ཨོ་བྷ་མ་རྒྱ་གར་དུ་གཟིཊ་སྐོར།

 

དེ་རིང་ཕྱི་ཚེས་ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཐེངས་དང་པོར་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཀྱིན་ཡོད་པ་དང་། ད་ཐེངས་ཨོ་བྷ་མ་རྒྱ་གར་གྱི་སྲིད་བློན་གཙོས་པའི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་། ཚོང་དོན་ལས་རིགས་ཁག་གི་མི་སྣ། དེ་བཞིན་རྒྱ་གར་ནང་ཡོད་པའི་ཨ་རིའི་ཕྱི་སྡོད་མཐོ་རིམ་ལས་བྱེད་ཁག་ཅིག་བཅས་ལ་ཐུག་འཕྲད་ཀྱིས་ཨ་རི་དང་རྒྱ་གར་རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་མཉམ་འབྲེལ་དང་། འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱ་ཕྱོགས། དེ་བཞིན་རྒྱ་གར་གྱི་རྡུལ་མཚོན་ལས་རིགས་བཅས་ཀྱི་ཐོག་གྲོས་མོལ་གནང་རྒྱུ་ཡིན་འདུག

དེ་སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས། ཕྱི་ཟླ་ ༡༡ ནང་ཨོ་བྷ་མ་རྒྱ་གར་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་རྒྱལ་དོན་འཚམ་གཟིགས་སུ་སྐྱོད་འཆར་ཡོད་པ་དེ་གཙོ་བོ་ཨེ་ཤ་ཡའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཡིན་ཚུལ་བརྗོད་ཀྱང་། ཨོ་བྷ་མ་རྒྱ་གར་དུ་མ་ཐོན་གོང་ཙམ་ལ་ཁོང་གི་གཏམ་བཤད་ཅིག་ཏུ། ད་ལྟའི་ཨ་རིའི་དཔལ་འབྱོར་གྱི་གནས་བབ་བསྐྱར་གསོ་བྱ་རྒྱུའི་ཆ་ཤས་ཤིག་ནི། རྒྱ་གར་ནང་ཨ་རིའི་ཚོང་རའི་སྟོབས་ཤུགས་ད་ལྟ་ལས་ལྡབ་འགྱུར་གྱི་རྒྱ་བསྐྱེད་བྱ་དགོས་སྐོར་དང་ ཉིས་སྟོང་ ༢༠༠༨ ལོར་མཚོན་ནཨ་རི་དང་རྒྱ་གར་བར་གྱི་ཚོང་ལས་ཁྲོམ་རའི་མ་དངུལ་ཐེར་འབུམ་ ༤༠ ཡས་མས་སུ་བསླེབས་ཡོད་ཀྱང་། ཡུ་རོབ་དང་རྒྱ་ནག་གཙོས་རྒྱལ་ཁབ་གཞན་དག་དང་ཨ་རིའི་བར་གྱི་ཚོང་ལས་ཁྲོམ་རའི་མ་དངུལ་དང་བསྡུར་ནད་དུངདེ་ཙམ་རྒྱ་བསྐྱེད་ཐུབ་མེད་ཚུལ་སོགས་བརྗོད་ཡོད།

 

རྒྱ་གར་ཕྱི་སྲིད་དྲུང་ཆེ་ནའེ་རོ་པ་མཱ Nirupama Rao ཡིས་ཐེངས་འདིའི་ཨོ་བྷ་མ་རྒྱ་གར་དུ་ཕེབས་སྐབསརྒྱ་ཁབ་གཉིས་ཀྱི་ཚོང་འབྲེལ་སྔར་ལས་དོན་འབྲས་ལྡན་པ་ཞིག་འབྱུང་ངེས་རེད། ཅེས་བརྗོད་འདུག ཨོ་བྷ་མ་སྲིད་གཞུང་གིས་ཐེངས་འདིའི་ཨོ་བྷ་མ་ཨེ་ཤ་ཡའི་ནང་སྐོར་བསྐྱོད་བྱ་སྐབས་དཔལ་འབྱོར་དང་རྒྱལ་སྲུང་བདེ་འཇགས། ཆབ་སྲིད་ཀྱི་གནད་དོན་སོགས་དོན་ཚན་ ༡༧ ནམ་ ༡༨ ཡོད་པ་ཁག་རིམ་བཞིན་ཁྱབ་བསྒྲགས་བྱ་ངེས་ཡིན་སྐོར་སོགས་བཀོད་འདུག

ཨོ་བྷ་མས་རྒྱ་གར་དང་ཧིན་རྡུ་ནི་ཤི་ཡ་བཅས་ཀྱི་གཟིགས་སྐོར་གྲུབ་རྗེས། ལྷོ་ཀོ་རི་ཡའི་རྒྱལ་ས་སེའོ་ Seoul དུ་སྟོབས་ཆེན་རྒྱལ་ཁག་ ༢༠ རྒྱལ་སྤྱིའི་དཔལ་འབྱོར་ཐད་ཚོགས་ཆེན་ཞིག་ཚོགས་འཆར་ཡོད་པའི་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་ཞིང་། མཐར་ཉི་ཧོ་དུ་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་གླེང་སྟེགས་ཞེས་པའི་ཚོགས་ཆེན་དུ་ཕེབས་འཆར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

9 thoughts on “ཨོ་བྷ་མ་རྒྱ་གར་དུ་གཟིཊ་སྐོར།

  1. རྡོ་རྗེ་ཚེ་རིང་།

    ད་ལྟའི་དུས་ལ་ཨོ་བྷ་མ་ཁོ་ཁྱི་བཞིན་རྒྱུག་ཀྱང་། ནུས་པ་དང་འཇོན་ཐང་ངོ་མ་འདི་ལས་ལྷག་པ་ཧ་ལམ་མེད། སྲིད་འཛིན་བགྲེས་པོ་རྣམས་ཀྱི་སྐུ་ལས་བཀྱོན་ནས་མངའ་ཐང་བརྒྱ་བསྐྱེད་པ་རྣམས་ཨོ་བྷ་མ་ཁྲི་ལ་འཁོད་ནས་ལོ་གཅིག་གཉིས་ནང་ཉམས་སོང་བ་རེད་ལ་གསར་ཞེན་དག་གི་རྨི་ལམ་ཡང་སྐད་ཅིག་ཡལ་སོང་བ་རེད།