ལོ་བཅུ་ལ་ཟས་བཅད་ངོ་རྒོལ།

 

དེ་རིང་ཕྱི་ཚེས་ ཉིན་ནི་རྒྱ་གར་གྱི་མངའ་སྡེ་མཱ་ནེ་པོར Manipur ནང་། སྙན་ངག་པ་དང་རང་དབང་འཐབ་རྩོད་པ་ལྕམ་ཨའེ་རོམ་ཤར་མའེ་ལཱ་ Irom Sharmila Chanu ལགས་ཀྱིས་ཟས་བཅད་ངོ་རྒོལ་བྱས་ཏེ། མི་ལོ་ཧྲིལ་བོ་ ༡༠ འཁོར་རྗེས་ཀྱི་ཉིན་གཉིས་པ་རེད།  

ལྕམ་ཨའེ་རོམ་ཤར་མའེ་ལཱ་ལགས་ཀྱིས་འདི་ལྟར་ཟས་བཅད་ངོ་རྒོལ་བྱེད་དོན་ནི། རྒྱ་གར་བྱང་ཤར་དང་ཇཱ་མོ་ཀ་ཤུ་མེར་ས་ཁུལ་ཁག་ནི་བདེ་འཇགས་མེད་པའི་ས་ཁུལ་ཞིག་ཆགས་ཡོད་སྟབས། དེ་ཁུལ་དུ་རྒྱ་གར་གཞུང་གིས་དྲག་ཆས་དམག་མི་མང་པོ་འགྲེམས་འཇོགས་བྱ་ཡོད་ཅིང་། དམག་མི་དེ་དག་ལ་དམིགས་བསལ་དབང་ཚད་བེད་སྤྱོད་ཀྱི་ཐོབ་དབང་ཡོད་པར་བརྟེན། ས་གནས་མང་ཚོགས་ཀྱི་རང་དབང་དང་རྒྱུན་ལྡན་གྱི་འཚོ་བར་བརྡབ་གསིག་ཆེན་པོ་གཏོང་གི་ཡོད་པ་མ་ཟད། ས་གནས་ཡུལ་མིར་བཙན་གཡེམ་སོགས་ཚུལ་མིན་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་གྱིན་ཡོད་འདུག ས་གནས་མང་ཚོགས་ཚོས་འདས་པའི་ལོ་མང་རིང་དམག་དཔུང་དེ་ཕྱིར་འཐེན་བྱ་དགོས་པའི་ཐད། རྒྱ་གར་གཞུང་ལ་ཞི་དྲག་གི་ངོ་རྒོལ་འདྲ་མིན་སྤེལ་གྱིན་ཡོད།

སྤྱིར་དམིགས་བསལ་དྲག་ཆས་དམག་དཔུང་དེ་ཕྱི་ལོ་༡༩༥༨ ལོར་ཐོག་མར་རྒྱ་གར་དབུས་གཞུང་གི་ཐད་ཀའི་བཀའ་རྒྱའི་འོག་འགྲེམས་འཇོགས་བྱས་པ་ཞིག་ཡིན་ཞིང་། སྐབས་དེར་ཟླ་ ནང་ཚུད་དུ་ཕྱིར་འཐེན་བྱ་རྒྱུའི་རྩ་ཁྲིམས་གཏན་འབེབས་བྱས་ཡོད་ཀྱང་། དོན་དངོས་ཐོག་ད་བར་ཕྱིར་འཐེན་བྱས་མེད ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་༡༡ པའི་ནང་མ་ནེ་པོར་ས་ཁུལ་གྱི་མཱ་ལོམ་དམར་གསོད་ Malom Massacre ཀྱི་དོན་རྐྱེན་བྱུང་རྗེསསྙན་ངག་པ་དང་རང་དབང་འཐབ་རྩོད་པ་ཨའེ་རོམ་ཤར་མའེ་ལཱ་ལགས་ཀྱིས་ས་ཁུལ་དེའི་དམག་མི་ཕྱིར་འཐེན་བྱ་དགོས་པའི་རེ་འདུན་འོག ཟས་བཅད་ངོ་རྒོལ་བྱེད་མགོ་བརྩམས་ཏེ་ད་བར་ལོ་ ༡༠ ལྷག་འགྲོ་བཞིན་ཡོད།

 

རང་ལོ་ ༢༨ ཡིན་པའི་ལྕམ་ཨའེ་རོམ་ཤར་མའེ་ལཱ་ལགས་ཐེངས་འགར་འཛིན་བཟུང་བཙོན་འཇུག་གིས་ཟས་བཅད་ངོ་རྒོལ་མཚམས་འཇོག་དགོས་པའི་གནོད་ཤུགས་ཡང་ཡང་སྤྲད་ཡོད་སྟབས། ཁོང་མོས་ཐེངས་འགར་རང་ཤི་རྒྱག་རྩིས་ཀྱང་བྱས་ཡོད།

 

ཕྱི་ལོ་ ༢༠༠༤ ལོར་སྒང་ཏོག་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་རྩོ་ལེན་པ་དང་ས་གནས་མང་ཚོགས་ཚོས་དམག་མི་ཚོས་ཉེས་མེད་མང་ཚོགས་དམར་གསོད་དང་བཙན་གཡེམ། གནར་གཅོད་གཏོང་བ་སོགས་མཚམས་འཇོགས་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

 

ས་ཁུལ་དེ་དག་གི་དམག་མི་ཚོར་དམིགས་བསལ་གྱི་དབང་ཚད་ཡོད་ཅིང་། མཚོན་ཆའི་རིགས་ཐོགས་མཁན་དང་། མི་ལྔ་དང་དེ་ལས་མང་བ་མཉམ་འཛོམས་བྱེད་པ་སོགས་དམག་མིའི་གཏན་འབེབས་སྒྲིག་ཁྲིམས་དང་འགལ་རིགས་ལ་དྲག་གནོན་དང་། ཐད་ཀར་དམར་གསོད་ཀྱི་དབང་ཚད་ཀྱང་ཡོད་འདུག

ཕྱི་ལོ་ ༢༠༠༤ ལོར་སྐབས་དེའི་མ་ནེ་པོར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གྱིས་ཁོང་མོར་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་པ།

 

ས་གནས་བུད་མེད་ཚོས་རྒྱ་གར་དམག་མིས་ང་ཚོར་བཙན་གཡེམ་བྱས་བྱུང་ཞེས་པའི་འབོད་ཚིག་འོག་ལུས་དམར་རྗེན་དུ་བུད་དེ་ངོ་རྒོལ་བྱེད་བཞིན་པ།

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “ལོ་བཅུ་ལ་ཟས་བཅད་ངོ་རྒོལ།

  1. ཧོར་བུ་ཡེ་ཤེས

    ངོ་མ་སྙིང་སྟོབས་ཆེ་བའི་བུད་མེད་ལོ་གཞོན་ཞིག་རེད་འདུག།ཁོ་མོས་ལོ་བཅུ་རིང་ཟས་བཅད་ངོ་རྒོལ་བྱས་པ་ད་དུང་མ་ཤི་པ་དེ་ངོ་མ་ལྷ་ཡི་བདུད་རྩིས་ཟ་ཡི་ཡོད་པ་ལོས་ཡིན།
    བེུད་ཁྱེད་ལ་སེམས་པའི་གཏིང་ནས་ཡི་རང་དང་བསྔགས་པ་ཞུའོ།

  2. འོ་ཧོ་ཧོ་ཧོ་ངོམ་ཚལ་ལ་འདི་འདྲ་གང་ཡིན་ན་ཉི་མ་བཅུ་ཡང་མ་རེད་ལ་ཟླ་བ་བཅུ་ཡང་དེ་བས་མ་རེད་མི་ལོ་ཆེད་བཅུ་ལ་ཁ་མ་ཟ་ན་ཡང་མི་ཤི་བ་ན་ངོམ་ཚལ་་དངོན་ནས་ཆེན་པོ་རེད་འོ་ཅག་བོད་པ་ལ་འདི་འདྲའི་སེམས་ཤུག་ཡོད་ན་གང་འདྲ་འདུག་སྤུན་ཟླ་ཚོ་ད་ཡིན་ན་དཔེ་ལན་ས་འདུག་

  3. རྒྱ་གར་བྱང་ཤར་གྱི་ངར་ལྕགས་རང་བཞིན་གྱི་བུད་མེད་ Ironic lady of Northeast( Manipur) དུ་གྲགས་པ་ཞེས་པའི་བུད་མེད་འདི་ནི་འཛམ་གླིང་སྟེང་ཟས་བཅད་ངོ་རྒོལ་བྱས་མཁན་ཚོའི་ཁྲོད་ཀྱི་སྙིང་སྟོབས་དང་དུས་ཡུན་རིང་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཁོ་མོ་ནི་ ༢༠༠༥ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིའི་ནང་བསླེབས་ཡོད་ལ། ༢༠༠༦ ལོའི་རྒྱ་གར་གྱི་ཌ་སྒོར་རྟགས་མའི་བྱ་དགའ་Rabindranath Tagore Award in recognition of her determination and courage in her quest for peace. དེའང་ཐོབ་ཡོད་པ་རེད།
    ང་ཚོས་ཀྱང་ཁོ་མོའི་བློ་སྟོབས་དང་ཆོད་སེམས་བརྟན་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་སློབ་སྦྱོང་དང་མིག་དཔེར་བལྟ་དགོས།

  4. འདི་ལ་ཟས་བཅད་ཟེར་ན་ཨེ་འགྲིག་མི་ཤེས་ཀི གལ་སྲིད་ལོ་བཅུ་ལ་ཟས་བཅད་བྱས་ཟེར་བ་ནི་དོན་དངོས་དང་མི་མཐུན་པ་འདྲ། ཡིན་ནའང་གཞན་གྱི་གསར་འགྱུར་དུ་དེ་ལྟར་བཀོད་ཡོད་ན་བོད་ཡིག་གསར་འགོད་པར་ཁག་མི་འདུག

    ཁོང་མོའི་བྱེད་སྟངས་འདི་ལས་འགུལ་རེད། ངོ་རྒོལ་ལས་འགུལ་ཞེས་ལབ་ན་འཚམས་པོ་ཡིན་ས་རེད། གང་ལྟར་ཀྱང་རླབས་ཆེན་རེད།

    ད་ལྟ་ཁོང་མོ་ལོ་ཉེར་བརྒྱད་ཡིན་ན། མོ་རང་ལོ་བཅོ་བརྒྱད་སྟེང་ནས་བསྡད་འདུག དེ་ནི་མི་མང་གི་ཆེད་དུ་མི་ཚེ་ཁོ་རང་བློས་བཏང་བ་རེད། ཁོང་མོའི་བློ་སྟོབས་འདི་ལ་ཧང་སངས་དགོས་པའི་ཆ་མང་བོ་འདུག