མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མ་རྒྱ་གར་དུ་གཟིཊ་སྐོར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཕྱི་ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཐེངས་དང་པོར་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཀྱིན་ཡོད་པ་དང་། ད་ཐེངས་ཨོ་བྷ་མ་རྒྱ་གར་གྱི་སྲིད་བློན་གཙོས་པའི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་། ཚོང་དོན་ལས་རིགས་ཁག་གི་མི་སྣ། དེ་བཞིན་རྒྱ་གར་ནང་ཡོད་པའི་ཨ་རིའི་ཕྱི་སྡོད་མཐོ་རིམ་ལས་བྱེད་ཁག་ཅིག་བཅས་ལ་ཐུག་འཕྲད་ཀྱིས་ཨ་རི་དང་རྒྱ་གར་རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་མཉམ་འབྲེལ་དང་། འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱ་ཕྱོགས། དེ་བཞིན་རྒྱ་གར་གྱི་རྡུལ་མཚོན་ལས་རིགས་བཅས་ཀྱི་ཐོག་གྲོས་མོལ་གནང་རྒྱུ་ཡིན་འདུག

དེ་སྔོན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས། ཕྱི་ཟླ་ ༡༡ ནང་ཨོ་བྷ་མ་རྒྱ་གར་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་རྒྱལ་དོན་འཚམ་གཟིགས་སུ་སྐྱོད་འཆར་ཡོད་པ་དེ་གཙོ་བོ་ཨེ་ཤ་ཡའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཡིན་ཚུལ་བརྗོད་ཀྱང་། ཨོ་བྷ་མ་རྒྱ་གར་དུ་མ་ཐོན་གོང་ཙམ་ལ་ཁོང་གི་གཏམ་བཤད་ཅིག་ཏུ། ད་ལྟའི་ཨ་རིའི་དཔལ་འབྱོར་གྱི་གནས་བབ་བསྐྱར་གསོ་བྱ་རྒྱུའི་ཆ་ཤས་ཤིག་ནི། རྒྱ་གར་ནང་ཨ་རིའི་ཚོང་རའི་སྟོབས་ཤུགས་ད་ལྟ་ལས་ལྡབ་འགྱུར་གྱིས་རྒྱ་བསྐྱེད་བྱ་དགོས་སྐོར་དང་། ཉིས་སྟོང་ ༢༠༠༨ ལོར་མཚོན་ན། ཨ་རི་དང་རྒྱ་གར་བར་གྱི་ཚོང་ལས་ཁྲོམ་རའི་མ་དངུལ་ཐེར་འབུམ་ ༤༠ ཡས་མས་སུ་བསླེབས་ཡོད་ཀྱང་། ཡུ་རོབ་དང་རྒྱ་ནག་གཙོས་རྒྱལ་ཁབ་གཞན་དག་དང་ཨ་རིའི་བར་གྱི་ཚོང་ལས་ཁྲོམ་རའི་མ་དངུལ་དང་བསྡུར་ན། ད་དུང་དེ་ཙམ་རྒྱ་བསྐྱེད་ཐུབ་མེད་ཚུལ་སོགས་བརྗོད་ཡོད།

 

རྒྱ་གར་ཕྱི་སྲིད་དྲུང་ཆེ་ནའེ་རོ་པ་མཱ་ Nirupama Rao ཡིས་ཐེངས་འདིའི་ཨོ་བྷ་མ་རྒྱ་གར་དུ་ཕེབས་སྐབས། རྒྱ་ཁབ་གཉིས་ཀྱི་ཚོང་འབྲེལ་སྔར་ལས་དོན་འབྲས་ལྡན་པ་ཞིག་འབྱུང་ངེས་རེད། ཅེས་བརྗོད་འདུག ཨོ་བྷ་མ་སྲིད་གཞུང་གིས་ཐེངས་འདིའི་ཨོ་བྷ་མ་ཨེ་ཤ་ཡའི་ནང་སྐོར་བསྐྱོད་བྱ་སྐབས་དཔལ་འབྱོར་དང་རྒྱལ་སྲུང་བདེ་འཇགས། ཆབ་སྲིད་ཀྱི་གནད་དོན་སོགས་དོན་ཚན་ ༡༧ ནམ་ ༡༨ ཡོད་པ་ཁག་རིམ་བཞིན་ཁྱབ་བསྒྲགས་བྱ་ངེས་ཡིན་སྐོར་སོགས་བཀོད་འདུག

ཨོ་བྷ་མས་རྒྱ་གར་དང་ཧིན་རྡུ་ནི་ཤི་ཡ་བཅས་ཀྱི་གཟིགས་སྐོར་གྲུབ་རྗེས། ལྷོ་ཀོ་རི་ཡའི་རྒྱལ་ས་སེའོ་ Seoul དུ་སྟོབས་ཆེན་རྒྱལ་ཁག་ ༢༠ རྒྱལ་སྤྱིའི་དཔལ་འབྱོར་ཐད་ཚོགས་ཆེན་ཞིག་ཚོགས་འཆར་ཡོད་པའི་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་ཞིང་། མཐར་ཉི་ཧོང་དུ་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་གླེང་སྟེགས་ཞེས་པའི་ཚོགས་ཆེན་དུ་ཕེབས་འཆར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༢༢ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 9

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    ད་ལྟའི་དུས་ལ་ཨོ་བྷ་མ་ཁོ་ཁྱི་བཞིན་རྒྱུག་ཀྱང་། ནུས་པ་དང་འཇོན་ཐང་ངོ་མ་འདི་ལས་ལྷག་པ་ཧ་ལམ་མེད། སྲིད་འཛིན་བགྲེས་པོ་རྣམས་ཀྱི་སྐུ་ལས་བཀྱོན་ནས་མངའ་ཐང་བརྒྱ་བསྐྱེད་པ་རྣམས་ཨོ་བྷ་མ་ཁྲི་ལ་འཁོད་ནས་ལོ་གཅིག་གཉིས་ནང་ཉམས་སོང་བ་རེད་ལ་གསར་ཞེན་དག་གི་རྨི་ལམ་ཡང་སྐད་ཅིག་ཡལ་སོང་བ་རེད།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རེ་བ་བཟང་ས་དང་གྲ་བསྒྲིགས་སྡུག་ས་ནས་རྒྱོབས་ཞེས་པ་ལྟར་ང་ཚོས་མ་ལན་མ་འགྱོད་པ་བྱེད་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་རེད། དམིགས་ཡུལ་ཇི་བཞིན་སྒྲུབ་ཐུབ་དང་མི་ཐུབ་དེ་གནས་ཚུལ་ཁག་ཁག་རེད། གང་ལྟར་ཡིད་ཐང་ཆད་ནས་སྡོད་པ་ལས་རེ་བ་རྒྱབ་ན་བཟང་གི་མ་རེད་པས།

    Reply
  3. དྲང་སྲོང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། རང་གི་རྒྱལ་ཁབ་རང་གིས་འཛུགས་སྐྲུན་བྱེད་དགོས་མ་གཏོག་གཞན་སུ་ཞིག་གི་ཀྱང་འཛུགས་སྐྲུན་བྱེད་མི་སྲིད།
    ཉི་ཟླའི་མགྲོན་བདག་ཁྱོད་ཀྱི་ཐོག་མར་བོད་ཡིག་ཡག་པོ་ཞིག་སྦྱོངས་དང་དེ་ནས་མི་སྐད་ཆ་བཤད་ཐུབ།

    Reply
  4. རིགས་པ་སྨྲ་བ། says:
    ལོ་ 16 སྔོན།

    རྒྱ་གར་གྱི་དམངས་གཙོའི་རང་དབང་དང་རྒྱ་ནག་གི་དམག་དོན་སྟོབས་ཤུགས་གཉིས་ཀྱི་རྒྱལ་ཕམ་གྱི་དབྱེ་བའི་ཁྲོད་དུ་ཨ་རིའི་སྣ་འདྲེན་མའི་ཐེ་ཇུས་ཡང་བསླེབས་སོང་།

    Reply
  5. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 16 སྔོན།

    དྲ་གྲོགས་སེར་གཙང་འཇམ་དབྱངས་ལགས་ཁྱེད་ཀྱིས་བཤད་པ་ཕྱོགས་གཅིག་ནས་བཤད་ན་བདེན་པ་རེད་དེ་ཚང་མ་ལ་བདེན་ཁ་སྟེར་མི་ཐུབ།
    ཨོ་བྷ་མ་ལ་བོད་པའི་ཕར་ག་ཚོད་རེ་བ་དང་ཡིད་ཆེས་བྱས་ཡོད་ཁྱེད་ཀྱི་ཧ་གོ་ངེས་རེད།
    དེ་ཚོད་ཀྱི་བོད་པའི་རེ་བ་དང་ཡིད་ཆེས་ཚང་ན་བརླག་སོང་བ་ཁྱེད་ཀྱི་ཤེས་ཨེ་ཡོད།

    Reply
  6. སེར་གཙང་འཇམ་དབྱངས། says:
    ལོ་ 16 སྔོན།

    དྲ་གྲོགས་ཉི་ཟླའི་མགྲོན་བདག་ལགས་
    ཁྱེད་ཀྱིས་དྲ་གྲོགས་ཡོངས་ལ་བསམ་ཚུལ་གླིང་བར་བསྔགས་བརྗོད་ཡོད།
    རེད་དེ་ངྲ་གྲོགས་གཞན་ལ་རང་ཉིད་ཀྱི་བསམ་ཚུལ་གླིང་སྐབས་རྣམ་པར་མི་མཛེས་པའི་ཐ་སྙད་དག་བོད་སྤྱོད་བྱེད་སྟང་མི་ནོར་བ་ཤེས་གལ་ཆེ།།

    Reply
  7. ནུབ་ཕྱོགས་ཕོ་ཉ། says:
    ལོ་ 16 སྔོན།

    རེ་བ་དང་ཡིད་ཆེས་ཡོད་ཙང་་ ད་ལྟའི་དུས་སྐབས་སུ་བོད་པའི་གནད་དོན་
    འཛམ་བུ་གླིང་ལ་དར་རྒྱས་འགྲོ་བཞིན་པ་རེད་།

    Reply
  8. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    རེ་བ་དང་ཡིད་ཆེས་ངང་ནས་བོད་སྐྱོབས་དགོས་རེད་།

    Reply
  9. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    ཨོ་བྷ་མ་རྒྱ་གར་ཐེངས་ག་ཚོད་ཕེབས་ཀྱང་རེ་བ་དང་ཡིད་ཆེས་ཅུང་ཟད་ཀྱང་མེད།
    བོད་མི་རྨོངས་རྒན་ཚོ་སྔོན་ཨོ་བྷ་མ་རེ་བ་རྒྱག་མཁན་ཚོས་ད་རུང་མུ་མཐུད་དུ་རེ་བ་རྒྱོབ་དང་།ལྕག་པ་དང་གཅུན་པ་མ་གཏོགས་ལྷག་གི་མ་རེད།
    ཧ་ཧ་ཧ་་་་་་་་་་་་་་་ཧ་་་་་་་་་་་་་་་་་་་ཧ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese