ཨ་རིའི་དབུ་ཁྲིད་བཅུ།

 

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༢ ཉིན་བར་གྱི་ཉིན་གྲངས་གསུམ་རིང་ཨ་རིའི་ USA Today  ཞེས་པའི་གསར་འགྱུར་བརྒྱུད་ལམ་དང་  The Gallup Organisation  ཞེས་པའི་གསར་འགྱུར་བརྒྱུད་ལམ་གཉིས་ཀྱིས་ ༢༠༡༠ ལོའི་ཨ་རིའི་མི་མང་གི་དགའ་མོས་བྱེད་སའི་འཛམ་གླིང་གི་དབུ་ཁྲིད་གྲགས་ཅན་བཅུ་གདམ་གསེས་བྱེད་སའི་གླེང་སྟེགས་ཤིག་བཀོད་སྒྲིག་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༢ མཚན་གཞུང་གསལ་བསྒྲགས་བྱས་ཡོད་པ་རེད། ཐེངས་འདིའི་མཚན་གཞུང་བཅུའི་ཁྲོད་ཀྱི་ཨང་དང་པོ་དེ་ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་མཆོག་དང་ཡིན་འདུག་ལ། ཨང་བཅུ་བ་དེ་༸གོང་ས་མཆོག་ཡིན་འདུག
ཐེངས་འདིའི་འཛམ་ཨ་རིའི་མི་མང་གི་དགའ་མོས་བྱེད་སའི་མི་སྣ་བཅུ་གདམ་གསེས་ཀྱི་ལས་རིམ་ནང་། རང་ལོ་ ༡༨ ཡན་གྱི་མི་ ༡༠༡༩ ལྷག་མཉམ་ཞུགས་གནང་ཡོད་འདུག་ལ། དེ་ཡང་གཙོ་བོ་ཁ་པར་བརྒྱུད་ལམ་random-digital-dial sampling ཞེས་པའི་ཐོག་ཐད་ཀར་དྲི་བ་དྲིས་ལན་གྱི་ལམ་སྤེལ་ཡོད་འདུག

གསར་འགོད་པ་དོན་གོས་བསྡུ་སྒྲིག་བྱས།



བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

4 thoughts on “ཨ་རིའི་དབུ་ཁྲིད་བཅུ།

  1. གཅན་དཔལ་ལྡན།

    ཨོ་བྷ་མ་ཨང་དང་པོར་ཇི་ལྟར་བསླེབས་པ་རེད། ཨོ་རེད། ཨ་རིའི་རྒྱལ་ཁབ་ཀྱི་གཟི་བརྗིད་དེས་ཁོ་རང་ཡར་བསྐྱལ་བ་རེད། དེ་མིན་ཁོང་ཨ་རིའི་ནང་དུའང་ཤེས་མཁན་དཀོན་ཡིན་རྒྱུ་རེད།་ཁོང་ལ་བྱས་རྗེས་དེ་ཙམ་མེད། ཨང་དང་པོ་༧གོང་ས་མཆོག་ཡིན་དགོས་ངེས་ཤིག་རེད། མི་སྒེར་བ་ཞིག་གི་ངོས་ནས་བལྟས་ན། ད་ཆར་གོ་ལ་ཟླུམ་པོ་འདིའི་ཐོག་གོང་ས་མཆོག་ལས་ལྷག་པའི་འགྲོ་བ་མི་ཞིག་མེད་ཚོད་འདུག ངོ་མ་ཡིན། ལྷག་པར་དུ་ཁོང་གིས་ཐུགས་ལས་འཁྲུངས་པའི་༼ཆོས་ལུགས་དང་མ་འདྲེས་པའི་ཀུན་སྤྱོད་རིག་པ་༽དེ། སྟོན་པ་ཐུབ་པས་ཀྱང་གསུངས་ཡོད་མ་རེད། དེ་བཞིན། ༼འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་༽ཟེར་་བ་དེ་ཚོ་བློ་ཡུལ་ལས་ཤོང་མི་ཐུབ་པ་ཞིག་རེད། འདི་ཁོང་གི་གསར་གཏོད་ཀྱི་ཆ་དེ་རེད།

  2. གཟུ་གནས་བློ་ལྡན།

    ཁ་བྱང་དུ་< <ཨ་རིའི་དབུ་ཁྲིད་བཅུ།>> ནང་དོན་ལ་ < <འཛམ་གླིང་གི་དབུ་ཁྲིད་གྲགས་ཅན་བཅུ་>> དོན་ངོ་མ་ཅི་ཞིག་ཡིན་ནམ། ?