ཡག་པོ་གནང་ཐུབ་པ་བྱ་རྒྱུ་འདི་གལ་ཆེན་པོ་རེད། དེ་མ་གཏོགས་གནས་སྐབས་ཕལ་ཆེར་གང་ཡང་བྱ་རྒྱུ་མེད་པ་ལྟ་བུ་རེད། ཁྱེད་དང་ཁྱེད་ནང་བཞིན་གྱི་བོད་མི་དཀའ་སྡུག་མྱངས་མཁན་ཚོར་ང་ཚོས་དུས་རྟག་ཏུ་དཀའ་སྡུག་ལས་གང་མགྱོགས་གྲོལ་བའི་སྨོན་ལམ་འདེབས་རྒྱུ་ཡིན།

  3. གནས་ཚུལ་དེ་ངས་སྔོན་མ་ནས་གོ་ཡང་།ས་འདིར་གྲགས་འགུམ་ཅང་མི་འདུག་ལ་་་དེ་ཡང་ཆབ་སྲིད་ཀྱི་དགོས་མཁོའི་དནང་གིས་ཀྱང་ཡིན་སྲིད་སྙམ་ནས་ཅང་བཤད་མེད།

    ངོ་མ་བློ་ཕམ་པ་རང་རེད།ང་རང་ལྷ་སར་སྡོད་དུས་ཁོང་ལ་རླུང་རྟ་རྒྱུག་བཞིན་པའི་སྒང་རེད་ལ་ལྷ་སའི་ཚང་པ་ཚོའི་ཁྲོད་ནས་མ་རྩ་ཆེ་ཤོས་ཀྱི་གྲས་ཡིན་ཚུལ་སོགས་ཚོགས་ཤོག་དང་བརྙན་འཕྲིན་ལས་མཐོང་མྱོང་།ད་ཡིན་ན་ཚར་སོང་།མི་ཟེར་བ་འདི་འདྲ་ཞིག་རེད།