ཨང་སིན་སུའུ་ཀེ་ལ་འཚམས་འདྲི།

 

ཁ་སང་ཕྱི་ཚེས་ ༡༥ ཉིན་ྋགོང་ས་མཆོག་གིས་ཉི་ཧོང་གི་མཛད་འཕྲིན་དང་སྟབས་བསྟུན་ཏེ། གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག་ལ། སྐབས་དེར་ཁོང་གིས་ཉེ་ཆར་འབར་མ་གཞུང་གིས་ལོ་ ༢༠ རིང་བཟང་བཙོན་དུ་བཅུག་པའི་ལྕམ་ཨང་སིན་སུའུ་ཀེ་ཀློད་གྲོལ་བཏང་བར་དགའ་བསུ་དང་འབྲེལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད། འཚམས་འཕྲིན་ནང་། ངོས་ཀྱིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མཆེད་གྲོགས་ཨང་སིན་སུའུ་ཀེ་ཀློད་གྲོལ་ཐོབ་པར་དགའ་བསུ་ཞུ་རྒྱུ་དང་། དེ་བཞིན་འབར་མའི་དམག་གི་སྲིད་གཞུང་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། ངོས་ནས་འབར་མའི་ནང་གི་དམངས་གཙོའི་ལས་འགུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱ་རྒྱུར་མ་ཟད། གོ་སྐབས་འདི་བཟུང་སྟེ་འཛམ་གླིང་ཁྱོན་ཡོངས་ཀྱི་རང་དབང་དང་ཞི་བདེར་དགའ་བའི་སྐྱེ་འགྲོ་ཀུན་ལ་འཚེ་མེད་ཞི་བའི་ལས་འགུལ་དེ་རིགས་ལ་རྒྱབ་སྐྱོར་ཡོང་བའི་སྐུལ་མ་བྱ་རྒྱུ་ཡིནརྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་བཙོན་དུ་བཅུག་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིག་ཞོ་པོ་དང་། གཞན་ཡང་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པའི་བཙོན་པ་རྣམས་ཀློད་གྲོལ་ཡོང་བར་ངོས་ཀྱིས་རེ་བ་དང་སྨོན་ལམ་རྒྱག་གི་ཡོད། ཅེས་བཀོད་འདུག

གསར་འགོད་པ། དོན་གོ

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply