སྐད་ཡིག་རྒྱུན་འཛིན་གཟེངས་རྟཊ།

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན།  ཨ་རིའི་ཝི་སི་ཀོན་སིན་མངའ་སྡེ་དྲང་བདེན་སྲི་ཞུ་ལྷན་ཚོགས་མངའ་སྡེ་ལས་བྱེད་འབྲེལ་ལམ་ལས་ཁུངས་ (State Council on Affirmative Action and Office of State Employment Relations) ཟེར་བའི་ཕྱི་ལོ་ ༢༠༡༠ ལོའི་རིས་མེད་སྲི་ཞུའི་ལས་འཆར་གཟེངས་ཐོན་རྟགས་མ་ (2010 Program Achievement Diversity Award) ཟེར་བ་དེ་འབུལ་སྤྲོད་ཀྱི་མཛད་སྒོ་ཞིག་ཝི་སི་ཀོན་སིན་མངའ་སྡེའི་གྲོས་ཚོགས་ཁང་དུ་ཚོགས་ཏེ།  མལ་ཌི་སིན་དུ་ཡོད་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་དང་ཝེ་ཊི་ཝ་ཊིར་ཡོད་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭ་ཆེན་མོའི་དབྱར་དུས་ཚོང་ལས་སློབ་གཉེར་ལས་རིམ། རང་བྱུང་ཐོན་ཁུངས་ལས་ཁང་བཅས་ལ་གཟེངས་རྟགས་དེ་འབུལ་སྤྲོད་བྱས་ཡོད་པ་རེད། 

 

མལ་ཌི་སིན་དུ་ཡོད་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ (Cultural Linguistic Services) གིས་ལས་བྱེད་འདེམས་བསྐོ་དང་བདག་ཉར། གནས་སྤར་ཡོང་བར་ཤེས་ཡོན་ཡར་རྒྱས་དང་ལས་ཀའི་སྦྱོང་བརྡར་སྤྲོད་པ།  བོད་ཀྱི་སྐད་ཡིག་དང་སི་པན་སྐད།  མོང་སྐད་བཅས་ཀྱི་ནང་སྐད་སྒྱུར་ཡིག་སྒྱུར་གྱི་ཞབས་ཞུ་ཞུས་ཏེལས་བྱེད་ཀྱི་དཔུང་ཁག་ནུས་སྟོབས་ལས་ཆོད་ལྡན་པ་ཞིག་ཡོང་བ་དང་། སྐད་ཡིག་སྣ་མང་ཡོད་ལ་མི་རིགས་མང་པོ་འདུས་པའི་ལས་ཀ་བྱེད་སར་འབྲེལ་ལམ་དང་རིག་གཞུང་ཤེས་རྟོགས། ཤེས་ཡོན་ཡར་རྒྱས་གཏོང་བའི་ཁོར་ཡུགབསྐྲུན་པ་བཅས་ཀྱི་ཐད་ལས་དོན་སྒྲུབ་ཀྱི་ཡོད་པ་རེད། 

 

ཝི་སི་ཀོན་སིན་མངའ་སྡེའི་བོད་རིགས་ཡུལ་མི་དང་མལ་ཌི་སིན་དུ་ཡོད་པའི་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིགས་ལས་བྱེད་རྣམས་ལ་སྟབས་བདེ་བྱེད་བདེ་དང་ལས་ཆོད་ལས་འཕེར་ཡོང་ཆེད། རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་གིས་ལས་བྱེད་དཀྱུས་མའི་ལས་ཀའི་ཞུ་སྙན་འགེང་ཤོག་དང་གཞུང་འབྲེལ་གསལ་བསྒྲགས། སྒྲིག་གཞི། འཕྲོད་བསྟེན་འགན་ལེན་ཡིག་ཆ།  རྩོད་རྙོག་དང་ལས་འཁུར་ཞུ་ཕྱོགས་ཡིག་ཆ་སོགས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་དང་བྱེད་བཞིན་ཡོད་པ་མ་ཟད།  དེ་ལྟར་ནུབ་ཕྱོགས་ཨ་རི་ཁུལ་དུ་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་རྒྱུན་འཛིན་བྱེད་པར་ཕན་རླབས་མི་དམན་པ་ཞིག་འདོན་བཞིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

One thought on “སྐད་ཡིག་རྒྱུན་འཛིན་གཟེངས་རྟཊ།