མི་ ༣ འཁྱགས་ཤི།

ཟླ་འདིའི་ཚེས༢༦ ཉིན་སུ་ཊན་རྒྱལ་ཁབ་ཀྱི་གྲུ་ཚིགས་གྲོང་ཁྱེར་ནང་། ཆུ་ཚོད་རེར་ཨ་སྒོར་གཉིས་རེའི་སྡོད་གླ་སྤྲོད་དགོས་པའི་གྲང་གློག་གི་སྡོད་ཁང་ཤིག་གཉེར་བཞིན་པའི་ནང་མི་གསུམ་འཁྱགས་ཤི་ཐེབས་འདུག
སུ་ཊན་གྲུ་ཚིགས་གྲོང་ཁྱེར་དེ་སུ་ཊན་བྱང་ཤར་གྱི་མཚོ་གླིང་ས་ཚིགས་ཤིག་ཏུ་ཆགས་ཡོད་ཅིང་། སྤྱི་ཟླ་བརྒྱད་པ་ནི་སུ་ཊན་བྱང་ཤར་ས་ཁུལ་ནང་ཚ་བ་ཆེ་ཤོས་ཀྱི་དུས་ཚིགས་ཤིག་ཡིན་པས། ས་གནས་ཀྱི་ཁེ་གཉེར་བ་འགས་གྲང་གློག་གི་སྡོད་ཁང་ཆེན་པོ་ཞིག་བརྒྱབས་ཏེ། ཚ་བ་ལས་གཡོལ་འདོད་ཡོད་མཁན་གྱི་ཡུལ་མི་ཚོར་གྲང་གློག་གི་སྡོད་ཁང་དེའི་ནང་སྡོད་གླ་ཆུ་ཚོད་རེར་ཨ་སྒོར་གཉིས་རེ་བླངས་ཏེ་ངལ་གསོ་བྱེད་དུ་འཇུག་གི་ཡོད་པ་ལས། མི་གསུམ་གྲང་གློག་གི་སྡོད་ཁང་དེའི་ནང་འཁྱགས་ཤི་ཐེབས་ཡོད་པའི་གནས་ཚུལ་སྤེལ་འདུག
སུ་ཊན་གྲུ་ཚིགས་གྲོང་ཁྱེར་གྱི་སྨན་ཁང་ལས་བྱེད་པས་གནས་ཚུལ་བསྒྲགས་གསལ་ལྟར་ན། མ་མཐའ་མི༡༣ ཙམ་ལ་གྲང་གློག་གི་རྐྱེན་པས་མགོ་ནད་ཀྱི་གཟའ་གྲིབ་ཕོག་ཡོད་པར་བརྗོད་ཡོད།
 
བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “མི་ ༣ འཁྱགས་ཤི།

  1. ཤེལ་དཀར་བློ་བཟང་།

    ཨ་ཧོའོ། གནམ་གཤིས་ཚ་དྲོད་ཆེ་ཤོས་སྐབས་སུ་ཡང་འཁྱགས་ཤི་ཐེབས་འདུག མཁས་མཆོག་དབྱིག་གཉེན་གྱིས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་གསུངས་པར་ཡིད་ཆེས་མ་བྱེད་ཐབས་མེད་ཆགས་སོང་།
    འདི་འདྲའི་ལས་དབང་། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ།