ཧྥ་རན་སིར་ངོ་རྒོལ་གྲ་སྒྲིག

 

ཕྱི་ཟླ་ ༡༡ ཚེས་ ༤ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཧྥ་རན་སིར་རྒྱལ་དོན་འཚམས་གཟིགས་སུ་འགྲོ་འཆར་ཡོད་པའི་གོ་སྐབས་དང་བསྟུན་ཏེ། ཧྥ་རན་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཉིན་དེར་རྒྱལ་ས་པཱ་རེ་སིར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་འདུག་ལ། དེ་ལ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་གནང་མཁན་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཀྱང་མཉམ་ཞུགས་དགོས་པའི་འབོད་སྐུལ་ཞུས་འདུག

ཐེངས་འདིའི་ངོ་རྒོལ་གྱི་དགོས་འདུན་ནང་། སྲིད་འཛིན་ཧུའུ་ཡིས་མཁྱེན་པར་བཟོ་དགོས་ཞིག་ལའཛམ་གླིང་མི་མང་ཡོངས་ཀྱིས་རྒྱ་ནག་གི་བཙན་པོའི་དབང་བསྒྱུར་འོག་གནས་པའི་བོད་མི་མང་གི་གཞི་རྩའི་ཐོབ་ཐང་ཁག་བརྩི་མེད་བྱེད་པ་དང་བོད་ནང་གི་བོད་མི་ཚོའི་སྟེང་ལ་དྲག་གནོན་གྱི་སྲིད་བྱུས་འཛིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། བོད་དང་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཀློད་གྲོལ་གཏོང་དགོས་པ་དང་ལྷག་པར་དུ་མི་མང་གི་སྨྲ་བརྗོད་རང་དབང་ལ་བརྩི་སྲུང་བྱ་དགོས། དེ་བཞིན། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིག་ཞོ་པོ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ་སོགས་བཀོད་འདུག

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “ཧྥ་རན་སིར་ངོ་རྒོལ་གྲ་སྒྲིག

  1. ཧྥ་རིན་སིར་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལ་ཐུགས་རྗེཆེ་ཞུ།། ཆོལ་གསུམ་བོད་མི་ཅིག་ཡིན། ཆོལ་ཁ་ཁྱད་མེད་ཡིན།།

  2. འཁྲུངས་སྐར།

    ཧྥ་རིན་སིར་བོད་རིགས་ཚོགས་པའི་ཚོགས་གཙོ་ཨ་མདོ་བ་ཐུབ་བསྟན་རྒྱ་མཚོ་ལྟ་བུར་བོད་མི་བཅུ་ཕྲག་འགའ་ཤས་ཡོད་ན་བོད་དོན་མྱུར་བ་ཉིད་དུ་གསལ་ཐུབ་པའི་རེ་བ་ཆེ།།
    དངོས་གནས་ཡིན་།།
    ཁོང་ལོ་བཅུ་ལྷག་རིང་ལ་དངུལ་དང་མིང་གིས་རྗེས་ལ་མ་རྒྱུགས་ནས་བོད་དོན་ཁོ་ན་ཆེད་དུ་དུས་ཚོད་བཏང་ཐུབ་མཁན་ཕྱི་རྒྱལ་ཡུལ་གྲུ་ཚང་མའི་ནང་ནས་ཁོང་བཞིན་སུ་ཡང་མིན།།