གཡག་མགྲོན་ཁང་གི་སྦྱིན་བདག་ཉེ་དུ་སོཊ་ལ་ཁྲིམས་ཆད།

ལྷ་སའི་གཡག་འགྲོན་ཁང་གི་སྦྱིན་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་དང་རྡོ་རྗེ་ཚེ་བརྟན་སྤུན་མཆེད་ཀྱིས་ཞི་རྒོལ་བ་རྣམས་ལ་ལྐོག་ནས་རྒྱབ་སྐོར་དང་། ཕྱི་ཕྱོགས་ཀྱི་ཆབ་སྲིད་སྒྲིག་འཛུགས་ཁག་ལ་མཐུན་འགྱུར་བསྒྲུབས་ཡོད་པའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་ཚང་གི་གཉེན་ཉེ་གཞན་གཉིས་ཀྱང་མཉམ་དུ་འཛིན་བཟུང་བྱས་ཡོད་པ་གསར་ལམ་ཁག་ནས་ཤེས་མི་འདུག་ཟེར།  

ངྷ་ས་གནས་བཞུགས་བོད་ཀྱི་བདེ་རྩ་ཁང་གི་ལས་བྱེད་སྒྲོལ་མ་འབུམ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། ངོ་རྒོལ་ནང་ཞུགས་མཁན་རྣམས་ལ་ལྐོག་ནས་རྒྱབ་སྐོར་མཐུན་འགྱུར། བཙན་བྱོལ་ཏུ་ཡོད་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཁག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་པའི་ཉེས་མིང་འོག ལྷ་སའི་གཡག་འགྲོན་ཁང་གི་སྦྱིན་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་དང་ཁོང་གི་སྤུན་ཆུང་རྡོ་རྗེ་ཚེ་བརྟན་གཉིས་འཛིན་བཟུང་བཙོན་འཇུག་གིས་རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་དང་། རྡོ་རྗེ་ཚེ་བརྟན་ལ་ལོ་ ༦ གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། སྐབས་དེར་ཁོང་གཉིས་དང་མཉམ་དུ་ཡོད་པའི་གདུགས་དཀར་བཀྲ་ཤིས་དང་ཚུལ་ཁྲིམས་གཉིས་ཀྱང་འཛིན་བཟུང་གིས་ད་ཆར་གདུགས་དཀར་བཀྲ་ཤིས་ལ་ལོ་ ༥ གི་ཁྲིམས་ཐག་གཅད་ཡོད་ཅིང་། ཚུལ་ཁྲིམས་ལོ་གཉིས་ལ་བཀག་བསྐྱིལ་བྱས་མཐར་ཀློད་གྲོལ་བཏང་ཡོད་འདུག

 

སྒྲོལ་མ་འབུམ་ལགས་ཀྱིས་བརྗོད་དོན། ཉེ་ལམ་གསར་ལམ་ཁག་ཏུ་ཚོང་པ་ཆེ་མོ་རྡོ་རྗེ་བཀྲ་ཤིས་སྐོར་གྱི་གནས་ཚུལ་འགའ་ཐོན་འདུག་མོད། དེ་འདྲའི་ཆ་ཚང་པ་ཞིག་དང་ཞིབ་ཚགས་པོ་ཞིག་མ་རེད། སྐབས་དེར་གདུགས་དཀར་བཀྲ་ཤིས་དང་ཚུལ་ཁྲིམས་གཉིས་ཀྱང་མཉམ་དུ་འཛིན་བཟུང་བྱས་ཡོད། ང་རང་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ཚང་གི་དོན་རྐྱེན་སྐོར་ལ་རྒྱུས་མངའ་གང་འཚམ་ཡོད། ལྷག་པར་དུ་གདུགས་དཀར་བཀྲ་ཤིས་ལ་གསལ་ཆ་ཡོད། སྔར་ཁོང་རྒྱ་གར་ནང་ཡོད་སྐབས་ང་ཚོས་མཉམ་དུ་ལས་ཀ་བྱས་པ་ཡིན། ཁོང་ཅག་མི་བཞི་བོ་གཉེན་ཉེ་ཡི་འབྲེལ་བ་ཡོད་པ་རེད། འདི་ནས་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་། རྡོ་རྗེ་བཀྲ་ཤིས་སྤུན་མཆེད་གཉིས་འཛིན་མ་གཏོགས། ཁོང་གཉིས་དང་མཉམ་དུ་གདུགས་དཀར་བཀྲ་ཤིས་དང་། ཚུལ་ཁྲིམས་སོགས་འཛིན་བཟུང་བྱས་ཡོད་པའི་སྐོར་ཤེས་རྟོགས་བྱུང་ཡོད་ས་མ་རེད། ད་ཆར་གདུགས་དཀར་བཀྲ་ཤིས་ལ་ལོ་ ༥ ཡི་ཁྲིམས་ཐག་བཅད་ཡོད། ཚུལ་ཁྲིམས་ཟེར་བ་དེ་ལོ་གཉིས་ལ་བཀག་བསྐྱིལ་བྱས་རྗེས་ད་ཆར་ཀློད་གྲོལ་བཏང་འདུག ཅེས་བརྗོད་བྱུང་།

 

