གནམ་གྲུ་བརྡབ་སྐྱོན།

ཟླ་འདིའི་ཚེས༢༤ ཉིན་གྱི་ཞོགས་པར་བལ་ཡུལ་གྱི་རྒྱལ་ས་ཀ་ཏི་མན་ཊིའི་ཉེ་འགྲམ་ཞིག་ཏུ། གནམ་གྲུ་བརྡབ་ལྷུང་གིས་གནམ་གྲུ་དེའི་ནང་མི་ ༡༤ ཡོད་པ་ཚང་མར་སྲོག་སྐྱོན་བྱུང་ཡོད།
ཉིན་དེའི་ཞོགས་པར་ས་གནས་གནམ་གྲུ་ཞིག་བལ་ཡུལ་གྱི་བྱང་ཕྱོགས་ལོ་ཀིལ་ཏེ། ཇོ་མོ་གླང་མའི་ཕྱོགས་སུ་འཕུར་བཞིན་པ་བརྡབ་ལྷུང་བྱུང་པའི་ནང་། ཁྱོན་ཡུལ་སྐོར་སྤྲོ་འཆམ་པ་མི་བཅུ་གཅིག་ཡོད་པ་ལས། ཨ་རེའི་མི་སེར་ཡིན་པའི་བུད་མེད་བཞི། ཉི་ཧོང་དང་ཨི་རེཤི་བཅས་ནས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཡིན་པ་དང་། མི་གསུམ་ནི་གནམ་གྲུའི་ནང་གི་ལས་བྱེད་ཡིན།
གྷ་ཡིན་ཀོ་མར་ཞེས་པ་ཞིག་གིས་བརྙན་འཕྲིན་དུ་རང་གི་མཐོང་སྣང་ལས་བྱུང་བའི་གནས་ཚུལ་སྤེལ་གསལ་ལྟར་ན། ཁོ་རང་གིས་ཐོག་མར་ཤེ་ཀར་པོར་གྲོང་སྡེ་ནས་མཐོང་སྐབས། ཉེ་འཁོར་སློབ་གྲྭ་ཞིག་ཡོད་པ་དེའི་ཉེ་འགྲམ་དུ་གནམ་གྲུ་ཞིག་འབར་བཞིན་ཡོད་པ་དང་།མི་རོ་དང་ཅ་དངོས་རིགས་གང་སར་འཐོར་བསྡད་ཡོད་ལུགས་དང་། ཉིན་དེའི་སྔ་དགོང་ཆར་བ་རྒྱུན་མ་ཆད་པར་བབས་རྐྱེན། གྲོང་མི་ཚོ་གནམ་གྲུ་བརྡབ་སྐྱོན་བྱུང་བའི་ས་དེར་འགྲོ་རྒྱུ་ཁག་པོ་བྱུང་ཞེས་བརྗོད་འདུག
ཐེངས་འདིའི་གནམ་གྲུ་བརྡབ་ལྷུང་བྱུང་བ་འདི་ཉིས་སྟོང་བརྒྱད་ལོར་བལ་ཡུལ་བློན་ཆེན་ཞིག་དང་ཁོང་གི་བཟའ་ཟླ་གཙོས་མི༢༤ རྐྱེན་ལམ་དུ་སོང་རྗེས་ཀྱི་བལ་ཡུལ་ནང་བྱུང་པའི་ལོ་གཉིས་རིང་གི་ཚབས་ཆེ་ཤོས་ཤིག་ཡིན་འདུག་ལ། གནམ་གྲུ་བརྡབ་ལྷུང་བྱུང་བ་འདིའི་རྒྱུ་རྐྱེན་ནི། གནམ་ངོ་མ་དྭངས་པ། ཁ་ལོ་བའི་ཞན་ཆ། ས་བབས་རྩུབ་པ། ས་གནས་གནམ་ཐང་མི་ལེགས་པ། འཕྲུལ་ལས་ཀྱི་བྱས་ཉེས་སོགས་ལ་ངོས་འཛིན་བྱས་འདུག
 
བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “གནམ་གྲུ་བརྡབ་སྐྱོན།

  1. མཁས་ཚང་ཤེས་རབ་དབང་རྒྱལ།

    གསར་འགོད་པ་ལགས།
    ཁྱོད་གྱིས་དགའ་ལས་འདི་འདྲ་བརྒྱབ་དུས་ངའི་ཐུགས་རྗེས་ཆེ་ཞུ་རྒྱུ། ཡིན་ན་ཡང་བརྗོད་བྱ་འདི་རྙིང་པ་ཞིག་རེད་འདུག་གསར་པ་ཞིག་རག་ཡོད་མེད་ནམ།