བཙུན་མ་གཅིག་འདས་གྲོངས།

བལ་ཡུལ་ནང་ཉིན་གྲངས་བཅུའི་རིང་བསྟུད་མར་དྲག་ཆར་བ་བབས་པའི་དབང་གིས། རི་བོ་ཇོ་མོ་གླང་མའི་ཉེ་འགྲམ་གྱི་ཐུབ་བསྟན་ཆོས་གླིང་དགོན་པའི་བཙུན་པ་ཞིག་འདས་གྲོངས་དང་གཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག
 གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན།ཉེ་བའི་དུས་ནས་བཟུང་བལ་ཡུལ་ནང་ཆུ་ལོག་གི་གནོད་འཚེའི་འོག མི་བཅུ་ཕྲག་ཁ་ཤས་རྐྱེན་ལམ་དུ་ཕྱིན་པ་དང་།མི་སྟོང་ཕྲག་མང་པོ་སྡོད་གནས་མེད་པའི་དཀའ་ངལ་ཁྲོད་ལྷག་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ཡས་མས་སུ་བལ་ཡུལ་ཤར་ཕྱོགས་རི་བོ་ཇོ་མོ་གླང་མའི་ཉེ་འགྲམ་གྱི་སི་ལོ་ཀུམ་པོ་ཞེས་པའི་ས་དེར་ཡོད་པའི་ཐུབ་བསྟན་ཆོས་གླིང་དགོན་པའི་བཙུན་མའི་སྡོད་ཤག་ནང་ཆུ་ལོག་བརྒྱུགས་ཏེ། སྡོད་ཤག་གཅིག་རྡིབ་པ་དང་བཙུན་མ་དཔལ་མོ་འབོད་པ་འདས་གྲོངས་སུ་ཕྱིན་ཡོད་པར་མ་ཟད། ཁོང་དང་སྡོད་ཤག་གཅིག་པའི་བཙུན་མ་ངག་དབང་འབོད་པར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱིན་ཡོད་འདུག

 

ཐུབ་བསྟན་ཆོས་གླིང་དགོན་ནི། ཕྱི་ལོ་ ༡༩༦༩ ལོར་སྔ་འགྱུར་རྙིང་མའི་བླ་ཆེན་སྐྱབས་ཆེན་ཟླ་གྲོལ་ཁྲི་ཤིག་རིན་པོ་ཆེ་མཆོག་གིས་ཕྱག་བཏབས་པའི་བཙན་བྱོལ་ནང་གི་རྙིང་མའི་མ་དགོན་ཞིག་ཡིན་འདུག་ལ། དགོན་པ་འདིའི་ནང་གི་གྲྭ་བཙུན་མ་མང་ཆེ་བ་བོད་རིགས་ཡིན་པ་དང་། ད་ལྟའི་ཆར་གྲྭ་བཙུན་༥༠༠ལྷག་ཡོད་འདུག   ཐེངས་འདི་ནི་འདས་པའི་ལོ་ངོ་༤༠རིང་གི་ཆུ་ལོག་གི་གནོད་སྐྱོན་བྱུང་ཐེངས་ཐོག་མ་དེ་ཆགས་ཡོད།
གནས་ཚུལ་དབྱེ་ཞིབ་པས།འདས་པའི་མི་ལོ་དུ་མའི་རིང་ནས་འཛམ་གླིང་གི་ཚ་དྲོད་འཕར་བ་ལ་བརྟེན་ནས། རི་བོ་ཇོ་མོ་གླང་མའི་འཁྱག་རོམ་གྱི་ཞུ་ཚད་མགྱོགས་རུ་འགྲོ་བཞིན་པ་དང་།ཧི་མ་ལ་ཡའི་རི་རྒྱུད་གཙོས་བལ་བོད་མཐའ་མཚམས་ཀྱི་ས་ཁུལ་གང་སར་ཆུ་ལོག་གི་གནོད་སྐྱོན་འབྱུང་བཞིན་པ་དེ་ཡང་། རྒྱུ་རྐྱེན་དེས་དབང་གི་ཡིན་ཚུལ་འགྲེལ་བརྗོད་བྱེད་བཞིན་པར་མ་ཟད།དེས་ཧི་མ་ལ་ཡའི་ཉེ་འཁོར་གྱི་གནམ་གཤིས་འགྱུར་ལྡོོག་དང་།ཆུ་ལོག་དང་ས་རུད།རི་ཉིད་སོགས་གནོད་འཚེ་འདྲ་མིན་འབྱུང་གི་ཡོད་ཚུལ་གསར་ལམ་དུ་འགྲེལ་བརྗོད་བྱས་འདུག
 
གསར་འགོད་པ་དོན་གོ།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “བཙུན་མ་གཅིག་འདས་གྲོངས།

  1. འཇམ་དཔལ་རྣོན་པོ།

    ༄༅། །རྫ་རུང་འཁྲུལ་ཞིག་རིན་པོ་ཆེ་དང་རྫ་སྤྲུལ་གཉིས་བླ་མ་ཁ་ཁ་སོ་སོ་རེད། རྫ་སྤྲུལ་ནི་འཁྲུལ་ཞིག་རིན་པོ་ཆེའི་བླ་མ་རེད། རྫ་རུང་འཁྲུལ་ཞིག་རིན་པོ་ཆེ་ནི་རྫ་སྤྲུལ་གྱི་སློབ་མ་རེད། དུས་བབ་ཚང་གིས་ཁྲི་ཤིག་བྲིས་པ་ཡང་ནོར་བ་རེད། ཁྲི་ཤིག་མ་རེད་འཁྲུལ་ཞིག་རེད། ཀླུས་རྫ་སྤྲུལ་དང་རྫ་རུང་འཁྲུལ་ཞིག་ནོར་འདུག རྙིང་མའི་མ་དགོན་ཟེར་བ་ཡང་བཙན་བྱོལ་ཁྲོད་རྙིང་མའི་མ་དགོན་དྲུག་ཅེས་པའི་ནང་ཚན་མ་རེད།