གསོ་རིག་སློབ་གླིང་གི་སྐད་འབོད།

 

ཁ་སང་ཕྱི་ཚེས་ ༢༦ ཉིན་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་མ་ ༡༠༠ ལྷག་གིས་ཞིང་ཆེན་སློབ་གསོ་ཐིན་གྱི་སྒོ་ཁར་ཕྱིན་ཏེ་ཁྲོམ་སྐོར་སྐད་འབོད་ཤུགས་ཆེན་བྱས་འདུག་ལ། སློབ་མ་རྣམས་ཀྱིས་སྐད་འབོད་བྱས་ཏེ་ཕྱིར་སློབ་གྲྭར་འབྱོར་རྗེས་འབྲེལ་ཡོད་ཚན་པས་སློབ་གྲྭའི་སྒོ་ཆེན་བརྒྱབ་ཏེ་སློབ་མ་རྣམས་ཕྱི་ལོགས་སུ་འགྲོ་རུ་བཅུག་མི་འདུག་ལ། ད་ཆར་ཉེན་རྟོག་པ་མང་པོ་སླེབས་ཏེ་སློབ་གྲྭ་བསྐོར་ཏེ་འགོག་སྲུང་བྱས་ཡོད་འདུག མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནི་ཕྱི་ལོ་ ༡༩༨༧ ལོར་གསར་འཛུགས་བྱས་ཤིང་། ད་ཆར་དགེ་རྒན་ ༧༦ དང་སློབ་མ་ ༦༢༠ ཙམ་ཡོད་འདུག    

ཡང་། ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ ༣༠༠ ལྷག་གིས་ཀྱང་སློབ་གྲྭ་ནས་རྫོང་སྲིད་གཞུང་གི་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་འདུག་ལ། སྐབས་དེར་ཁོང་ཅག་གིས་༼སྐད་ཡིག་གཅེས་སྐྱོང་དང་མི་རིགས་འདྲ་མཉམ༽ཞེས་པའི་འབོད་ཚིག་ཤུགས་ཆེན་བསྒྲགས་ཡོད་འདུག གང་མགྱོགས་གཞུང་ཕྱོགས་ནས་སློབ་གསོ་བཅོས་བསྒྱུར་གྱིས་སྲིད་བྱུས་དེ་ཕྱིར་འཐེན་བྱ་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག

སར་འགོད་པདོན་གོ

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “གསོ་རིག་སློབ་གླིང་གི་སྐད་འབོད།

  1. གསར་འདོད་པ་ཚོས་གསར་འགྱུར་དུས་སྤེལ་བར་དགའ་བསུ་ཞུ་ལ་བོད་རང་གི་དམིགས་བསལ་གསར་འགྱུར་འགོད་གནང་བེ་ཐུགས་རྗེ་ཆེ་བ་ཞུ་རྒྱུ་མ་ཟད་སློབ་མ་རྣམས་པར་རྒྱུ་མཚན་དེའི་འོད་ད་ཆ་དཀའ་ངལ་ཡད་མིན་དང་རྒྱ་དམར་གྱི་དེའི་ཐོག་འཛིན་པའི་སྲིད་ཇུས་ཀྱང་ཤེས་ཐབས་ཀྱིས་འགོད་འབུལ་གནང་ན་གཡང་རྩེའི་སྟེང་ལ་ཡར་སྒྲོན་རང་རེད།

  2. ངོ་གནས་བོད་ནང་གི་སློབ་ཕྲུག་ཚོ་དཔའ་བོ་རེད། ང་ཚོ་བོད་མི་རིགས་ཀྱི་མ་འོངས་པའི་གསོན་རྩ་ཡིན་རན་ཆོག་པ་འདུག མི་རིགས་འདྲ་མཉམ་དང༌། སྐད་ཡིག་རང་དབང་ཞེས་པའི་འབོད་སྒྲ་གཅིག་གི་འོག་ནས་བདེན་པའི་ཡར་ལངས་བྱས་པ་གཟི་བརྗིད་རེད་ལ། ཆིག་སྒྲིལ་དང༌། སྟོབས་ཤུགས་ཀྱང་ཡིན། ཁྱེད་ཅག་མདུན་ནས་མདུན་དུ་སྐྱོད་ཅིག ཕྱིར་བལྟས་མ་བྱས། ངེས་པར་མདུན་མཆོངས་ཀྱིས། ནམ་ཡང་ཕྱིར་ཤུལ་བྱེད་མི་ཉེན། ང་ཚོ་ཁྱེད་ཅག་གི་རྒྱབ་ནས་ཡོང་བཞིན་ཡོད། ངའི་གཅེས་འོས་པའི་སློབ་ཕྲུག་ཚོ། ཁྱེད་ཅག་གི་རེ་བ་དང་དམིགས་ཡུལ་མྱུར་ནས་མྱུར་ཏུ་འགྲུབ་པར་ཤོག རྒྱལ་གྱུར་ཅིག