ཞིབ་ཕྲའི་གནས་ཚུལ་ལྟར་ན། རྡོ་རྗེ་བཀྲ་ཤིས་དང་རྡོ་རྗེ་ཚེ་བརྟན་སྤུན་མཆེད་གཉིས་དང་། གདུགས་དཀར་བཀྲ་ཤིས། ཚུལ་ཁྲིམས་སོགས་མི་བཞི་བོ་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༠ ཉིན་འཛིན་བཟུང་བྱས་ཡོད་ཅིང་། ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་དང་། རྡོ་རྗེ་ཚེ་བརྟན་ལ་ལོ་ ༦ ། གདུགས་དཀར་བཀྲ་ཤིས་ལ་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག་ལ། ཚུལ་ཁྲིམས་ཀློད་གྲོལ་བཏང་ཡོད་འདུག གཞན། སྦྱིན་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་སྒེར་གྱི་རྒྱ་སྒོར་དུང་ཕྱུར་ ༤༣  ལྷག་དང་། ལྷ་སའི་གཡག་མགྲོན་ཁང་དང་གཞིས་ཀ་རྩེ་རུ་ཡོད་པའི་མགྲོན་ཁང་བཅས་ཀྱང་གཞུང་བཞེས་བཏང་ཡོད་འདུག ཉེ་ཆར་ཁོང་ཚོའི་ནང་མི་ཚོས་དགའ་ལྡན་དགོན་པའི་ཉེ་འདབས་སུ་ཡོད་པའི་དམིགས་བསལ་ཆབ་སྲིད་བཙོན་པ་འཇུག་སའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་ཤེས་ཏེ། ཐེངས་མང་པོར་ཐུག་འཕྲད་དུ་ཕྱིན་ཡང་སྒོར་མོ་སྤྲོད་ཐུབ་པ་ལས་ཐུག་འཕྲད་དང་ཟ་མའི་རིགས་སྤྲོད་བཅུག་མི་འདུག།ཉེ་ཆར་ཁོང་ཚོ་དང་འབྲེལ་བ་ཡོད་མཁན་ཞིག་གིས་བརྗོད་པ་ལྟར་ན། གདུགས་དཀར་བཀྲ་ཤིས་ལ་མནར་གཅོད་དྲག་པོ་བཏང་བའི་དབང་གིས་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་འདུག

རང་ལོ་ ༣༨ ཡིན་པའི་གདུགས་དཀར་བཀྲ་ཤིས་ལགས་ནི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་། བསང་ཁོག་འབྲོག་སྡེ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་དུ་འབྱོར་ཞིང་། ༢༠༠༥ ལོར་ཕྱིར་བོད་ནང་ལོག་ཏེ་ལྷ་ས་རུ་གནས་སྡོད་བྱས་ཡོད་པ་དང་། ༢༠༠༨ ལོར་ཁོང་གིས་ལྷ་སའི་ཞི་རྒོལ་ནང་ཞུགས་མཁན་ཁག་ཅིག་ལ་གདེང་འཇོག་གྱི་ཚུལ་དུ་ཟ་མའི་མགྲོན་འབོད་བྱས་པ་དང་། སྔ་ཕྱིར་༸གོང་ས་མཆོག་གི་བཀའ་སློབ་ཀྱི་འོད་སྡེར་མང་པོ་ཞིག་འགྲེམས་སྤེལ་བྱས་པར་རྐྱེན་བྱས་ཏེ། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་ལོ་ ༥ ཡི་ཁྲིམས་ཐག་བཅད་ཡོད་འདུག་ལ།

གསར་འགོད་པདོན་གོ

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “གཡག་མགྲོན་ཁང་གི་སྦྱིན་བདག་ཉེ་དུ་སོཊ་ལ་ཁྲིམས་ཆད།

  1. ནཱ་གྷཱ་རཀྵ།

    གནས་ཚུལ་འདིའི་རིགས་ལ་ཞིབ་མཇུག་བྱེད་མཁན་ཞིག་དང་གནས་ཚུལ་གསལ་བོ་གཏོང་མཁན་ཞིག་ཡོད་ན་བཟང་། ཁྱིམ་ཚང་གཅིག་གི་ནང་ནས་མི་མཇོན་པོ་འདི་འདྲ་མང་པོ་བཟང་སོང་ན་དེ་ཅི་བྱེད། སྒོར་མོ་དེ་འདྲའི་མང་པོ་ཞིག་ཡོད་ན་དང་པོ་ནས་བཙན་བྱོལ་གཞུང་ལ་སྤྲད་བཞག་ན་ཡག་ག་རེད། ད་རྒྱ་སྤྲང་དེ་ཚོས་འཁྱེར་སོང་བས་སེམས་ཕངས་ཀྱི་འདུག

  2. གཅན་བཟོད་རྒྱམ།

    སྒོར་མོ་མང་པོ་དེ་འདྲ་ཞིག་ཡོད་ཚེ་དེ་གཞུང་བཞེས་བྱེད་ཆེད་དུ་ས་གནས་དང་འབྲེལ་སྣ་ཚོགས་ཀྱིས་ཁོ་བཙོན་འཇུག་བྱེད་པར་རྒྱུ་བསྐྲུན་ཡོད་ཀྱི་རེད་འདོད། ཡང་ན་ཚོང་བ་གཞན་དག་གིས། ཡང་ན་ས་གནས་ས་ཐོག་གི་ཚོང་པ་དང་ཐ་ན་ཟ་ཁང་དང་མགྲོན་གཉེར་བ་གཞན་ཚོས་མིག་ཧསེར་བྱས་ནས་ཀྱང་ཡིན་སྲིད། ག་ལེར་རྩད་གཅོད་བྱ་ཏུབ་ན་ལེགས།