རྟའུ་བློ་བཟང་དཔལ་ལྡན་གྱི་དྲ་རྒྱ།

ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་མཁན་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱིས་ཉེ་ཆར་ཁོང་སྒེར་གྱི་དྲ་རྒྱ་( http://kalontripanomineelobsangpalden.tk/index.html ) ཞིག་སྒོ་འབྱེད་བྱས་ཡོད་པ་དང་། དྲ་རྒྱ་འདིའི་ནང་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱིས་བཀའ་བློན་ཁྲི་པའི་སྐོར་ལ་གཏམ་བཤད་གནང་བ་དང་། ( http://www.kalontripanomineelobsangpalden.tk/videos.html ) གསར་འགྱུར་བརྒྱུད་ལམ་ཁག་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་བྱས་པ་ཁག དེ་བཞིན། ཁོང་སྒེར་གྱི་ལོ་རྒྱུས་དང་བརྩམས་ཆོས། གླུ་གཞས་སོགས་བཀོད་འདུག

རྟའུ་བློ་བཟང་དཔལ་ལྡན་ལགས་ནི། མདོ་སྟོད་དུ་འཁྲུངས་ཤིང་ཕྱི་ལོ་ ༡༩༥༩ ལོར་ཁོང་དང་ཁོང་གི་ནང་མི་རྣམས་བཙན་བྱོལ་དུ་ཕེབས། རྒྱ་གར་ནང་ལོ་གཉིས་ཙམ་ལ་སློབ་སྦྱོང་བྱས་མཐར་ ༡༩༦༣ ལོ་སྟེ། ཁོང་དགུང་ལོ་བཅུ་གཉིས་ཐོག་བོད་ཀྱི་ཕྲུ་གུ་ཁག་ཅིག་དང་ལྷན་དུ་འཇར་མན་དུ་སློབ་སྦྱོང་ལ་ཕྱིན་ཏེ། འཇར་མན་ནང་སློབ་གྲྭ་རིམ་འཛེག་གིས་འཇར་མན་གྱི་གཙུག་ལག་སློབ་གྲྭ་ཧལ་ངྷི་རྦག་ Heildelberg, University ནང་ནུབ་ཕྱོགས་གསོ་རིག་ལ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་འཇར་མན་གྲོང་ཁྱེར་བྷན་ Bonn གྱི་གཙུག་ལག་སློབ་གྲྭའི་ཁོངས་གཏོགས་སྨན་ཁང་ཞིག་གི་ཁོག་ནད་སྡེ་ཚན་ནང་མཐོ་རིམ་སྨན་པ་རྒན་གྲས་ཀྱི་ཕྱག་ལས་གནང་མུས་ཡིན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

7 thoughts on “རྟའུ་བློ་བཟང་དཔལ་ལྡན་གྱི་དྲ་རྒྱ།

  1. ཇོ་བོ་རྣམས་གཉིས།

    བློ་བཟང་དཔལ་ལྡན་ལགས་གལ་སྲིད་ཁྱེད་ཀྱིས་དེ་སང་ཚ་རླབས་ཕྱུར་བཞིན་པའི་བཀའ་ཁྲིའི་འོས་མིའི་འགྲན་རྩོད་དེ་རྒྱུད་ཁྱེད་ཉིད་དང་ཁྱེད་ཉིད་ཀྱི་གླུ་གཞས་རྣམས་བོད་མིའི་ཁྲོད་ངོ་སྤྲོད་དམ་ཡང་ཁྱབ་བསྒྲགས་བྱེད་འདོད་ཡོད་ཚེ་དེ་ནོར་བ་རེད། ངོ་སྤྲོད་དང་ཁྱབ་བསྒྲགས་བྱེད་པར་དེ་མིན་གྱི་ཐབས་ལམ་མང་པོ་ཡོད་རེད། ཡང་མིན་ན་མཐོན་རྫས་འདྲ་མིན་ཁྱབ་བསྒྲགས་བྱེད་པའི་ཚོགས་པ་ཞིག་བཙུག་ཐུབ་ན་ཁྱེད་རང་ཉིད་ཀྱི་གླུ་གཞས་འོད་ལྡེར་རྣམས་ཁྱབ་བསྒྲགས་ཐུབ་ལ་བཙན་བྱོལ་བོད་མའི་སྤྱི་ཚོགས་ཁྲོད་རང་མི་རིགས་ཀྱི་ཐོན་རྫས་ཁྱབ་བསྒྲགས་ཀྱི་ལས་གཞིའི་སྟོང་ཆ་ཁ་སྐོང་གི་ཞབས་ཞུ་ཞིག་ཀྱང་རེད།

  2. བློ་བཟང་དཔལ་ལྡན་ལགས།ཁྱེད་ཉིད་བཀའ་ཁྲིའི་འོས་ཤོག་མི་ཐོབ་པ་ནི་ཧ་གོ་དོན་གསལ་རེད།ག་སྲིད་ཁྱེད་ལ་བཀའ་ཁྲིའི་ཆེད་དུ་འགྲོ་སོང་གཏོང་རྒྱཱུའི་དངུལ་ལྷག་མ་འདྲ་ཡོད་པ་ཡིན་ན།བོད་མི་རིགས་དང་།སྤྱི་པའི་རྩ་དོན་ལ་ཕན་པའི་བོད་ཕྲུག་ཅིག་ལ་སློབ་ཡོན་རོགས་རམ་ཞིག་གནང་ཐུབ་པ་ཡིན་ན་ཁྱེད་ལ་ཐུགས་རྗེ་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན།