སློབ་འཇུག་གསལ་བསྒྲཊ།

སློབ་འཇུག་གསལ་བསྒྲགས།

 

༄༅།      །ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་བོད་རིགས་ཚོའི་ཕྲུ་གུ་སློབ་ལོ་སོན་པ་གྲངས་ ༥ ལ་ཕྱི་ལོ་ ༢༠༡༡ སློབ་དུས་ནས་ལོ་ལྟར་རྡ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་སློབ་འཇུག་ཆོག་པའི་བཀའ་འཁྲོལ་སྩལ་སྨིན་བྱུང་བ་གཞི་བཟུང་འདི་ལོ་ཕྱི་ཟླ་ ༣ ནང་སློབ་འཇུག་གནང་རྒྱུ་ཡིན་ན། སློབ་འཇུག་གི་དུས་ཚེས་དང་ཕྲུ་གུའི་ལོ་ཚད།ཟླ་རེའི་ཟས་གོས་གནས་མལ་གླ་དོད་སོགས་ཆ་རྐྱེན་ཚང་དགོས་པ་ཁག་གཤམ་གསལ་ལྟར་ཡིན་པས། ཕྲུ་གུ་སློབ་འཇུག་ཞུ་འདོད་ཡོད་པ་ཚོས་འབྲེལ་བ་ཞུ་ཡུལ་ཁ་བྱང་དང་སློབ་འཇུག་འགེངས་ཤོག་ཆེད་འདི་གའི་གློག་འཕྲིན་དྲྭ་བ་ཐོག་གནས་འབྲེལ་ཞུ་དགོས། དོ་བདག་ཕ་མ་སོ་སོས་གསལ་བརྡའི་འབྲུ་དོན་བཞིན་ཕྱག་བཞེས་གནང་ཕྱོགས་ཡོང་བའི་གསལ་བསྒྲགས་སུ།  སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༢ ལ།།

 

གཤམ་གསལ་དོན་གནད་ཁག་ལ་ཐུགས་སྣང་དགོས་པ།

ཨང༌།

སློབ་འཇུག་ཆ་རྐྱེན་ཚང་དགོས་པ་ཁག

 

ཕྲུ་གུའི་ལོ་ཚད་ཐད་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༡༥ ཉིན་རང་ལོ་ཧྲིལ་པོ་ ༦ ལོན་ཞིང༌། རང་ལོ་ ༨ མ་བརྒལ་བ་ཞིག་དགོས།

ཕྲུ་གུའི་སྐྱེས་ལོ་སྐྱེས་ཚེས་ལག་ཁྱེར་ངོ་བཤུས་སྟེང་སྐུ་ཚབ་དོན་གཅོད་ལས་ཁང་ནས་དག་མཆན་ཞུས་པ།

 

ས་གནས་གཞུང་གི་སྨན་ཁང་ནས་ཕྲུ་གུ་ལུས་ཁམས་བདེ་ཐང་ཡིན་པའི་ངོས་སྦྱོར་ངོ་མ

 

དོ་བདག་ཕ་མ་དང་ཕྲུ་གུ་བཅས་ནས་དྭང་བླང་དཔྱ་དངུལ་ཕྱི་ལོ་ ༢༠༡༠ བར་གཙང་འབུལ་ཟིན་པའི་ངོས་སྦྱོར་ངོ་མ

 

ཕྲུ་གུའི་ཕྱེད་པར་གསར་པ་ངོ་གྲངས་ ༢ རེ།

 

གཏན་འབེབས་སློབ་འཇུག་འགེངས་ཤོག་འཐུས་ཚང་བསྐངས་ཏེ་དགོས་མཁོའི་ཡིག་ཆ་ངོ་བཤུས་ཁག་འདེ་གའི་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༢ འགྱངས་མེད་ལས་འབུལ་ཞུ་དགོས། གོང་ཞུས་དུས་བཀག་གི་རྗེས་སུ་འབྱོར་བའི་འགེངས་ཤོག་གམ་འཐུས་ཚང་མེད་པ་རྣམས་ངོས་ལེན་བྱ་རྒྱུ་མིན་ཞིང་། སྦྲགས་བརྒྱུད་རྗེས་ལུས་སོང་བ་རྣམས་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་འགན་བབ་གང་ཡང་མེད་པས་དེ་དོན་ཡིད་འཇགས་ཞུ།

ཟས་གོས་གནས་མལ་གླ་དོད་ཕྲུག་རེ་ཟླ་རེ་ཧིན་སྒོར་ ༡༣༥༠༠༠ བརྩིས་ཟླ་གྲངས་ ༡༢ དངུལ་འབབ་འབུལ་དགོས།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply